མའོ་རྫོང་གི་ལིའི་རིག་གནས་དུས་ཆེན་ཟླ་8ཚེས་15ཉིན་མགོ་བརྩམ་རྒྱུ་རེད།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-07-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཟླ་7ཚེས་24ཉིན། གསར་འགོད་པས་ཁྲེང་ཏུའུ་རུ་འཚོགས་པའི་སྟོང་ལོའི་སིལ་ཏོག་གི་དྲི་ཞིམ།མའོ་རྫོང་ལུང་གཞུང་དུ་ཁྱབ་ཡོད། ཅེས་པའི་2020ལོའི་སྐབས་གསུམ་པའི་མའོ་རྫོང་གི་ལིའི་རིག་གནས་དུས་ཆེན་དང་ཁྲི་པུའུ་སུའུ་ཡི་ཁྱད་ལྡན་སིལ་འབྲས་འཐོག་པའི་དུས་ཆེན་གྱི་སྨྱན་བྱད་འོས་སྦྱོར་ཚོགས་འདུ་ལས་ཤེས་རྟོགས་བྱུང་བ་ལྟར་ན།མའོ་རྫོང་ལིའི་རིག་གནས་དུས་ཆེན་དེ་ཟླ་8ཚེས་15ཉིན་མགོ་བརྩམ་རྒྱུ་རེད།

           ད་ཐེངས་ཀྱི་རིག་རྩལ་དུས་ཆེན་རིང་།གཙོ་གཉེར་ཕྱོགས་ཀྱིས་སིལ་ཏོག་སཱ་ལང་སྨན་ཆུང་ཞེས་པའི་དྲྭ་ཐོག་ནས་ལི་དང་འཛིན་བྱང་སྤྲོད་པའི་བྱེད་སྒོ་སྤེལ་རྒྱུ་རེད།གཞོན་སྐྱེས་བུད་མེད་དྲྭ་གྲོགས་ཀྱིས་མིང་ཐོ་བཀོད་ནས་ལི་དང་འཛིན་བྱང་སྤྲོད་པའི་སཱ་ལང་སྨན་ཆུང་གི་འགན་འཁུར་ཆོག་པ་དང་།དྲྭ་གྲོགས་གཞན་དག་ལི་དང་འཛིན་བྱང་སྤྲོད་པའི་སཱ་ལང་སྨན་ཆུང་གི་འདེམས་ཤོག་སྤྲད་པའི་སྐད་འཕྲིན་ཚོགས་པར་ཞུགས་ཆོག་ལ།མའོ་རྫོང་གི་ལི་རྒྱ་མ་3000དང་མའོ་རྫོང་ལྗོངས་ཁུལ་གྱི་འཛིན་བྱང་1500རིན་མི་དགོས་པར་སྟེར་རྒྱུ་རེད།

           ཤེས་རྟོགས་བྱུང་བར་གཞིགས་ན། གཙོ་གཉེར་ཕྱོགས་ཀྱིས་ཟླ་7ཚེས་24ཉིན་ནས་ཚེས་31ཉིན་བར་སཱ་ལང་སྨན་ཆུང་གི་མིང་ཐོ་འགོད་མགོ་ཚུགས། ལོ་ན་18ནས་35བར་གྱི་གསར་མོ་ཚང་མའི་མིང་ཐོ་འགོད་ཆོག བདམས་ཐོན་བྱུང་བའི་སཱ་ལང་སྨན་ཆུང་ལ་དམིགས་བསལ་ལེགས་སྐྱེས་ཀྱི་རྗེས་དྲན་ལག་ཁྱེར་དང་མའོ་རྫོང་ལྗོངས་ཁུལ་གྱི་འཛིན་བྱང་།མའོ་རྫོང་ལིའི་དྲིན་ཚོར་ལེགས་སྐྱེས་བཅས་སྤྲོད་རྒྱུ་དང་། ཐེངས་འདིའི་འབུལ་རྟེན་འཛིན་ཤོག་སྤྲོད་པའི་བྱེད་སྒོ་དེ་ཟླ་8ཚེས་15ཉིན་ནས་ཟླ་9ཚེས་8ཉིན་བར་སྤེལ་རྒྱུ་རེད་ལ། སཱ་ལང་སྨན་ཆུང་གིས་དྲྭ་ཐོག་དང་ཡུལ་དངོས་སུ་མའོ་རྫོང་ལི་རྒྱ་མ་3000ལས་མི་ཉུང་བ་དང་ལྗོངས་ཁུལ་གྱི་འཛིན་བྱང་ཁྱོན་1500 ཞལ་འདེབས་སུ་འབུལ་སྤྲོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།