ཡིད་ཀྱི་ཤོག་བྱ།

རྩོམ་པ་པོ།   དུས་ཚོད།   2020-08-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


           སྒྱུ་འཕྲུལ་འོད་ལམ་གསལ་བའི་ཤོག་ངོ་རུ།།  སྣ་ཚོགས་གཟུགས་ཀྱི་སྒྱུ་རྩལ་ལྡེམ་པ་ཡིས།།རྣམ་རྟོག་གར་གྱི་ལྟད་མོ་རྒྱུ་བའི་ཡིད།  །དུས་གསུམ་སྒེག་མོ་བཞད་པའི་ཚལ་དུ་མངའ།།ནོར་འཛིན་རྒྱན་གོས་དུས་བཞིའི་མཛེས་ཆས་ཀྱིས།།  འདོད་ཡོན་ཁམས་ཀྱི་སྟོན་མོ་བཀྲམ་པའི་གཟུགས།  །ཡིད་འོང་ཕྱོགས་སུ་སྡོམ་པའི་འཕྲུལ་གྱི་ལམ།  །བརྙན་རིས་བཀྲ་ཤིས་དགུ་རྩེག་དཔལ་དུ་བཀྲ།།དུས་རབས་རྟ་རྒོད་ཆས་པའི་ལམ་ཤུལ་ནས།།  གོམ་འགྲོས་སྲིད་པའི་ཉམས་འགྱུར་ཕྱིར་གསལ་བའི།།  རྗེས་རབས་གཟིཊ་མོར་བརྙན་རིས་འདས་པའི་གདོང་།།  མ་ཉམས་ཝ་ལེར་སྟོན་པ་ཨེ་མ་སྨད།།ན་མཉམ་གྲོགས་དང་འགྲོགས་པའི་གར་སྟེགས་ནས།  །རིགས་མཐུན་དགའ་བའི་ལམ་ཀྱི་གོམ་སྟབས་ཤིག ། བགྲང་བྱ་གཅིག་གི་འབད་པའི་གྲུབ་པའི་འབྲས།།དུས་འདིར་གཟིགས་མོར་བཤམ་པ་དགའ་བའི་བསུ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།