གཟི་རྩ་སྡེ་དགུ་རྫོང་གིས་ཁྲིམས་འཛིན་ལྟ་སྐུལ་ནན་པོ་བྱས་ནས་བྲུག་དུས་ཀྱི་སྤྱི་ཚོགས་སྒྲིག་རིམ་སྲུང་སྐྱོང་བྱས་པ།

རྩོམ་པ་པོ།   དུས་ཚོད།   2020-09-09   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            གཟི་རྩ་སྡེ་དགུ་རྫོང་དུ་བསྟུད་མར་ཆར་བ་ཆེན་པོ་བབས་ནས་རྫོང་ཁོངས་ཀྱི་ཆུ་བོ་གློ་བུར་དུ་རྒྱས་པས།ས་ཆ་མང་བོར་ཆུ་ལོག་དང་ཞོད་སྐྱོན་བྱུང་།རྫོང་དེས་གནོད་འགོག་གནོད་སེལ་ལས་ལྷག་པའི་བསམ་བློ་བརྟན་པོར་བཅངས་ནས་རིན་གོང་ཧམ་སྤར་དང་ཁྲོམ་ར་དཀྲུག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ཡོད།གཉེར་སྐྱོང་སྡེ་ཚན་ཁག་དང་ཨར་ལས་སྡེ་ཚན་གྱིས་སྒོ་ཀུན་ནས་རིམས་འགོག་བྱ་ཐབས་ལེགས་པོ་བསྒྲུབ་པར་སྐུལ་འདེད་བཏང་།འབྱུང་རྩ་ནས་ནད་དུག་མཆེད་པ་བཀག་འགོག་བྱས་ཏེ་ཚོགས་ཆུང་ཁག་བགོས་དང་ཁྱབ་ཁོངས་དབྱེ་ནས་ཁྲིམས་འཛིན་ལྟ་སྐུལ་ལས་དོན་སྤེལ་བས།མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་རིམ་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་སྲུང་ཏན་ཏིག་བྱས།

            བྲུག་འགོག་གནོད་སེལ་དངོས་ཟོག་དང་འཚོ་བའི་མཁོ་ཆས་སོགས་དམངས་འཚོའི་ཚོང་ཟོག་གལ་ཆེན་དང་ཞབས་ཞུའི་ཁྲོམ་རའི་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་འགན་ལེན་བྱས། རྫོང་དེས་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ཏེ་བྲུག་དུས་ཀྱི་ཁྲོམ་རའི་རིན་གོང་ལ་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་གཏིང་ཟབ་བྱས་པ་དང་། ཟོག་གོང་ཧམ་སྤར་དང་སྡོད་ཁང་ཁྱད་མཚར་གསོག་ཉར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དང་། ཚོང་གཉེར་བྱེད་མཁན་གྱིས་ལུགས་མཐུན་ངང་ཉོ་ཚོང་གི་ཧེ་བག་ལྟར་རིན་གོང་གཏན་འབེབས་བྱེད་པར་སྐུལ་འདེད་བཏང་། ཐེངས་འདིར་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་ནས་ཁྲིམས་འཛིན་མི་སྣ་མི་ཐེངས་20མངག་པ་དང་། ཁོངས་གཏོགས་ཁུལ་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་4དང་། ཞོར་ཟས་ཚོང་ཁང་དང་བཟའ་བཏུང་ཁང་35བཅས་ལ་ཞིབ་བཤེར་བྱས་པ་དང་། སྨན་རྫས་ཚོང་ཁང་བདུན་ལ་ཞིབ་བཤེར་བྱས། མིག་སྔར་རྫོང་དེའི་ཚོང་རར་རྒྱུན་ལྡན་གྱི་མཁོ་སྤྲོད་རྒྱུན་འཁྱོངས་ཐུབ་པ་དང་ཟོག་གོང་བརྟན་པོ་བྱུང་ཡོད།

རྩོམ་སྒྲིག་པ། གཡུ་འཛོམས།