རང་ཁུལ་གྱིས་དྲྭ་ཐོག་སྲིད་དོན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་ལག་བསྟར་ཇུས་གཞི་བཏོན།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-06-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       《སི་ཁྲོན་ཞིང་ཆེན་གཞི་གྲངས་ཆེན་པོའི་ལྟེ་གནས་ཀྱི་དྲྭ་ཐོག་སྲིད་དོན་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་འཕྲིན་ཡིག》སོགས་ཡིག་ཆའི་བླང་བྱ་གཞིར་བཟུང་།ཉིན་ཤས་གོང་། ཁུལ་སྲིད་གཞུང་གཞུང་དོན་ཁང་གིས《རྔ་བ་ཁུལ་གྱིས་དྲྭ་ཐོག་སྲིད་དོན་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་དག་ཐེར་དང་རིམ་སྤོར་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས།

         ལོ་མཇུག་གི་གོང་དུ། ཁུལ་ཡོངས་ཀྱིས་སི་ཁྲོན་སྲིད་དོན་ཞབས་ཞུའི་དྲ་བ་དང་ཐེན་ཧྥུའུ་ཐུང་གཞུང་དོན་ཁང་གི་སྒུལ་བདེའི་དྲིལ་བསྒྲགས་དང་བེད་སྤྱོད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སི་ཁྲོན་སྲིད་དོན་ཞབས་ཞུའི་དྲྭ་ཐོག་ཏུ་མི་སྒེར་གྱི་དངོས་མིང་ཐོ་འགོད་སྤྱོད་མཁན་གྱིས་ཐེམ་ཐོའི་མི་འབོར་གྱི་བསྡུར་གྲངས་བཟུང་ཚད་བརྒྱ་ཆ་2ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་དང་། དྲྭ་ཐོག་ནས་བདག་སྤྲོད་བྱས་པའི་རེ་ཞུ་ལྟར་སྲིད་དོན་ཞབས་ཞུའི་ལས་དོན་སྒྲུབ་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་40ཡན་ཟིན་པར་བྱས་ནས།བསྒྲུབ་རྒྱུ་ཁས་ལེན་བྱེད་པའི་དུས་བཀག་དེ་ཁྲིམས་གཏན་འཁེལ་བའི་དུས་བཀག་གི་རྨང་གཞིའི་ཐོག་བརྒྱ་ཆ་60ཡན་མགྱོགས་སུ་གཏོང་བ་དང་རྒྱུག་ཚད་ཐེངས≤0.74ཡིན། སི་ཁྲོན་སྲིད་དོན་ཞབས་ཞུའི་དྲ་བའི་ཐོག་བརྗོད་དོན་གཙོ་བོའི་འདུས་གྲུབ་སྡེབས་ཟས་ཞབས་ཞུ་10ཡན་དང་ཁུལ་ཡོངས་ཀྱི་150ཡན་བཀོད་སྒྲིག་ཐུབ་པ་བརྩོན་ལེན་བྱེད་རྒྱུ་རེད།

          སྲིད་དོན་ཞབས་ཞུའི་གྲོན་བསྡུའི་དོན་ཚན་དེ་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་བརྒྱུད་གྲོན་བསྡུའི་འགྲོ་ལུགས་གཉེར་རྒྱུ།མི་སྒེར་གྱི་ཁྲལ་མིན་དོན་གནད་དང་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་གྲོན་བསྡུའི་ནུས་པ་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་འབྲེལ་མཐུད་བྱེད་དགོས་ལ།ཆུ་དང་། གློག སོལ་རླངས་བཅས་ཐད་ཀྱི་ཚགས་པར་སྒྲིག་སྦྱོར་བྱེད་སྐབས་ཁུལ་དང་རྫོང(གྲོང་ཁྱེར)སྲིད་གཞུང་ཞབས་ཞུའི་ལྟེ་གནས་སུ་བཅའ་སྡོད་བྱེད་དགོས། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།