ཛམ་བྷ་ལའི་ཞིང་དུ་རྣམ་པར་བཞད་པའི་མེ་ཏོག

སློབ་མའི་བདེ་སྐྱིད་ཀྱི་ཕུགས་འདུན་སེམས་སུ་བཅངས་ནས་སློབ་གསོའི་ལེའུ་གསར་པ་རྩོམ།

གུང་ཁྲན་ཏང་ཡོན་ཕུལ་བྱུང་བ་གསེར་སྒྲོན་གྱི་གནས་ཚུལ་བཀོད་པ།

རྩོམ་པ་པོ།    རྣམ་དཀར་ལྷ་མོ། ནོར་བུ་ཚེ་རིང་།དུས་ཚོད།   2020-07-07   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

  གསེར་སྒྲོན། བུད་མེད། བོད་རིགས། ཀྲུང་གུང་ཏང་ཡོན། འཛམ་ཐང་རྫོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་གི་སློབ་གཙོ། ཁོང་ནི་ཛམ་བྷ་ལའི་ཞིང་དུ་རྣམ་པར་བཞད་པའི་མེ་ཏོག་ཅིག་ཏེ། ཁོ་མོས་སེམས་ཤུགས་ཡོད་ཚད་མི་རིགས་སློབ་གསོར་ལེགས་སྐྱེས་སུ་ཕུལ།

    ལོ་ངོ་32རིང་ཐོག་མའི་བསམ་འདུན་མི་བརྗེད་པར་ཚེ་གང་བོར་དགེ་རྒན་བྱས། ངལ་བ་དང་འཁང་ར་སྤངས་ཤིང་། སེམས་ཤུགས་ཡོད་ཚད་སློབ་གསོར་བསྟིམས། སློབ་གྲྭ་ཁྱིམ་ལྟར་གཅེས། སློབ་མ་བུ་ལྟར་བསྐྱངས། ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ་སྤུས་ཚད་སློབ་གསོ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། སློབ་ཁང་གི་སློབ་ཁྲིད་སྒྱུར་བཅོས་ནས་མགོ་བཙུགས་ཏེ་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་བྱས། སློབ་གྲྭའི་བོད་རིགས་དང་། ཧུའེ་རིགས། ཆའང་རིགས། རྒྱ་རིགས་བཅས་ཀྱི་དགེ་རྒན་དང་སློབ་བུ་རྣམས་སེ་འབྲུའི་འབྲུ་གུ་བཞིན་དམ་པོར་བསྡམས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་འདེབས་དང་མྱུ་གུ་རྒྱས་པར་རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད།

01 ཏང་གི་དྲོད་ཁོལ་བློ་ལ་ངེས་ནས་སློབ་གསོའི་གདོང་ལེན་པ་བྱས།

    གསེར་སྒྲོན་ནི་ཞིང་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཆུང་དུས་ནས་ཏང་གི་དྲོད་སྐྱིད་འོག་འབྲོག་ཁུལ་གྱི་ཕྲུ་གུ་མང་པོའི་ཁྲོད་ནས་གཟེངས་སུ་ཐོན་ཏེ་དེང་རབས་སློབ་གསོ་སྔོན་ལ་དང་ལེན་བྱས་པ་དང་དེང་རབས་ཤེས་དཔལ་མྱོང་རོལ་བྱས་པ་དེས་བོད་ཁུལ་གྱི་ཕྲུ་གུ་ཚོ་བདེ་སྐྱིད་ལྡན་པའི་མི་ཚེའི་ངོས་ནས་བརྗོད་ན་སློབ་གསོ་ནི་གལ་ཆེན་ཡིན་པ་གསལ་པོ་ཤེས་ཡོད། མོ་སྔོན་ཆད་སློབ་མཐར་ཕྱིན་རྗེས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སློབ་གསོའི་བྱ་གཞག་ནང་ཞུགས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཀྱི་སྲིད་ཇུས་འབྲོག་ཁུལ་གྱི་ཁྱིམ་ཚང་རེ་རེར་སླེབས་ཐུབ་པར་འབད་བརྩོན་བྱེད་རྒྱུའི་སེམས་ཐག་བཅད།

    2015ལོའི་ཟླ་5པར“སི་ཁྲོན་ཞིང་ཆེན་གྱི་སྔོན་ཐོན་ལས་དོན་པའི”མཚན་སྙན་ཐོབ།

    2017ལོའི་ཟླ་4པར“རྒྱལ་ཡོངས་ཀྱི་བུད་མེད་བྱས་རྗེས་ཅན་གྱི་མིག་དཔེ”་མཚན་སྙན་ཐོབ། རྫོང་རིམ་པའི་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་གི་སློབ་གཙོ་དང་ཕུལ་བྱུང་གི་ཏང་དོན་ལས་དོན་པའི་མཚན་སྙན་ཐེངས་མང་ཐོབ།

    2019ལོའི་ཟླ་9པར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ།

    ཁོ་མོས་སློབ་གསོའི་ལས་གནས་སུ་ཆེད་ལས་ཤེས་བྱ་ཞིབ་འཇུག་དང་སློབ་ཁྲིད་ཀྱི་ཉམས་མྱོང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་། ན་ཆུང་ཕོ་བྲང་གཞིར་བྱས་གླག་ཕྲུག་ཞབས་བྲོའི་ཚོགས་པ(《ཉི་འོད་འོག་གི་སྐལ་བཟང་མེ་ཏོག》བཙུགས་ནས་སི་ཁྲོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སྒྱུ་རྩལ་དུས་ཆེན་སྐབས་དགུ་པར་བྱ་དགའ་ཨང་དང་པོ་ཐོབ་པ)དང་། གླག་ཕྲུག་བོད་རྒྱ་ཡིག་གཟུགས་ཚོགས་པ(ཡིག་གཟུགས་གླུ་གཞས་དང་ཡིག་གཟུགས་ལུས་རྩལ)་དང་དཀྲོལ་གཏོང་། ལྷ་མོ། ཐང་ག་སོགས་ཁྱད་ལྡན་སློབ་ཚན་ཉི་ཤུ་རྩ་གསུམ་སྒྲིག་འཛུགས་བྱས་ནས་གཞི་རྒྱུ་མང་བའི་མི་རིགས་ཀྱི་རིག་གནས་དེ་སློབ་མའི་དགའ་ཕྱོགས་དང་མཉམ་འདྲེས་བྱས། བྱིས་པ་ཚོའི་བསམ་པའི་བཀོད་ཤུགས་དང་མངོན་མཚོན་ནུས་པ། གསར་རྩོམ་བྱེད་ནུས་བཅས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སློབ་གསོའི་བྱེད་སྒོ་སྤེལ་བས་སློབ་གྲྭའི་ནང་གང་སར་མིག་ལམ་དུ་མངོན་པ་ནི་སློབ་བུ་ཚོའི་ལག་ནས་ཐོན་པའི་བརྩམས་ཆོས་སྣ་ཚོགས་རེད།

    དུས་མཚུངས། ཁོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྟེ་སྲི་ཞུ་དང་བྱམས་པ། འཆམ་མཐུན། གྲོན་ཆུང་སོགས་ཀྱི་བརྗོད་དོན་གཙོ་བོ་སློབ་མའི་ཉལ་ཁང་དང་། ཟ་ཁང་གི་རིག་གནས་འཛུགས་སྐྱོང་ཁྲོད་མཉམ་འདྲེས་བྱས་པས་ཕྲུ་གུ་ཚོའི་ཡ་རབས་གུས་ཞབས་སོགས་ཀྱི་བྱ་སྤྱོད་གོམས་གཤིས་སློབ་གྲྭའི་ཕྱོགས་གང་སར་མངོན་པར་མ་ཟད་བྱིས་པ་ཚོས་མེ་ཏོག་ལྡུམ་ར་ལྟ་བུའི་སློབ་གྲྭར་ཏང་གི་དྲོད་སྐྱིད་ཚོར་བཞིན་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ལག་ལེན་བསྟར་བཞིན་ཡོད་ཅིང་། སྲོལ་རྒྱུན་བཟང་པོ་ཕྲུ་གུ་བརྒྱུད་ནས་ཁྱིམ་ཚང་ལ་ཁྱབ་པ་དང་། གྲོང་ཚོ་གཅིག་དང་ས་ཁུལ་གཅིག་ལ་མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།

02 སློབ་བུ་ཚོའི་མ་འོངས་པའི་ཆེད་དུ་མི་རིགས་མཐུན་སྒྲིལ་གྱི་ས་བོན་གཏོར་།

    མོ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་འདེབ་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུག་སྐྲུན་བྱེད་མཁན་ཡིན། མོས་ལུང་ཁུག་གི་བྱིས་པ་རེ་རེའི་མ་འོངས་པར་འགྱུར་ལྡོག་གཏང་ཆེད་སློབ་གསོའི་ཐོན་ཁུངས་སྤུས་དག་ལོངས་སུ་སྤྱོད་དུ་བཅུག་པ་དང་། མི་རིགས་མཐུན་སྒྲིལ་ཆེན་པོའི་འདུ་ཤེས་གསོ་སྐྱོང་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ང་དྲུག་མཉམ་དུ་འཆམ་མཐུན་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོང་སྐུལ་འདེད་བྱས།།

    ཉེ་བའི་ལོ་ཤས་རིང་། སློབ་གྲྭར་སྔ་རྗེས་སུ“སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་སློབ་གྲྭའི་ཞིབ་འཇུག་དང་གསོ་སྦྱོང་རྟེན་གཞིའི་སློབ་གྲྭ”དང་། “ཀྲུང་གོའི་དགེ་རྒན་བཟང་པོའི”སྤྱི་ཕན་རྟེན་གཞིའི་སློབ་གྲྭ“སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་”དང་། “སི་ཁྲོན་ཞིང་ཆེན་གྱི་ཤེས་དཔལ་སློབ་གྲྭ”“རྔ་བ་ཁུལ་གྱི་དཔལ་ཡོན་སྡེ་ཁག་ཡག་ཤོས”“རྔ་བ་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཁག”“འཛམ་ཐང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཁག”སོགས་ཀྱི་མཚན་སྙན་ཐོབ་ནས་རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་བཅས་ཀྱི་གཟི་བརྗིད་མཚན་སྙན་སྣ་ཚོགས་མི་ཐེངས་500ལྷག་ཙམ་ཐོབ།

    མི་རིགས་སློབ་གསོའི་བསྐྱར་དར་ལམ་བུར་ནམ་ཡང་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་པ་དང་། དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་སེམས་སུ་བཞག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མང་པོ་སྐྱེད་སྲིང་བྱས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།