གཏམ་བཟང་། གུང་གསེང་གི་སྲིད་ཇུས་གསར་པ་ཞིག་སླེབས་འདུག

རྩོམ་པ་པོ།   དུས་ཚོད།   2020-07-29   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        མི་བཀོལ་མཁན་སྡེ་ཚན་གྱིས་ལས་བཟོ་པའི་ཕོགས་ལྡན་གུང་གསེང་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་། མ་མཐའ་ཡང་བཟོ་ཚོགས་ཀྱི་གྲོན་དངུལ་གྱི་2020%ལས་བཟོ་པའི་བདེ་ཐང་གི་ཆེད་དུ་སྤྱོད་དགོས་ལ། ལས་དུས་ནང་ལུས་རྩལ་སྦྱོང་བརྡར་བྱེད་པའི་ལམ་ལུགས་ལག་ལེན་བསྟར་དགོས། ཉེ་ཆར་《ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་གྱི་བདེ་ཐང་སྲོལ་ཡིག་(བསམ་འཆར་བསྡུ་ལེན་མ་ཟིན་)》(གཤམ་དུ་བསྡུས་མིང་ལ་《མ་ཟིན་》ཞེས་འབོད་རྒྱུ་)ཁྱབ་བསྒྲགས་བྱས་ནས་སྤྱི་ཚོགས་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་ལ། དེའི་ནང་ལས་བཟོའི་བདེ་ཐང་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་མང་པོ་བཏོན་ཡོད་དེ།

01ལས་དུས་འཕར་མ་དང་ལེན་མི་བྱེད་པ་དང་བཙན་ཤེད་ཀྱིས་གུང་སེང་གཏོང་བའི་ལམ་ལུགས་བཏོན་པ། 

       ● 《མ་ཟིན་》གྱི་དོན་ཚན་རེ་དྲུག་པའི་ནང་། བཙན་ཤེད་ཀྱིས་གུང་གསེང་གཏོང་བའི་ལམ་ལུགས་བཏོན་པ་དང་། མི་བཀོལ་མཁན་སྡེ་ཚན་གྱིས་ལས་བཟོ་བའི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་ཏེ། ཀླད་ཤུགས་དང་ལུས་ཤུགས་ངལ་རྩོལ་གྱི་ཁུར་པོ་ཅུང་ལྕི་བའི་ལས་བཟོ་པར། རེས་མོས་ངལ་གསོའི་ལམ་ལུགས་ལག་ལེན་བསྟར་ནས་ལས་བཟོ་པར་ལུས་སེམས་ཀྱི་བདེ་ཐང་སྲུང་དགོས་ཚུལ་བཏོན། 

       ● དུས་མཚུངས་སུ། མི་བཀོལ་མཁན་སྡེ་ཚན་གྱིས་ལས་བཟོ་པའི་ཕོགས་ལྡན་གུང་གསེང་ལམ་ལུགས་ལག་བསྟར་ནན་པོ་བྱ་དགོས་པ་དང་། མི་ཤུགས་ཐོན་ཁུངས་འགན་སྲུང་སྡེ་ཁག་དང་བཟོ་ཚོགས་སོགས་རྩ་འཛུགས་ཀྱིས་མི་བཀོལ་མཁན་སྡེ་ཚན་གྱིས་ལམ་ལུགས་དོན་འཁྱོལ་བྱེད་པར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས།

02བཟོ་ཚོགས་ཀྱི་གྲོན་དངུལ་གྱི་20%མ་མཐའ་ཡང་ལས་བཟོ་པའི་བདེ་ཐང་ཐད་སྤྱོད་དགོས། 

       ● མི་བཀོལ་མཁན་སྡེ་ཚན་གྱིས་དུས་བཅད་ལྟར་ལས་བཟོ་བའི་ལུས་ཕུང་བདེ་ཐང་ལ་བརྟག་བཤེར་བྱེད་དགོས་པ་དང་། དེའི་ བཟོ་ཚོགས་ཀྱི་གྲོན་དངུལ་གྱི་20%མ་མཐའ་ཡང་ལས་བཟོ་པའི་བདེ་ཐང་དོ་དམ་ཐད་སྤྱོད་དགོས། 

       ● མི་བཀོལ་མཁན་སྡེ་ཚན་གྱིས་ལུས་དྲོད་ཚད་ལེན་དཔྱད་ཆས་དང་། ལུས་སྦྱོང་ཁང་། མྱུར་སྐྱོབ་སྨན་ཆས་སོགས་སྐོར་གྱི་སྒྲིག་ཆས་ཆ་ཚང་སྒྲིག་འགོད་བྱེད་པ་མ་ཟད། སེམས་ཁམས་བློ་འདྲི་ཁང་འཛུགས་སོགས་ལས་བཟོ་པར་ལུས་སེམས་བདེ་ཐང་གི་མཐུན་རྐྱེན་བསྐྲུན་དགོས།

03མི་བཀོལ་སྡེ་ཚན་གྱིས་ལས་རིགས་བདེ་ཐང་གི་དོ་དམ་མི་སྣ་བཀོད་སྒྲིག་བྱེད་དགོས། 

       ● 《མ་ཟིན་》ནང་། མི་བཀོལ་སྡེ་ཚན་གྱིས་གཏན་འབེབས་ལྟར་ལས་རིགས་བདེ་ཐང་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་བཟོ་བ་དང་ལས་རིགས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགན་འཁྲི་གཙོ་བོ་འཁུར་དགོས། མི་བཀོལ་སྡེ་ཚན་གྱིས་ཆེད་གཉེར་རམ་ཞོར་འཛིན་གྱི་ལས་རིགས་བདེ་ཐང་དོ་དམ་མི་སྣ་བཀོད་སྒྲིག་བྱས་ནས་སྡེ་ཚན་དེ་གའི་ལས་རིགས་བདེ་ཐང་ལས་དོན་གྱི་འགན་འཁུར་དུ་འཇུག་དགོས། འཕྲོད་བསྟེན་བདེ་ཐང་དང་མི་ཤུགས་ཐོན་ཁུངས་འགན་སྲུང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ལས་བཟོ་བའི་ལས་རིགས་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་སོགས་ལ་མཐུན་རྐྱེན་བསྐྲུན་དགོས།

04དམིགས་བསལ་ལས་རིགས་ཀྱི་ལས་བཟོ་པའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།

      ● ལས་རིགས་བདེ་ཐང་སྔོན་འགོག་ཐད་《མ་ཟིན》ནང་། དུས་ཡུན་རིང་པོའི་ནང་མགོ་སྒུར་ནས་ལས་ཀ་བྱེད་པའམ་ཡང་ན་ཡུན་རིང་མདུན་དུ་སྒུར་ནས་ལས་ཀ་བྱེད་མཁན་དང་དེ་བཞིན་དགེ་རྒན་དང་། སྨན་བཅོས་འཕྲོད་བསྟེན་མི་སྣ། ཉེན་རྟོག་པ། ཁ་ལོ་བ། མེ་ཟོན་མི་སྣ། ཁོར་ཡུག་འཕྲོད་བསྟེན་བཟོ་པ་སོགས་ལས་རིགས་དམིགས་བསལ་ཅན་གྱི་ལས་བཟོ་པའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད།

       ● རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས་སོགས་མི་བཀོད་ཚན་པས་ངེས་པར་དུ་ཆེད་ལས་མི་སྣ་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ་དམིགས་བསལ་གྱི་དུས་སྐབས་དང་། དམིགས་བསལ་གྱི་ལས་གནས། གློ་བུར་དོན་རྐྱེན་བརྒྱུད་མྱོང་བའི་ལས་བཟོ་པར་སེམས་གསོ་དང་སེམས་ཁམས་ཐད་ཀྱི་རོགས་སྐྱོར་བྱེད་དགོས།

05 མི་བཀོལ་སྡེ་ཚན་གྱིས་དུས་བཀག་ལྟར་ལས་རིགས་བདེ་ཐང་གི་གསོ་སྦྱོང་བྱེད་དགོས།

       ●མི་བཀོལ་སྡེ་ཚན་གྱིས་ལས་བཟོ་པ་སྒྲིག་འཛུགས་བྱས་ནས་ལས་ཞུགས་གོང་དང་ལས་ཐོག་གི་ལས་རིགས་བདེ་ཐང་ཐད་ཀྱི་གསོ་སྦྱོང་དུས་བཅད་ལྟར་སྤེལ་དགོས། ལས་རིགས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ལས་རིགས་གནོད་འཚེ་འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས།

       མི་བཀོལ་མཁན་སྡེ་ཚན་གྱིས་སེམས་ཁམས་བདེ་ཐང་སྐོར་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་དགོས། མི་བཀོལ་མཁན་སྡེ་ཚན་གྱིས་ལས་རིགས་ནད་འགོག་བཅོས་དང་ངལ་རྩོལ་པའི་བདེ་ཐང་སྲུང་སྐྱོང་བྱེད་པར་ཕན་པའི་ལག་རྩལ་གསར་པ་དང་། བཟོ་རྩལ་གསར་པ། སྒྲིག་ཆས་གསར་པ། རྒྱུ་ཆ་གསར་པ་བཅས་ལ་དམིགས་བསལ་རྒྱབ་སྐྱོར་བྱས་ནས་ལས་རིགས་ནད་འགོག་ཟོན་ཡག་པོ་བྱེད་དགོས། 

06མི་བཀོལ་མཁན་སྡེ་ཚན་གྱིས་ལས་ཐོག་ལུས་སྦྱོང་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

       ● ངལ་རྩོལ་སྲུང་སྐྱོང་ལམ་ལུགས་ཐད། མི་བཀོལ་མཁན་སྡེ་ཚན་གྱིས་གཏན་འབེབས་ལྟར་ལས་བཟོ་པར་ངལ་རྩོལ་སྲུང་སྐྱོང་གི་མཁོ་ཆས་སོགས་བདེ་ཐང་ལས་ཀའི་མཁོ་ཆས་མཁོ་སྤྲོད་བྱེད་དགོས། མི་བཀོལ་མཁན་སྡེ་ཚན་གྱིས་ལས་ཐོག་ལུས་སྦྱོང་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་ཀ་བྱ་ཡུལ་དུ་དེ་མཐུན་གྱི་ལུས་སྦྱོང་བྱེད་སྒོ་སྤེལ་ཡུལ་དང་ལུས་སྦྱོང་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ལས་བཟོའི་ལུས་སྦྱོང་ལ་མཐུན་རྐྱེན་བསྐྲུན་དགོས། ལས་བཟོ་པས་ལས་རིགས་བདེ་ཐང་གི་འགན་འཁྲིའི་འདུ་ཤེས་བཟུང་ནས་ལས་ཀ་སྒྲིག་ལམ་ལྟར་སྒྲུབ་པ་དང་། འགོག་སྲུང་མཁོ་ཆས་རང་རྟོགས་དང་ཡང་དག་ངང་སྤྱོད་པ་དང་། རང་རྟོགས་སྒོས་ལོ་འཁོར་གྱི་གཟུགས་པོ་བརྟག་དཔྱད་ནང་ཞུགས་དགོས།

        སྲིད་འཇུས་འདི་བཏོན་པའི་རྒྱབ་ལྗོངས།

       དེང་སྐབས། འགོས་ནད་མིན་པའི་ནད་དལ་གཤིས་ཅན་དང་། གསར་བྱུང་འགོས་ནད་སོགས་ཀྱི་གནད་དོན་དང་། མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་འཕེལ་རྒྱས་ཀྱིས་མི་ཚོགས་ཀྱི་ཚེ་སྲོག་སྤུས་ཚད་དང་སྤྱི་ཚོགས་ཀྱི་སྤྱིའི་བདེ་ཐང་ཆུ་ཚད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ་མ་ཟད། འཕྲོད་བསྟེན་ཁོངས་གཏོགས་དང་ཐ་ན་སྤྱི་ཚོགས་ཧྲིལ་པོའི་ཁུར་པོ་གསར་པ་བཟོ་བཞིན་ཡོད།

       ཁྲིམས་སྐྱོང་གི་ཐད་ནས། བདེ་ཐང་ཁྱབ་ཁོངས་སུ་ད་དུང་འཐབ་ཇུས་རང་བཞིན་དང་སྒྲོམ་གཞི་རང་བཞིན་གྱི་ཁྲིམས་འཛུགས་དང་ཕན་ཚུན་གཞོགས་འདེགས་བྱུང་མེད། བདེ་ཐང་གྲོང་ཁྱེར་དང་། བདེ་ཐང་སྐུལ་འདེད། བདེ་ཐང་ཞབས་ཞུ། བདེ་ཐང་འགན་ལེན་སོགས་ཀྱི་ཐད་ནས་དམིགས་བསལ་སྲིད་འཛིན་ཁུལ་གྱི་བདེ་ཐང་སྲོལ་ཡིག་བཟོས་ནས། བདེ་ཐང་བཅོས་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་དང་ལམ་ལུགས་ཇུས་འགོད་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས། སྲིད་གཞུང་དང་། ཁེ་ལས། བྱ་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱི་བདེ་ཐང་སྐོར་གྱི་ཁེ་དབང་དང་འོས་འགན་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་བདེ་ཐང་ལ་དོ་སྣང་དང་། བདེ་ཐང་སྲུང་སྐྱོང་། བདེ་ཐང་ལ་སྐུལ་འདེད་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།


ལས་ཀ་བདེ་ཐང་གིས་སྒྲུབ་པ་དང་། 

འཚོ་བ་བདེ་ཐང་ངང་རོལ་བ། 

ལས་བཟོ་པའི་བདེ་ཐང་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་ཐད། 

ཁྱོད་ལ་ད་དུང་བསམ་འཆར་ཡག་པོ་གང་དག་ཡོད་དམ།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།