རྨ་ཆུ་སྟོད་རྒྱུད་ཀྱི་ཞིང་ཆེན་གསུམ་གྱིས་ཆུ་འགོ་གསོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་རོགས་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-07-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

             ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཁུལ་གསུམ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས་6ཉིན་རྔ་བ་ཁུལ་མཛོད་དགེ་རྫོང་དུ་རྨ་ཆུ་སྟོད་རྒྱུད་ཀྱི་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཀྱི་ཆུ་འགོ་གསོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་རོགས་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད།

          རྨ་ཆུའི་ཆུ་འགོ་མཚོ་སྔོན་ཞིང་ཆེན་བཱ་ཡན་ཧ་རིའི་བྱང་ངོས་ཡིན་པ་དང་སྟོད་རྒྱུད་མཚོ་སྔོན་མགོ་ལོག་ཁུལ་དང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་བཅས་བརྒྱུད་ཡོད། བཞུར་རྒྱུན་ཚང་མ་རྨ་ཆུ་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་ཁུལ་དང་། གསབ་སྤྲོད་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་གཙོ་བོའི་ནུས་པའི་ཁུལ་དང་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་ཡིན།

          མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གཞིར་བཟུང་། ཞིང་ཆེན་གསུམ་གྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་ནང་ཁུལ་མཉམ་འགུལ་དང་། ཕྱི་རོལ་མཉམ་ལས། ཞིང་ཆེན་བརྒལ་ནས་ས་ཁོངས་བརྒལ་བའི་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་མཉམ་ལས་ལམ་སྲོལ་བཟོས་ནས་སྐྱེ་ཁམས་བདེ་འཇགས་འགན་ལེན་ཁྲོད་ས་ཁོངས་དབྱེ་འབྱེད་དང་འབབ་རྒྱུད་ཀྱི་སྤྱི་ཡོངས་རང་བཞིན་དང་སྡེ་ཚན་ཁག་བགོས་བཅོས་སྐྱོང་དང་སྐྱེ་ཁམས་མ་ལག་རང་བཞིན་བར་གྱི་འགལ་བ་ཐུན་མོང་གིས་ཐག་བཅད་དེ། ཐུན་མོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་ཕྲའི་གནད་དོན་ལ་ཁ་གཏད་བཅག་ནས་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱེད་དགོས།སྒྲོམ་གཞིའི་རོགས་ལས་མཐུན་སྦྱོར་འོག མཉམ་འབྲེལ་གྲོས་ཚོགས་དང་། ཆ་འཕྲིན་བརྡ་ཁྱབ་མཉམ་སྤྱོད། སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི་ཆེ་གྲས་ས་ཁོངས་ལས་བརྒལ་བའི་གྲོས་མོལ། སྐྱེ་ཁམས་སླར་གསོ་མཐུན་སྦྱོར་སོགས་ལམ་སྲོལ་བཅུ་བཟོས་ཏེ། རྨ་ཆུ་སྟོད་རྒྱུད་ཀྱི་སི་ཁྲོན་ཀན་སུའུ་མཚོ་སྔོན་བཅས་ཀྱི་ཆུ་འགོ་གསོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་འཛིན་རོགས་ལས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ངེས། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།