སྐུ་བླ་རི་བོ།

རྩོམ་པ་པོ།   དུས་ཚོད།   2020-09-15   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་ཁང་།

         སྐུ་བླ་རི་བོ།

         སྐུ་བླ་རི་བོ་ནི་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་དང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཞི་ལུང་གྲོང་རྡལ་ཁོངས་སུ་གཏོགས། མདོ་དབུས་མཐོ་སྒང་གི་ཁྱུང་ལ་རི་བོའི་རྩ་རུ་ཆགས་ཡོད་པ་དང་། ཁྲེང་ཏུའུ་ནས་སྤྱི་ལེ220ཡོད། སྤྱི་ལོ1994ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་ཡུལ་ལྗོངས་གྲགས་ཅན་གྱི་གྲས་སུ་བཞག་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ450ཡོད། སྤྱི་ལོ2001ལོར། རྒྱལ་ཁབ་རིམ་པའི་ཡུལ་སྐོར་ཆུསAབཞི་ལ་བདམས་པ་རེད།  སྐུ་བླ་རི་བོའི་མཛེས་ལྗོངས་ནི་སྐུ་བླ་རི་བོའི་གཞི་བདག་དང་། རྭ་ནང་ལུང་བ། སྐུ་བླ་འོག། མཚོ་ཕུགས་ལུང་བ་བཅས“ལུང་ཤུར་གསུམ་དང་རི་གཅིག” བཅས་ལས་གྲུབ་པ་ཡིན།




རྩོམ་སྒྲིག་པ།  ཚེ་པེ།