མཛོད་དགེ་རྫོང་གིས་ཐོན་ལས་འཕེལ་རྒྱས་དམ་འཛིན་བྱ་གཞིར་བཟུང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-06-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཞིང་ལས་དང་བསྟུན་པ་དང་འབྲོག་ལས་དང་བསྟུན་པའི་རྩ་དོན་མཐའ་འཁྱོངས་བྱས་ནས། ངོ་བོ་གཅིག་མཚུངས་ཅན་དུ་མི་འགྱུར་བ་དང་།ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཐོན་ལས་གླིང་ཁུལ་སྐྱེད་སྲིང་། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། རི་ཁུལ་དང་། ས་ཁོངས། ཁོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གཞི་ཚུགས་ཏེ་རྟེན་གཞི་ཅན་དང་། ལས་སྣོན་ཅན། མཉམ་ལས་ཅན། སྤུས་རྟགས་ཅན་གྱི་ཞིང་འབྲོག་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་།

      མིག་སྔའི་བར་དུ། མ་དངུལ་སྒོར་དུང་ཕྱུར་1.83བཏང་ནས་ས་གནས་ཀྱི་ཀྲུང་ལུགས་སྨན་རྩྭ་དང་། པད་ཁ། གཟན་རྩྭ། ནས་བཅས་མུའུ་ཁྲི་4ཡི་རྟེན་གཞི་དང་། སྐྱེ་ལྡན་སྔོ་ཚལ། སིལ་ཏོག་དམར་པོ། ཞོག་ཁོག་བཅས་མུའུ་སྟོང་གི་རྟེན་གཞི་3དང་དེ་བཞིན་གསེར་སྐུད་ཧོང་ཅུས་དང་། འབྲི་ཏ་ས་འཛིན། ཤིས་ལན་མེ་ཏོག་བཅས་དཔེ་སྟོན་རྟེན་གཞི་གསར་བ་3བསྐྲུན་པ་དང་རྒྱ་མཚོ་ངོས་ལས་མཐོ་ཚད་སྟོང་སུམ་སོགས་ཁྱད་ལྡན་སྤུས་རྟགས་ཐོན་ལས་སྟོབས་ཆེ་རུ་བཏང་། ཞིང་ཆེན་ཡོངས་ཀྱི་ཕྱུགས་རྩྭ་དང་། ནོར་གནག བོད་ལུག་བཅས་ཀྱིས་གཙོ་ཁྲིད་བྱེད་པའི་འབྲོག་ལས་གླིང་གཅིག་པུ་་ཧུར་ཐག་གིས་གཏོད་བྱུང་། ཐང་སྐོར་གྱི་ཕྱུགས་རྩྭ་དང་ནོར་གནག་དེང་རབས་ཞིང་ལས་གླིང་ཁུལ་གྱིས་རྔ་བ་ཁུལ་གྱི་སྐར་མ་རིམ་པའི་གླིང་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ། ཞིང་འབྲོག་སྣེ་འདྲེན་ཁེ་ལས་4དབུལ་སྐྱོར་ཐོན་ལས་གླིང་དུ་བདེ་བླག་ངང་ཞུགས་ནས་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཕྱུགས་རིགས་ཉོ་ཚོང་ལྟེ་གནས་ཀྱི་གཙོ་གཟུགས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད།

      ཞིང་སྤེལ་ཕྱུགས་གསོ་དང་ཟུང་འབྲེལ་གསུམ་གྱི་བབ་བསྟུན་གསོ་སྤེལ་སོགས་དེང་རབས་ཀྱི་གསོ་སྤེལ་བྱེད་སྟངས་ཁྱབ་སྤེལ་ཤུགས་ཆེན་བཏང་ནས། མ་དངུལ་སྒོར་ཁྲི་8692བཏང་ཞིང་། ལག་རྩལ་དཔེ་སྟོན་འབྲོག་ར་40དང་ཕྱུགས་ཟོག་གི་དྲོད་ཁང་2955བསྐྲུན་པ་དང་ནོར་གནག་ཁ་གྲངས་རེར་སྒོར་2000ཡན་དངོས་སུ་འཕར་ཡོད་ལ།  ར་གཅིག་རྫོང་གཅིག་དང་། གླིང་བཞི་ལས་རིགས་ལྔ། མཉམ་ལས་ཁང་གཅིག་ལ་ཕྱོགས་མང་གི་ཞིང་འབྲོག་ཐོན་ལས་ཀྱི་རྣམ་པ་རིམ་བཞིན་ཆགས་པར་བྱས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།