ཁུལ་ཨུས་རྒྱུན་ཨུ་ཁང་གི་ཚོགས་འདུ་འཚོགས་ཏེ།

རྩོམ་པ་པོ།   དུས་ཚོད།   2020-07-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་7ཚེས་24ཉིན། ཁུལ་ཨུས་རྒྱུན་ཨུ་ཁང་གི་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐོག་གནང་བའི་བྲུག་འགོག་གནོད་སེལ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་། ཞིང་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐོག་བྲུག་འགོག་གནོད་སེལ་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གི་མཛུབ་སྟོན་དང་དེ་མིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་གསུང་བཤད་ཀྱི་དགོངས་དོན་དང་། ཞིང་ཨུའི་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གི《རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་བྲུག་དུས་ཀྱི་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེའི་བྱེད་པོའི་འགན་འཁྲིར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》ཡི་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཉེ་དུས་ཁུལ་ཡོངས་ཀྱི་བྲུག་འགོག་གནོད་སེལ་ལས་དོན་གྱི་གནས་ཚུལ་སྙན་ཞུར་གསན་པ་དང་བྲུག་འགོག་གནོད་སེལ་ལས་དོན་ཐད་ཡང་བསྐྱར་སྐུལ་སློང་དང་། ཡང་བསྐྱར་བཀོད་སྒྲིག ཡང་བསྐྱར་ནན་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་གསུང་བཤད་གནང་།

          གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་གཡོལ་ཐབས་མེད་པའི་འགན་འཁྲི་ཡིན་པས་བསམ་བློའི་ངོས་འཛིན་ངེས་པར་དུ་གཏིང་ཟབ་ཏུ་གཏང་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཁང་གི་གྲོས་ཚོགས་ཐོག་གནང་བའི་བྲུག་འགོག་གནོད་སེལ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། ཞིང་ཨུའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བག་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་མཐའ་གཅིག་ཏུ་ཁྱད་བསད་བྱེད་དགོས། བྲུག་ཆུ་ཆེན་པོ་འགོག་པ། ཆུ་ལོག་ཆེན་པོ་འགོག་པ། ཉེན་ཁ་ཆེན་པོ་མྱུར་སེལ། གནོད་འཚེ་ཆེན་པོ་ལས་སྐྱོབ་རོགས་བཅས་བྱེད་པར་དམིགས་ནས། ཧ་ཅང་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ་དང་གཡུལ་ས་བརྟན་སྲུང་བྱེད་དགོས། གནད་དོན་གང་འདྲ་ཞིག་ཐོན་རུང་མགྱོགས་མྱུར་ཐག་གཅོད་དང་མ་མཐའི་མཚམས་ཐིག་བརྟན་སྲུང་ཐུབ་པའི་འགན་ལེན་བྱས་ནས་བྲུག་འགོག་གནོད་སེལ་གྱི་དམག་འཐབ་དྲག་པོ་ལས་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།

          ལས་ཀའི་འགན་འཁྲི་ངེས་པར་དུ་ཡང་བསྐྱར་ནན་དུ་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས།རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་མཉམ་འཁུར་དང་དོན་སྤྱི་སྒྲུབ། འགན་འཛོལ་བདའ་འདེད་བཅས་ཀྱི་བླང་བྱ་གཞིར་བཟུང་། རིམ་པ་རེ་རེ་བཞིན་དམ་འཛིན། རིམ་པ་རེ་རེ་བཞིན་དོན་འཁྱོལ་ཐུབ་པར་བྱ་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་དུ་བསྐྱོད་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་མཐུན་སྦྱོར་ངང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མཇུག་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་དུས་ཐོག་ཏུ་མ་བཏང་བ་དང་། རྩ་འཛུགས་དང་འགོ་ཁྲིད་བྱེད་ཤུགས་མི་འདང་བ། ཞིབ་གཅོད་དང་ཐག་གཅོད་འོས་འཚམ་མ་བྱུང་བ། ཁ་འགྲེམ་གནས་སྤོ་དུས་ཐོག་ཏུ་མ་བྱས་པ་བཅས་ལས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པར། སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།  

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།