རང་ཞིང་གི་གྲོང་གསེབ་གློག་དྲྭ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་བྱེད་སྒོ་མཇུག་བསྒྲིལ།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-07-24   རྩོམ་ཁུངས།    རྔ་བའི་གསར་འགྱུ་དྲ་བ།

         རང་ཞིང་གི་ཁོངས་གསུམ་དང་ཁུལ་གསུམ་གྲོང་གསེབ་གློག་དྲྭ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་བྱེད་སྒོའི་འཆར་གཞི་ཕྱོགས་ཡོངས་ནས་མཇུག་བསྒྲིལ་ཞིང་། མ་དངུལ་སྒོར་དུང་ཕྱུར་68.3བཏང་ནས་སྲིད་འཛིན་གྲོང་ཚོ་2415གྲོང་གསེབ་ཀྱི་གློག་དྲྭ་རིམ་སྤོར་བྱས་པ་རེད།དེ་ནི་ཉེ་ཆར་གསར་འགོད་པས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི་སི་ཁྲོན་ཞིང་ཆེན་གྱི་ཁོངས་གསུམ་དང་ཁུལ་གསུམ་གྲོང་གསེབ་གློག་དྲྭ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་བྱེད་སྒོའི་འཆར་གཞི་ལས་དོན་མཇུག་བསྒྲིལ་བའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་རེད།

       ཁོངས་གསུམ་དང་ཁུལ་གསུམ་ནི་རྒྱལ་ཁབ་རིམ་པའི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན་ལ།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དབུལ་བྲལ་གནད་སྒྲོལ་གྱི་ལས་ལ་རྒྱལ་ཁ་ལེན་པའི་དཀའ་གནད་ཆེ་ཤོས་ཡིན། སི་ཁྲོན་བོད་ཁུལ(དཀར་མཛེས་དང་རྔ་བ)དང་དབྱིས་རིགས་ས་ཁུལ(ལེའང་ཧྲན)གཉིས་ཀ་ཁྱབ་ཁོངས་ནང་ཚུད་ཡོད། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། རང་ཞིང་གི་ཁོངས་གསུམ་དང་ཁུལ་གསུམ་གྱི་གྲོང་གསེབ་གློག་དྲྭ་སྒྱུར་བཀོད་རིམ་སྤོར་གྱི་ལོ་གསུམ་བྱེད་སྒོ་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་68.3བཏང་བ་དེས་ཀྲུང་དབྱང་སྔོན་རྩིས་ནང་ནས་སི་ཁྲོན་གྲོང་གསེབ་གློག་དྲྭ་འཛུགས་སྐྲུན་ཐད་བཏང་བའི་མ་འཇོག་གཞི་ཁྱོན་གྱི་བརྒྱ་ཆ80ཡན་བཟུང་ཡོད།རྒྱལ་ཁབ་ཀྱིས་སྤྲད་པའི་འཆར་གཞི་ལས་སྒོར་དུང་ཕྱུར་1.51འཕར་ཡོད་ལ།སྲིད་འཛིན་གྲོང་ཚོ་2415གྲོང་གསེབ་ཀྱི་གློག་དྲྭ་རིམ་སྤོར་སྒྱུར་བཀོད་བྱས་པ་དེ་རྒྱལ་ཁབ་ཀྱི་གཤམ་སྤྲོད་འཆར་གཞི་ལས་སྲིད་འཛིན་གྲོང་ཚོ་200འཕར་ཡོད།

        མིག་སྔར། ལེའང་ཧྲན་དང་། དཀར་མཛེས།རྔ་བ་བཅས་སུ་གློག་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་ནས་ཁུལ་གསུམ་གྱི་གྲོང་གསེབ་ཏུ་གློག་མཁོ་འདོན་བྱེད་ཚད་བརྒྱ་ཆ99.82བར་མཐོ་རུ་ཕྱིན་པ་དང་། གློག་གནོན་ཚད་ལོན་ཚད་བརྒྱ་ཆ99.629བར་མཐོ་རུ་ཕྱིན་པ། དུད་ཚང་རེར་ཆ་སྙོམས་གློག་སྡེབ་སྒྱུར་ཤོང་ཚད་ཆན་ཧྥུའུ་ཨན་2.15བར་མཐོ་རུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་གྲོང་གསེབ་གློག་དྲྭའི་གློག་འདོན་ཚད་གཞིར་སླེབས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།