མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་གྱིས་ཞིང་ལས་ཐོན་ལས་ལེགས་སྒྲིག་བྱས་ནས་ཞིང་བའི་ཡོང་འབབ་འཕར་རོགས་བྱས།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-07-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་དཔལ་སྐྱིད་གྲོང་རྡལ་གྱིས་ཞིང་ལས་ཐོན་ལས་ལེགས་སྒྲིག་བྱས་ཤིང་། སྲོལ་རྒྱུན་གྱི་ནས་དང་གྲོ་འདེབས་པ་ནས་ལྕུམ་དང་། ཁྲི་ཧྲའོ། སྤང་སྤོས་སོགས་སྨན་རྫས་བཏབ་པ་དང་། གླང་རྔ་དང་པད་ཚལ། ཞོག་ཁོག་སོགས་སྔོ་ཚལ་བཏབ་ནས་ས་ཞིང་གི་རིན་ཐང་འཕར་བ་དང་ཞིང་བའི་ཡོང་འབབ་འཕར་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

       ཤེས་རྟོགས་བྱུང་བ་ལྟར་ན། དཔལ་སྐྱིད་གྲོང་རྡལ་དུ་རྨོ་ཞིང་རྒྱ་ཁྱོན་མུའུ་5536ཡོད་ཅིང་། དེའི་ཁྲོད་ཞོག་ཁོག་མུའུ་150དང་། གླང་རྔ་མུའུ་1370། པད་ཁ་མུའུ་960། ལྕུམ་མུའུ་2605། ཁྲི་ཧྲའོ་མུའུ་18། སྤང་སྤོས་མུའུ་2བཅས་ཡོད། སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི་300ལྷག་ཟིན་པས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་འཕར་ཐུབ་བོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།