རྔ་བ་རྫོང་གིས“སློབ་འགོ་ཚུགས་པའི་སློབ་ཚན་དང་བོ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད”ཅེས་པའི་བརྗོད་གཙོའི་སློབ་གསོའི་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-09-08   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          《སི་ཁྲོན་ཞིང་ཆེན་གྱི་2020ལོའི་སྟོན་དུས་སློབ་སྐབས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་བོ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད”ཅེས་པའི་བརྗོད་གཙོའི་སློབ་གསོའི་བྱེད་སྒོའི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་དང་།རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ལས་དོན་ཏན་ཏིག་གིས་བསྒྲུབ་པ། སློབ་གྲྭར་མེ་འགོག་མེ་གསོད་ཀྱི་ཤེས་བྱ་དྲིལ་སྒྲོག་བཅས་བྱ་ཆེད།ཉེ་ཆར།རྔ་བ་རྫོང་མཁོ་བསྟུན་དོ་དམ་ཅུས་དང་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་རྔ་བ་རྫོང་སློབ་ཆུང་དང་བོ་ནས་“སློབ་འགོ་ཚུགས་པའི་སློབ་ཚན་དང་བོ་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད”ཅེས་པའི་བརྗོད་གཙོའི་སློབ་གསོའི་བྱེད་སྒོ་སྤེལ།

          ཤེས་རྟོགས་བྱུང་བ་ལྟར་ན།བྱེད་སྒོ་དེས་རྫོང་ཡོངས་ཀྱི་དོན་དངོས་ལ་འབྲེལ་ནས་ཁྱིམ་ཚང་དང་། སློབ་གྲྭ རི་ཐང་སོགས་ཀྱི་མེ་སྐྱོན་སྔོན་འགོག་གི་ཞིབ་ཕྲའི་བླང་བྱ་དང་བྱེད་ཐབས་ངོ་སྤྲོད་བྱས་ཤིང་།མེ་སྐྱོན་བྱུང་དུས་ཀྱི་མྱུར་སྐྱོབ་བྱེད་ཐབས་སོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས།དུས་མཚུངས་སུ།འཛིན་གྲྭའི་ལོ་རིམ་མི་འདྲ་བར་ཁ་གཏད་ཀྱི་རང་བཞིན་ལྡན་པའི་དྲིལ་སྒྲོག་ལག་དེབ་དང་མེ་འགོག་ཤེས་བྱ་དཔར་ཡོད་པའི་དཔེ་ཁུག་སོགས་ལེགས་སྐྱེས་སུ་ཕུལ་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཤེས་བྱ་དྲིལ་སྒྲོག་བྱས།དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད།དགེ་སློབ་ཚོའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་ཕྱིན།

རྩོམ་སྒྲིག་པ། གཡུ་འཛོམས།