རྔ་བ་རྫོང་གིས་དེང་རབས་ཞིང་ལས་གླིང་མགྱོགས་མྱུར་གྱིས་བསྐྲུན།

རྩོམ་པ་པོ།   དུས་ཚོད།   2020-08-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་གིས་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་སུ་བཏང་ཞིང་། དེང་རབས་ཞིང་ལས་གླིང་གི་འདེབས་འཛུགས་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་མཐོ་སྒང་གི་ནས་ནག་དང་། མཐོ་སྒང་གི་ཞོག་ཁོག མཐོ་སྒང་གི་དྲོད་ཚད་དམའ་འབྲིང་གི་ཤ་མོ་སོགས་ཁྱད་ལྡན་ཐོན་ལས་ཚད་ལྡན་ཅན་གྱི་རྟེན་གཞི་བསྐྲུན་ཡོད།

        ད་ལོར། རྫོང་དེས་པད་ཁ་མུའུ་15000དང་། ཞོག་ཁོག་མུའུ་9000། ནས་ནག་མུའུ་22000། སྲན་མ་མུའུ་20000། སྔོ་ཚལ་མུའུ་700། དྲོད་ཚད་དམའ་འབྲིང་གི་ཤ་མོ་མུའུ་300བཅས་བཏབ་ཡོད་པ་དང་། འབྲོག་ཁུལ་གྱི་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། རྩྭ་ལས་ཐོན་ལས་གླིང་གི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ནས་མིས་བཟོས་རྩྭ་མུའུ་2000དང་གཟན་རྩྭ་མུའུ་3300བཏབ་ཡོད་ལ། གཟན་རྩྭ་སྔོ་བསྙལ་ཐོན་སྐྱེད་བྱེད་ས་1བསྐྲུན་ཡོད། དེ་དང་ཆབས་ཅིག་རྫོང་དེས་ནས་ནག་ཐོན་ལས་གླིང་དེ་ཞིང་ཆེན་རིམ་པའི་ནོར་སྲིད་དེང་རབས་ཞིང་ལས་འཕེལ་རྒྱས་རྣམ་གྲངས་ཀྱི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་གླིང་གི་སྐྱེད་སྲིང་གི་མིང་ཐོར་བཅུག་ཡོད་དོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།