ཁུལ་དམངས་འཐུས་ཀྱིས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངསདགུ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཚ་རླབས་བསླངས།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-07-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་7ཚེས་28ཉིན། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གིས་ཏང་ཙུའུ་ཡི་གྲོས་ཚོགས་འཚོགས་ཤིང་། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་དང་། ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་རྫོང་དང་ཁྲུའུ་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱི་དཔེ་ཀློག་འཛིན་གྲྭའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བྱས། ཚོགས་འདུ་ལས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་ལས་དོན་སྙན་ཞུ་དང་། 《ཀྲུང་གུང་རྔ་བ་ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བཅོས་སྒྲིག་བྱེད་པའི་སྐོར་གྱི་གཏན་འབེབས།》དང་། 《རྔ་བ་ཁུལ་གྱི་གཞི་རིམ་དུ་བསྐྱོད་དེ་འབྲེལ་འདྲིས་གཉིས་དང་སྒྲོག་པ་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་པའི་བྱ་ཐབས།》། 《ཀྲུང་གོ་གུང་ཁྲན་ཏང་རྔ་བ་ཁུལ་སྐབས་བཅུ་གཅིག་པའི་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་སྤྱི་བསྒྲགས།》དང་ལིའུ་ཕིང་གིས་དཔེ་ཀློག་འཛིན་གྲྭའི་ཐོག་གནང་བའི་ཆེད་དོན་ཟུར་ཁྲིད་སྙན་ཞུ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བླང་བྱ་ཁག་ལྔ་གཞིར་བཟུང་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ལེགས་པོ་བྱས་ཏེ་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་བསླང་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།