མི་ཚེའི་ཐོབ་ཆི་དང་པོ་ནས་ཡག་པོ་རྒྱོབ།

རྩོམ་པ་པོ།   དུས་ཚོད།   2020-09-03   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        སྤྱི་ཟླ་9པའི་ཚེས་1ཉིན། རྒྱལ་ཡོངས་ཀྱི་ས་ཆ་མང་པོའི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དངོས་སུ་སློབ་འགོ་ཚུགས་ཤིང་། ཡུན་རིང་མ་ཐུག་པའི་དགེ་རྒན་དང་སློབ་གྲོགས་ཚོ་མཉམ་འཛོམས་ཀྱིས་འཚར་ལོངས་ཀྱི་སྐས་རིམ་གསར་པར་འཛེགས་འགོ་ཚུགས་ཡོད།

       ལོ་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རེ་བ་ཡང་ཡིན། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཆེ་ཤོས་གནང་ཡུལ་ཞིག་རེད།  ལོ་རེའི་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་བྱམས་བརྩེའི་བཀའ་སློབ་གནང་བ་ནས་ཕྲུ་གུ་ཚོར་འཕྲིན་ལན་རེ་རེ་བསྐུར་བའི་བར་ནས།  ཁོང་གིས་ཐུགས་ཁུར་གཟབ་བཞེས་གནང་བ་དང་རེ་བ་ཆེན་པོ་བཅོལ་གནང་བ་མཚོན་གྱི་ཡོད། 

       ཞི་ཅིན་ཕིང་གིས་གཞོན་ནུ་ལོ་ཆུང་དུས་སྐབས་ཀྱི་རིན་ཐང་ལྟ་བ་འཛུགས་རྒྱུར་ཐུགས་ཁུར་ཆེན་པོ་གནང་བ་དང་། མི་ཚེའི་ཐོབ་ཆི་དང་པོ་དེ་ཡག་པོ་རྒྱོབ་ཅེས་གསུངས་གནང་བ་དང་། ཁོང་གིས་ཕྲུ་གུ་ཚོས་ཤེས་ཡོན་ལ་སྦྱང་བརྩོན་བྱེད་པ་དང་གཟུགས་པོར་སྦྱོང་བརྡར་ཡག་པོ་བྱེད་པ། བླ་ན་མེད་པའི་ཕུགས་བསམ་དང་རྒྱང་རིང་གི་ཕུགས་འདུན་ཆེན་པོ་བཅངས་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དུས་དང་རྣམ་པ་ཀུན་དུ་གྲ་སྒྲིག་བྱེད་དགོས་པའི་ཐུགས་རེ་གནང་ཡོད་པ་རེད། 

རྩོམ་སྒྲིག་པ། ཚེ་པེ།