ལིའུ་ཕིང་གིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་འཆར་གཞི་སྐུལ་འདེད་བཀོད་སྒྲིག་ཚོགས་འདུ་དང་2020ལོའི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུ་ཐེངས་གཉིས་པར་གསུང་བཤད་གནང་།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-06-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་6ཚེས་28ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་འཆར་གཞི་སྐུལ་འདེད་བཀོད་སྒྲིག་ཚོགས་འདུ་དང་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་2020ལོའི་ཁོངས་མི་ཡོངས་ཀྱི(རྒྱས་འཛོམས)ཚོགས་འདུ་ཐེངས་གཉིས་པ་ཁྲེང་ཏུའུ་རུ་འཚོགས་ཤིང་།ཚོགས་འདུ་གྲོལ་རྗེས། རང་ཁུལ་གྱིས་འཕྲལ་མར་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་འཆར་གཞི་སྐུལ་འདེད་བཀོད་སྒྲིག་ཚོགས་འདུ་དང་2020ལོའི་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་།    རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཨུ།  ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ནན་ཏན་བྱས་ཏེ་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས།    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དང་། འཕེལ་རྒྱས་ནི་ལས་འགན་ཨང་དང་པོ་དང་བདེ་འཇགས་ནི་འགན་སྲུང་ཨང་དང་པོ་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་《ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་འཆར་གཞི》གཟབ་ནན་སྒོས་གཞིར་བཟུང་ནས། གཟབ་ནན་གྱི་རྣམ་འགྱུར་དང་སྤྱོད་ཚུལ་ལ་བརྟེན་ནས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ཇེ་མགྱོགས་སུ་གཏོང་བ། རྨོངས་ཚོད་ཀྱི་སྤྲོ་སྣང་བསམ་བློ་སྣ་ཚོགས་གཙང་སེལ་མཐའ་གཅིག་ཏུ་བྱེད་པ། མཐོང་ཡང་མ་མཐོང་བའི་རྣམ་གཡེང་གི་སྤྱོད་ཚུལ་སྣ་ཚོགས་གཙང་སེལ་མཐའ་གཅིག་ཏུ་བྱེད་པ། སྒྱིད་ལུག་དང་དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་སྣ་ཚོགས་མཐའ་གཅིག་ཏུ་ཁྱད་གསོད་བྱེད་པ། རིག་པ་སྐྱེན་པོ་དང་བྱ་སྤྱོད་སྐྱེན་པོ་ཡོང་བར་ཤུགས་སྣོན་པ།    རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བརྟན་པོ་ཞིག་བསྐྲུན་དགོས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས།

          ལིའུ་ཕིང་གིས་ནན་གྱིས་བསྟན་དོན། ཁེ་ལས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་དམ་འཛིན་ལེགས་པོ་བྱེད་དགོས།   རྒྱུན་གཏན་དང་ཕུགས་ཕན་གྱི་སྒོ་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་དམ་འཛིན་ལེགས་པོ་བྱེད་དགོས། ཆུ་ལམ་ཆུ་ལོག་རྒྱུག་ཁུལ་གྱི་བདེ་འཇགས་དམ་འཛིན་ཧུར་ཐག་བྱེད་དགོས།    བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དམ་འཛིན་ལེགས་པོ་བྱེད་དགོས།    ཞིང་ལས་དང་གྲོང་གསེབ་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བདེ་འཇགས་དམ་འཛིན་གཏིང་ཟབ་བྱེད་དགོས། སློབ་གྲྭའི་བདེ་འཇགས་མཐའ་གཅིག་ཏུ་དམ་འཛིན་ལེགས་པོ་བྱེད་དགོས།     ཚན་རིག་དང་མཐུན་པའི་སྒོ་ནས་ས་གཤིས་ཀྱི་གནོད་འཚེ་ལས་གཡོལ་བའི་བདེ་འཇགས་དམ་འཛིན་བྱེད་དགོས།    བདེ་འཇགས་ཀྱི་འགན་འཁྲི་དང་ལས་འགན་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ལེགས་པོ་བྱེད་དགོས།

         ཚོགས་འདུ་དེ་ནི་བརྙན་འཕྲིན་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་གྱི་འགོ་ཁྲིད་ཧྥན་ཅི་ཡུའེ་དང་། ལིའུ་པོ་ཐའོ།    ཞུས་ཁྲུན།       ཞུས་ཀུའེ་ཆང་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་འབར་ཁམས་ཀྱི་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས་ལ།       རྫོང(གྲོང་ཁྱེར)དང་ཝོ་ལུང་དམིགས་བསལ་སྲིད་འཛིན་ཁུལ་དུ་ཡན་ལག་ཚོགས་ར་བཙུགས་ནས་ལྟ་ཉན་བྱས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།