གཅིན་སྙི་ཟ་ཁུའི་ནད་ཀྱི་ཟས་སྤྱོད་བསྟེན་སྟངས།

རྩོམ་པ་པོ།   དུས་ཚོད།   2020-09-01   རྩོམ་ཁུངས།    ཀྲུང་གོ་བོད་ལྗོངས་དྲ་བ།

    དེང་སྐབས་འཚོ་བའི་ཆུ་ཚད་གོང་མཐོར་སོང་བ་དང་འབྲེལ་ནས། མི་རྣམས་ཀྱི་འཚོ་བའི་ནང་ཟས་སྤྱོད་ཚུལ་མིན་དང་ལོག་པའི་རྐྱེན་གྱིས་གཅིན་སྙི་ཟ་ཁུའི་ནད་ཕོག་པའི་བསྡུར་ཚད་དེ། ལོ་རེ་བཞིན་མངོན་གསལ་དོད་པོས་མཐོ་རུ་སོང་ནས། གཅིན་སྙི་ཟ་ཁུའི་ནད་དེ་འཛམ་གླིང་ཐོག་འབྲས་སྐྲན་དང་། སྙིང་ཀླད་ཁྲག་རྩའི་ནད་ཕུད་པའི་མི་རྣམས་ཀྱི་བདེ་ཐང་ལ་ཐད་ཀར་གནོད་འཚེ་གཏོང་བའི་དལ་བའི་རང་བཞིན་གྱི་ནད་གཞི་ཨང་གསུམ་པར་བསླེབས་ཡོད།  ཐེངས་འདིའི་ལེ་ཚན་ནང་གང་འདྲ་ཞིག་ལ་གཅིན་སྙི་ཟ་ཁུའི་ནད་ཟེར་གི་ཡོད་པ་དང་། ནད་དེའི་ནད་རྟགས། ནད་དེའི་སློང་རྐྱེན་བཅས་ངོ་སྤྲོད་ཞུས་ཡོད། 

   བོད་རང་ལྗོངས་མང་ཚོགས་ཀྱི་ནད་རིམས་སྔོན་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད།  བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་དུ་བདེ་ཐང་སློབ་གསོའི་ཆེད་སྒྲིག་ལེ་ཚན་བདེ་ཐང་བོད་ལྗོངས་ཞེས་པ་གཉེར་པ་དང་། ལེ་ཚན་འདི་གཉེར་བའི་དམིགས་ཡུལ་ནི་ཏོག་གསར་གློ་ཚད་སྔོན་འགོག་བྱེད་ཐབས་སོགས་བདེ་ཐང་སྐོར་གྱི་ཤེས་བྱ་དང་བྱ་ཐབས་ཁག་ཁྱབ་གདལ་གཏོང་བ་དང་། སྤྱི་དམངས་ནི་སོ་སོའི་བདེ་ཐང་གི་འགན་འཁུར་མཁན་གཙོ་བོ་དེ་ཡིན་པའི་ལྟ་བ་འཛུགས་པ། མི་རྣམས་ཀྱིས་རང་འགུལ་གྱིས་ལུས་ཁམས་བདེ་ཐང་ལ་ཕན་པའི་སྤྱོད་ལམ་བསྟེན་པ་བཅས་དམངས་ཡོངས་ཀྱི་གཟུགས་པོ་བདེ་ཞིང་ཐང་བར་ཡོང་བའི་ཆེད་དུ་ཡིན། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།