མའོ་རྫོང་འཇོན་ཐང་ཅན་མི་སྣ་ཐེབས་རྩས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་བསྩལ་བ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-06-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        གྲོང་གསེབ་དར་རྒྱས་ཀྱི་འཇོན་ཐང་ཅན་དཔུང་ཁག་སྟོབས་ལྡན་ཞིག་བསྐྱེད་བསྲིངས་བྱེད་ཆེད། ད་ལོ། མའོ་རྫོང་གིས་སྒོར་ཁྲི་50ཡི་འཇོན་ཐང་ཅན་མི་སྣ་འཕེལ་རྒྱས་ཀྱི་ཆེད་དོན་ཐེབས་རྩ་བཙུགས་ནས། ཕུལ་བྱུང་དང་དགོས་གཏུག་ཆེ་བའི་འཇོན་ཐང་ཅན་མི་སྣ་ནང་འདྲེན་དང་ནུས་རྩལ་མཐོར་འདེགས། གཅེས་སྐྱོང་སོགས་ཆེན་པོ་བཞིའི་བྱ་སྤྱོད་ལག་བསྟར་བྱས་ཏེ། གྲོང་གསེབ་དར་སྤེལ་སྔར་བས་གཏིང་ཟབ་ཏུ་གཏོང་བར་འབྱུང་ཁུངས་ཀྱི་ལསོན་ཤུགས་བསྩལ་ཡོད།

         ཞིབ་ཐོ་ཅན་གྱི་འཇོན་ཐང་ཅན་མི་སྣ་ནང་འདྲེན་བྱེད་པ། 123འཇོན་ཐང་ཅན་མི་སྣ་གསོ་སྐྱོང་འདུ་འགོད་དང་ཟུང་འབྲེལ་བྱས་ཏེ། ཚན་པ་དབྱེ་ནས་ཆེད་ལས་འཇོན་ཐང་ཅན་མི་སྣའི་དགོས་མཁོའི་གྲུབ་ཆའི་དཔེ་དབྱིབས་བཟོས་ཏེ་ཚན་པ་78ཀྱི་འཇོན་ཐང་ཅན་མི་སྣའི་དགོས་མཁོ་དཀོན་པའི་གསལ་ཐོ་121ཆགས་ཡོད་པ་རེད།

          རྫོང་གི་འཇོན་ཐང་ཅན་མི་སྣའི་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུར་གཞི་བཅོལ་ནས། ལོ་སྟོད་དུ་རྩེ་གྲ་གཉིས་ཀྱི་སློབ་ཆེན་གྱི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ལོ་འཁོར་འཆར་གཞི་ཆེད་མངགས་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས་པ་མ་ཟད། ཐེབས་རྩའི་ཁྲོད་འབུམ་རམས་པར་སྒོར་ཁྲི་20དང་རབ་འབྱམས་པའི་ཞིབ་འཇུག་སློབ་མར་སྒོར་ཁྲི་8ཚད་གཞི་ལྟར་ཁྱིམ་གཞིས་ཆགས་པའི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས། རྣམ་གྲངས་ཅན་དུ་བསྒྱུར་བར་བརྟེན་ནས་འཇོན་ཐང་ཅན་སྤྱོད་པ། 《མའོ་རྫོང་གི་རྣམ་གྲངས་ཅན་གྱི་འཇོན་ཐང་ཅན་མི་སྣ་ནང་འདྲེན་དོ་དམ་བྱེད་ཐབས་》བཏོན་ནས། ལས་བྱེད་འཇོན་ཐང་ཅན་གཞི་རིམ་རེས་སྐོར་གསོ་སྦྱོང་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ལས་བྱེད་འཇོན་ཐང་ཅན་གྱི་ཆེད་ལས་ཁྱད་ཆོས་དང་ལས་གནས་ཀྱི་ཁྱད་ཆོས་སོགས་ལ་གཞིགས་ནས། ཕུལ་བྱུང་ལས་བྱེད་འཇོན་ཐང་ཅན་78ཐན་སྐམ་ལུང་གཞུང་བཅོས་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་གཙོ་གནད་རྣམ་གྲངས་14ལ་སྐུལ་འདེད་གཏོང་བར་བདམས་མངག་བྱས། ལས་བྱེད་འཇོན་ཐང་ཅན་གྱིས་ལས་གནས་སུ་བྱས་རྗེས་འཇོག་པ་དང་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བར་ཤུགས་བསྣན། འཇོན་ཐང་ཅན་མི་སྣར་གོ་རིམ་ལྡན་པའི་ངང་རྒྱུགས་བླངས་བ། 《མའོ་རྫོང་གི་ཏང་སྲིད་ལས་བྱེད་པ་དང་འཇོན་ཐང་ཅན་མི་སྣའི་ལོ་འཁོར་དཔྱད་ཞིབ་ལག་བསྟར་བྱེད་ཐབས་》འཐུས་སྒོ་ཇེ་ཚང་དུ་བཏང་ནས། ནོར་འཁྲུལ་བཟོད་སྒོམ་དང་ནོར་བཅོས་དངོས་བྲིས་ལམ་སྲོལ་དོན་འཁྱོལ་བྱས་ཏེ། ལས་བྱེད་འཇོན་ཐང་ཅན་647ལ་མི་རེར་ཡིག་ཚགས་རེར་བཟོས། དབུལ་བྲལ་གནད་སྒྲོལ་དང་གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ལས་དོན་ཁྲོད་དེ་དག་གི་མངོན་གསལ་དོད་པའི་མཚོན་ཚུལ་དང་ལས་ཀའི་གྲུབ་འབྲས་ཟིན་ཐོར་འགོད་དགོས་ལ། དམངས་གཙོའི་ཐོག་ནས་ཀུན་སྤྱོད་ཚད་ལེན་དང་། གྲུབ་འབྲས་དངོས་ལ་བརྟེན་ནས་ཀུན་སྤྱོད་ལ་ལྟ་བ་སོགས་རྣམ་པ་6ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས། འཇོན་ཐང་ཅན་མི་སྣར་དཔྱད་ཞིབ་དང་གདེང་འཇོག་གནད་འཁེལ་བྱེད་པ་དང་། སྤྱོད་ཚུལ་ཕུལ་དུ་བྱུང་བ་དག་རྫོང་ཡོངས་ཀྱི་རྗེས་གྲབས་ལས་བྱེད་པ་གསོ་སྐྱོང་འཆར་གཞིའི་ནང་འཇུག་པ། ཆ་རྐྱེན་འཛོམས་རིགས་སྔོན་ལ་གནས་སྤར་བཀོལ་སྤྱོད་བྱ་རྒྱུ། མི་གཤིས་ཅན་གྱིས་ངང་ཚུལ་ཐོག་ནས་འཇོན་ཐང་ཅན་ལ་བརྩི་མཐོང་བྱེད་པ། འཇོན་ཐང་ཅན་མི་སྣར་འཚམས་འདྲི་དང་དཀའ་ངལ་རོགས་སྐྱོར་སོགས་གཅིག་ཅན་ལྔའི་གཅེས་སེམས་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་ནས། ལོ་རེར་མི་རེར་སྒོར་600ནས་སྒོར་1000བར་གྱི་ཚད་གཞི་ལྟར་ཕུལ་བྱུང་འཇོན་ཐང་ཅན་ལ་བཅར་འདྲི་དང་འཚམས་འདྲི་ཞུས་ནས་ལས་དོན་དང་འཚོ་བའི་ཁྲོད་ཀྱི་ཕུལ་བྱུང་འཇོན་ཐང་ཅན་ལ་དམིགས་བསལ་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།