མཛོད་དགེ་རྫོང་གིས་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུའི་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-08-31   རྩོམ་ཁུངས།    མཛོད་དགེ་རྫོང་རྒྱང་སྒྲོག་ཁང་།

 རྔ་བའི་གསར་འགྱུར་དྲ་བའི་འཕྲིན།སྔར་ལས་ཞིང་བ་ལས་བཟོ་བའི་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཆེར་གཏོང་ཕྱིར། ཉེ་ཆར། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་སྤྱི་ཁྱབ་བཟོ་ཚོགས་དང་ཞིང་བ་ལས་བཟོ་བའི་ཞབས་ཞུ་ལྟེ་གནས་དང་མཉམ་འབྲེལ་སྒོས་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཟ་ཁང་འཛུགས་སྐྲུན་གྱི་ཡུལ་དངོས་ནས། ཞིང་བ་ལས་བཟོ་བའི་ཁྲིམས་སྐྱོང་འདུ་ཤེས་ཆེར་བཏང་སྟེ་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་ཅེས་པའི་སྤྱི་ཕན་བཅའ་ཁྲིམས་ཞབས་ཞུའི་བྱེད་སྒོ་སྤེལ།

        བྱེད་སྒོར་འབྲེལ་ཡོད་སྡེ་ཁག་སོ་སོས་རང་ངོས་ཀྱི་ལས་འགན་དང་འབྲེལ་ཏེ། ལས་ཞུགས་ལས་གཏོད་སྲིད་ཇུས་དང་ངལ་རྩོལ་གན་རྒྱ། བདེ་འཇགས་ཐོན་སྐྱེད། ཞིང་བ་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་སོགས་ལ་དམིགས་ནས། ཡུལ་དངོས་ནས་ཞིང་བ་ལས་བཟོ་བ་རྣམས་ལ་ཁྲིམས་སྐྱོང་དྲིལ་སྒྲོག་བྱས།ལྷག་ཏུ་བདེ་འཇགས་ཀྱི་གལ་ཆེན་རང་བཞིན་དང་ཞིང་བ་ལས་བཟོ་བའི་གླ་ཕོགས་འགོར་འགྱངས་གནད་དོན་སོགས་ཐག་གཅོད་བྱེད་པའི་བཅའ་ཁྲིམས་ཐབས་ལམ་ནན་བཤད་གནང་།

        མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ལས་རྫོང་ཁྲིམས་འཛིན་ཅུས་སོགས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་འོག ཆེད་དུ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཟ་ཁང་འཛུགས་སྐྲུན་གྱི་ཡུལ་དངོས་སུ་བསྐྱོད་དེ། ཞིང་བ་ལས་བཟོ་བར་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ།དེའི་དམིགས་ཡུལ་ནི་ཞིང་བ་ལས་བཟོ་བར་གཞི་རྩའི་ཁེ་དབང་གནས་ཚུལ་རྒྱུས་ལོན་བྱེད་དུ་འཇུག་ཅིང་།ཇི་ལྟར་བཅའ་ཁྲིམས་སྤྱད་དེ་རང་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཚུལ་རྟོགས་སུ་བཅུག་སྟེ། མཛོད་དགེའི་འཆམ་མཐུན་དང་བརྟན་བརླིང་ལ་སྐུལ་འདེད་བྱེད་རྒྱུ་དེ་ཡིན།

       ཡུལ་དངོས་སུ་བཅའ་ཁྲིམས་ཞབས་ཞུ་བས་བཅའ་ཁྲིམས་ཀློག་དེབ་དང་ལས་ཞུགས་ལས་གཏོད་ཞབས་ཞུའི་མཛུབ་སྟོན་ཡི་གེ། བཅའ་ཁྲིམས་རོགས་སྐྱོར་མཛུབ་སྟོན་ཡི་གེ་སོགས་བཀྲམ་པས། དྲིལ་སྒྲོག་སློབ་གསོའི་ཕན་འབྲས་གང་ལེགས་བྱུང་།བྱེད་སྒོར་ཞུགས་པའི་ཞིང་བ་ལས་བཟོ་བས་འདི་འདྲའི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བྱེད་སྒོས།ཁོ་ཚོའི་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཆེར་བཏང་སྟེ།སྔར་ལས་བཅའ་ཁྲིམས་ཀྱི་འགྲོ་སྲོལ་ལྟར་བཅའ་ཁྲིམས་སྤྱད་དེ་ཐོན་སྐྱེད་འཚོ་བའི་ཁྲོད་ཀྱི་གནད་དོན་ཐག་གཅོད་པར་ཁྲིད་སྟོན་གང་ལེགས་གནང་བར་མ་ཟད། ཁྲིམས་སྐྱོང་ངང་ཚུལ་གངས་ལེགས་བསྐྲུན་ཡོད་པའི་ཚུལ་བསྟན།

        སི་ཁྲོན་ཧྭ་དབྱི་འཛུགས་སྐྲུན་ལས་གཞི་ཚད་ཡོད་ཀུང་སིའི་འགན་འཁུར་བ། ཁྲེན་ཧྲའོ་ཕེ།  ངེད་ཀུང་སིས་མཛོད་དགེ་རྫོང་བཅའ་སྡོད་སློབ་ཆུང་གི་ཟ་ཁང་འཛུགས་སྐྲུན་ལས་འགན་ཁུར་ཡོད། ཞིང་བ་ལས་བཟོ་བ་ཚང་མ་ཨར་ལས་ཀྱི་ཡུལ་དངོས་སུ་ཞུགས་སྐབས་ངལ་རྩོལ་གན་རྒྱ་བཞག་སྟེ། ཞིང་བ་ལས་བཟོ་བའི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱས་ཡོད།ངེད་ཀུང་སིས་ཞིང་བ་ལས་བཟོ་བའི་གླ་ཕོགས་འགྱོར་འགྱངས་གཏན་ནས་མི་བྱེད་པར།ཟླ་རེར་དུས་ལྟར་གླ་ཕོགས་གཏོང་སྤྲོད་གནང་ཡོད།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།