ཕ་མེས་ཀྱི་ཤུལ་བཞག་ནོར་བུ། རྨེ་བའི་སྐོར་བྲོ།

རྩོམ་པ་པོ།   དུས་ཚོད།   2020-08-13   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་བརྙན་འཕྲིན་ཁང་།

      ལོ་རྒྱུས་ཀྱི་གོད་ཆག་སྣ་ཚོགས་དང་དུས་འགྱུར་གྱི་རྐྱེན་དབང་དུ་མ་ཞིག་གིས་དབལ་ཤུལ་རྨེ་བའི་སྐོར་བྲོ་འདི་ཡང་མིང་གི་ལྷག་རོ་འབའ་ཞིག་ཏུ་གྱུར་བ་རེད། ཡིན་ན་ཡང་དབལ་ཤུལ་རྨེ་བའི་སྐོར་བྲོ་འདི་ཡང་ཕ་ངོ་བུ་ངོ་འཕྲོད་ཅིང་། བུ་ངོར་ཉི་མ་ཤར་ནས་སླར་ཡང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་གཏོང་བའི་སྐལ་བཟང་ཤར་བས། ཕ་མེས་ནས་བརྒྱུད་པའི་རིག་གནས་རྩ་ཆེན་འདི་བརྒྱུད་འཛིན་དང་མྱུར་སྐྱོབ་བྱེད་པ་ལ་རྔོ་ཅུང་ཟད་ཨེ་ཐོགས་བསམ་ནས། ཧུང་ཡོན་རྫོང་གི་ལས་འཁྱུར་ངལ་གསོ་གནང་ཡོད་པའི་ལས་བྱེད་རྒན་པ་རྣམས་ཀྱིས་རྨེ་བྲོའི་ཚོགས་པ་ཞིག་རྩ་འཛུགས་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་སྐོར་བྲོ་འདི་ཉིད་ཡུན་ནས་ཡུན་དུ་གནས་པ་དང་འཕེལ་རྒྱས་འགྲོ་བར་འབད་པ་ལྷུར་ལེན་བྱེད་བཞིན་མཆིས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།