གཟི་རྩ་སྡེ་དགུ་དོམ་ཁྲ་གླིང་གི་སྒོ་ཕྱེས་དེ་མགྲོན་པོ་བསུས།

རྩོམ་པ་པོ།   དུས་ཚོད།   2020-06-30   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

གཟི་རྩ་སྡེ་དགུ་དོམ་ཁྲ་གླིང་ནས་བླངས་པའི་དོམ་ཁྲའི་པར་རིས།

             རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར། གཟི་རྩ་སྡེ་དགུ་རྫོང་ཝུའུ་ཅའོ་དོམ་ཁྲ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་གཟི་རྩ་སྡེ་དགུ་དོམ་ཁྲ་གླིང་སྒོ་ཕྱེས་དེ་མགྲོན་པོ་བསུས།

             ཀྲུང་གོ་དོམ་ཁྲ་སྲུང་སྐྱོབ་ཞིབ་འཇུག་ལྟེ་བ་ནས་གནས་སྤར་ཡོང་བའི་དོམ་ཁྲ་ཧའེ་ཧའེ་དང་ཞའོ་ལི་ཝུའུ། ཐེན་ཐེན། ཞིན་ཞིན་བཞི་པོ་མི་དམངས་ལ་བལྟ་རུ་བཅུག

གཟི་རྩ་སྡེ་དགུ་དོམ་ཁྲ་གླིང་གི་དོམ་ཁྲ་ཧའེ་ཧའེ་རྩེད་མོར་གཡེང་བ། 

           རྒྱལ་ཡོངས་ཀྱི་སྐབས་བཞི་བའི་དོམ་ཁྲ་བརྟག་དཔྱད་སྙན་ཞུ་ལས་གསལ་བ་ལྟར་ན། གཟི་རྩ་སྡེ་དགུ་རྫོང་དུ་རི་སྐྱེས་དོམ་ཁྲ་31ཡོད་པ་དང་དེ་ལས་རི་སྐྱེས་དོམ་ཁྲ་22ཝུའུ་ཅའོ་དོམ་ཁྲ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཡོད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།