ཟུང་ཆུ་རྫོང་གིས་ས་རྒོད་དུ་རྨོ་འདེབས་བྱས་པར་ལོ་ལེགས་བྱུང་།

རྩོམ་པ་པོ།   གཡུ་འཛོམས།དུས་ཚོད།   2020-06-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཉེ་བའི་ལོ་ཤས་རིང་། ཟུང་ཆུ་རྫོང་གིས་རྫོང་ཁོངས་ཀྱི་གཙོ་གནད་ཞིང་ལས་ཐོན་ཁུལ་ཀྲེན་ཅང་དང་། ཞའོ་ཧོ། རྭ་གོར་སོགས་ས་ཁུལ་གྱི་ས་ཞིང་ས་རྒོད་དུ་ལུས་པའི་འབུར་ཐོན་གནད་དོན་དེར་དམིགས་ནས་བྱེད་ཐབས་མང་པོ་བཏོན་ཡོད་དེ། ཐང་རྒོད་དེ་ས་ཞིང་དུ་བསྒྱུར་བས་སླར་ཡང་ས་ཞིང་བེད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ད་དུང་དེས་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་ཡོད།

      མིག་སྔའི་བར་དུ། ཟུང་ཆུ་རྫོང་གིས་ཁྱོན་ས་རྒོད་དུ་ལུས་པའི་ས་ཞིང་མུའུ་ཁྲི་1.3 ལ་མཐོ་སྒང་གི་ཁྱད་ལྡན་ཀྲུང་ལུགས་སྨན་རྩྭ་དང་ཤིང་ཏོག མཐོ་སྒང་གི་དུས་ཚིགས་ལས་ལྡོག་པའི་སྔོ་ཚལ། མཐོ་སྒང་གི་ཞིང་ལས་ལོ་ཏོག་སོགས་འདེབས་འཛུགས་བྱས་ནས། ས་རྒོད་མུའུ་ཁྲི་1.27ལ་བསྐྱར་འདེབས་ལེགས་གྲུབ་ཟིན་ཡོད། ས་རྒོད་བསྐྱར་གསོའི་ཚད་97.7%ཟིན་ཡོད། 

        ཟུང་ཆུ་རྫོང་གིས་ས་རྒོད་བསྐྱར་གསོ་བསྐྱར་འདེབས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དེས་རྫོང་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བརྟན་པོ་བྱུང་བ་མ་ཟད།  རྫོང་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་ཀྱང་མུ་མཐུད་སྲ་བརྟན་དུ་བཏང་ཡོད། ས་གནས་དེ་གའི་གྲོང་མི་རྣམས་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་བསྐྱོད་རྒྱུར་རྨང་གཞི་བརྟན་པོ་བཏང་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།