སུ་ལའང་ཡིད་ཆེས་མི་བྱ།

རྩོམ་པ་པོ།   དུས་ཚོད།   2020-09-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གཉིད་མ་སད་དུ་སྔས་མགོ་བཀྱགས།

དེ་རིང་མི་འཆི་བར་ཐག་ཆོད་པར་འདྲ།

རང་བློར་ཡོད་པའི་ལས་ཀར།

ཉི་ཤར་ནས་ས་སྲོད་བཏང་ཞིང་།

ལྟོ་ཐུན་གསུམ་གྱིས་ཆོག་པར་བྱས།

ནངས་ཇར་སྐྱོ་མ་ཕོར་བ་གང་བལྡགས།

དེ་ཡི་དོད་དུ་སྐད་ཡིག་འབའ་ཞིག་བལྟས།

གུང་ཟས་ལ་འབྲས་དཀར་ཟོས་ན།

ཕྱི་དྲོར་རྩིས་རིག་སྦྱང་དགོས་སམ།

སྲོད་ལ་ངས་ག་རེ་བཟའ།

དེ་ནས་ཅི་ཞིག་བྱ།

ཅི་ཡང་མ་ལས་རྐང་དྲི་འཐུལ་ལེར།

ཤར་རྒྱག་མལ་དུ་འཛུལ་ནའང་།

འཆི་བ་ལ་སྔར་བཞིན་གོམ་གང་ཇེ་ཉེར་སོང་ཡོད།

ངས་སང་ཉིན་ཡང་། རང་ཉིད་ལ་ཡིད་ཆེས་ཀྱིས་ཉི་མ་བསྐྱལ་དགོས་སམ།

རྩོམ་སྒྲིག་པ།  ཚེ་པེ།