རང་ཁུལ་གྱིས་གཙོ་གནད་རྣམ་གྲངས་75བསྐྱར་དུ་ལས་མགོ་བཟུང་།

རྩོམ་པ་པོ།   དུས་ཚོད།   2020-08-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། སྨྱུག་འཛིན་པས་ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ནས་རྒྱུས་ལོན་པ་ལྟར་ན། དུས་སྐབས་བར་མར་ལེགས་སྒྲིག་བྱས་རྗེས། རང་ཁུལ་གྱིས་2020ལོར་གཙོ་གནད་རྣམ་གྲངས་75ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2588བཏང་བ། ལོ་འཁོར་གྱི་འཆར་གཞིར་མ་དངུལ་སྒོར་དུང་ཕྱུར་265.55བཏང་ཡོད། ཟླ་7པའི་ཟླ་མཇུག་བར། ཞིང་ཆེན་དང་ཁུལ་75ཡི་གཙོ་གནད་རྣམ་གྲངས་72བསྐྱར་སྐྲུན་བྱེད་མགོ་བཟུང་ནས་མ་དངུལ་སྒོར་དུང་ཕྱུར་133.37བཏང་ཡོད། ལོ་འཁོར་གྱི་མ་འཇོག་འགྲུབ་ཚད་བརྒྱ་ཆ་50.2ཟིན།

         ངོ་སྤྲད་པ་ལྟར་ན། མཐུད་སྐྲུན་རྣམ་གྲངས་53ཚང་མ་ལས་མགོ་བསྐྱར་དུ་ཚུགས་ཤིང་། མ་དངུལ་སྒོར་དུང་ཕྱུར་115.45བཏང་ནས་ལོ་འཁོར་གྱི་མ་འཇོག་འགྲུབ་ཚད་བརྒྱ་ཆ་54.6ཟིན། གསར་དུ་ལས་མགོ་ཚུགས་པའི་རྣམ་གྲངས་ཁག་22ལས་མགོ་བརྩམས་ཡོད། ལས་མགོ་འཛུགས་ཚད་བརྒྱ་ཆ་86.4ཟིན་ལ། མ་དངུལ་སྒོར་དུང་ཕྱུར་17.92བཏང་བ་དང་ལོ་འཁོར་གྱི་མ་འཇོག་འགྲུབ་ཚད་བརྒྱ་ཆ་33.2ཟིན། དེའི་ནང་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་35བསྐྱར་དུ་ལས་མགོ་ཚུགས་ཡོད། མ་དངུལ་སྒོར་དུང་ཕྱུར་83.58བཏང་ནས་ལོ་འཁོར་གྱི་མ་འཇོག་ལེགས་གྲུབ་ཐུབ་ཚད་བརྒྱ་ཆ་48.1ཟིན། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གྲངས་གལ་ཆེན་27ཚང་མ་ལས་མགོ་བསྐྱར་ཚུགས་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་42.3བཏང་ནས་ལོ་འཁོར་གྱི་མ་འཇོག་འགྲུབ་ཚད་བརྒྱ་ཆ་54.2ཟིན། དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་གི་རྣམ་གྲངས་གལ་ཆེན་7བསྐྱར་དུ་ལས་མགོ་ཚུགས་ཡོད། མ་དངུལ་སྒོར་དུང་ཕྱུར་2.44བཏང་ནས་ལོ་འཁོར་གྱི་མ་འཇོག་འགྲུབ་ཚད་བརྒྱ་ཆ་52.9ཟིན། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་གྱི་ལས་གཞི་གལ་ཆེན་6ཚང་མ་ལས་མགོ་བརྩམས་ཡོད། མ་དངུལ་སྒོར་དུང་ཕྱུར་5.05བཏང་ནས་ལོ་འཁོར་གྱི་མ་འཇོག་འགྲུབ་ཚད་བརྒྱ་ཆ་55.9ཟིན། ལས་མཇུག་འགྲིལ་བའི་རྣམ་གྲངས་1ནི་ཏེ་དབྱང་ནས་རྔ་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་ཐོན་ལས་གླིང་གི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཡིན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།