ཁུལ་ཨུའི་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   དུས་ཚོད།   2020-07-31   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཁུལ་ཨུའི་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཡང་བསྐྱར་《སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དོན་ཚན་བརྒྱད།》གཅིག་སྡུད་ཀྱིས་སློབ་སྦྱོང་བྱས་ཤིང་། འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཀུན་ལ་ཁྱབ་པའི་ལས་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་ཤིང་གསུང་བཤད་གནང་ལ། ཁོང་གིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་ལེགས་སྐྱོང་བྱ་རྒྱུ་ནི་གནད་སྒྲོལ་དམག་འཐབ་ཅིག་ཡིན་ལ་རྒྱུན་སྲིང་དམག་འཐབ་ཅིག་ཀྱང་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། ངོས་འཛིན་སྔར་བས་མཐོར་འདེགས་དང་བསམ་བློ་གཅིག་གྱུར། སྙིང་སྟོབས་ཆེར་སྐྱེད་དང་། སྔར་བས་མངོན་གསལ་གྱི་རྣམ་འགྱུར་དང་སྔར་བས་དངོས་དོན་གཉེར་བའི་སྤྱོད་ཚུལ་གྱིས་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སྒྱུར། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་ཏན་ཏིག་དང་། ཏང་སྲོལ་བཟང་བོར་བརྟེན་ནས་ཏང་སེམས་དང་དམངས་སེམས་གཅིག་ཏུ་སྒྲིལ་བ། སྲིད་སྲོལ་དམངས་སྲོལ་ལ་སྐུལ་ཁྲིད་དང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། སི་ཁྲོན་སྐྱོང་སྤེལ་ཡང་སྐས་རིམ་གསར་བ་ཞིག་ཏུ་བསླེབ་རྒྱུར་བྱས་རྗེས་དབུལ་དགོས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།