བྲུག་འགོག་ལ་སྟོབས་དང་ནུས་པ་ལྡན་དགོས།

རྩོམ་པ་པོ།   རྡོ་རྗེ་དཔལ།དུས་ཚོད།   2020-06-24   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཟླ་6པ་ནས་ཟླ་8པའི་བར་ནི། རང་རྒྱལ་གྱི་བྲུག་འགོག་དུས་སྐབས་ཤིག་ཡིན། འབྲེལ་ཡོད་ལས་ཁུངས་ཀྱིས་ཉེ་སྐབས་སུ་ཞིབ་འཇུག་དང་བརྡར་ཆ་བཅད་པ་ལྟར་ན། ད་ལོའི་བྲུག་དུས་སུ་རང་རྒྱལ་གྱི་གནམ་གཤིས་སྤྱིའི་ཆ་ནས་ཁྱད་པར་ཆེ་ལ་དོན་རྐྱེན་ཚབས་ཆེན་མང་བ། ས་ཁུལ་རང་བཞིན་གྱི་དྲག་ཆར་དང་ཆུ་ལོག་རྒྱུན་ལྡན་ལས་མང་བ་རེད། བྲུག་འགོག་ལས་ཀ་ལེགས་པོར་བསྒྲུབ་པ་ནི། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འབྲེལ་བར་མ་ཟད། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལའང་འབྲེལ་བ་ཆེ། དེ་བས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་སྟོབས་དང་ནུས་ཤུགས་ལྡན་པའི་བྱེད་ཐབས་སྣ་ཚོགས་བཟོས་ཏེ། བྲུག་འགོག་གི་ཉམས་ལེན་ཆེན་པོ་གདོང་ལེན་ཐུབ་དགོས།

         བྲུག་འགོག་འགན་འཁྲི་ནི་རི་རབ་ལས་ཀྱང་ལྗིད། བྲུག་འགོག་གི་འགན་གཙོ་བོ་ལག་ཏུ་བསྟར་རྒྱུ་ནི་ཐབས་ཀྱི་མཆོག་ཡིན་ལ། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་དཔོན་པོའི་འགན་ཁུར་ལམ་ལུགས་ལག་ཏུ་བསྟར་རྒྱུ་ནི་དེའི་ནང་གི་གཙོ་བོ་ཞིག་ཡིན། རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་དཔོན་པོའི་འགན་ཁུར་ལམ་ལུགས་ལག་ཏུ་བསྟར་ན་རང་རྒྱལ་གྱི་ཆབ་སྲིད་ཀྱི་དགེ་མཚན་དང་ལམ་ལུགས་ཀྱི་དགེ་མཚན་གདོན་ཐུབ་ལ། སྤྱི་ཚོགས་ཐོན་ཁུངས་ཀྱི་སྟོབས་ཤུགས་རེ་རེ་གནོད་འགོག་གནོད་སེལ་ལ་གདོན་ཐུབ་པས། གནོད་འཚེ་དང་གྱོང་གུད་ཚད་ངེས་ཅན་ནས་ཇེ་ཉུང་དུ་གཏང་ཐུབ། ཉེ་སྐབས་སུ། རྒྱལ་ཁབ་ཀྱི་བྲུག་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་2020ལོའི་རྒྱལ་ཡོངས་ཀྱི་བྲུག་འགོག་ཐན་འགོག་གི་སྲིད་འཛིན་འགན་ཁུར་བའི་མིང་ཐོ་བསྒྲགས་ཡོད། དེ་ནི་འགན་འཁྲི་ཞིག་བསྒྲགས་པ་ཡིན་ལ། འགན་འཁྲི་ཞིག་གི་ལྟ་སྐུལ་ཡང་ཡིན།

         ལྐོག་གནས་ཀྱི་རྐྱེན་ངན་སྔ་མོ་ནས་ཤེས་ཤིང་ཐག་གཅོད་པ་ནི་ངེས་པར་དུ་བསྒྲུབ་དགོས་པའི་ལས་ཤིག་ཡིན། མིག་སྔར། བྲུག་འགོག་གི་དུས་སུ་འཁེལ་ཡོད་པས། མཁོ་བསྟུན་དང་ཆུ་བེད། གནམ་གཤིས་སོགས་ལས་ཁུངས་ཀྱིས་ཆེད་ལས་ཀྱི་དགེ་མཚན་ལེགས་པར་བཏོན་ནས། གནམ་གཤིས་གནས་ཚུལ་དང་ཆུ་བྲུག་ཚུལ་སོགས་ལ་ལྟ་ཞིབ་དང་ཚད་ལེན་བྱས་ཏེ་སྔོན་བརྡ་གཏང་དགོས་ཤིང་། དུས་ཐོག་ཏུ་གྲོས་མོལ་དང་ཞིབ་འཇུག་བྱས་ཏེ་སྔ་རོལ་ནས་ཟོན་བརྡ་རྒྱག་དགོས། ཆུ་ལོག་འགོག་པའི་ལས་གཞི་དང་གཙོ་གནད་ཁུལ་དུ་ལས་རེས་སྐོར་ཞིབ་བྱེད་དགོས། རང་རྒྱལ་ལ་གཞི་རིམ་གྱི་གནོད་འཚེའི་བརྡ་འཕྲིན་གཏོང་མཁན་ཁྲི་70ལྷག་ཡོད་ལ། ཁོ་ཚོ་ནི་གནོད་འཚེའི་གནས་ཚུལ་དུས་ཐོག་ཏུ་ཡར་ཞུ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན།

        གནོད་སེལ་སྐབས་སུ་སྟོབས་ཤུགས་ཆེན་པོ་ལྡན་དགོས། མཁོ་བསྟུན་སྐྱོབ་རོགས་ལ་ཤུགས་བསྣན་ནས་མི་སྣ་བདེ་འཇགས་གང་ནུས་ཀྱིས་འགན་ལེན་པ་ནི་ཐབས་ཤེས་གཙོ་བོ་ཞིག་ཡིན། གཙོ་གནད་ས་ཁུལ་དང་མངའ་ཁོངས་ལ་དམིགས་ནས་སྔ་རོལ་ནས་སྐྱོབ་རོགས་སྟོབས་ཤུགས་བཀོད་སྒྲིག་དང་སྐྱོབ་རོགས་ཇུས་གཞི་ཞིབ་མོ་དགོད་དགོས། ཆུ་ལོག་འགོག་པ་དང་ཉེན་ཁ་ལས་ཐར་བར་བྱེད་པའི་མཁོ་བསྟུན་སྐྱོབ་རོགས་ཀྱི་སྟོབས་ཤུགས་གང་ལེགས་སུ་བཏོན་ནས། ཆུ་ལོག་འགོག་པ་དང་གནོད་སེལ་ལེགས་པོར་བསྒྲུབ་དགོས། ཉེན་ཁ་ཆེ་ཁུལ་གྱི་མང་ཚོགས་གནས་སྤོར་ཉེན་གཡོལ་ཇུས་གཞི་ལེགས་པར་བཟོས་ཏེ། གནོད་ཐེབས་མང་ཚོགས་བདེ་བླག་ངང་བཀོད་སྒྲིག་འཁྱོངས་དགོས། སྡོམ་རྩིས་ལྟར་ན། ཟླ་6པའི་ཚེས་14ཉིན་བར། ད་ལོར་བྲུག་དུས་སུ་བསླེབས་པ་ནས་བཟུང་། མེ་འགོག་སྐྱོབ་རོགས་རུ་ཁག་གིས་ཆུ་ལོག་གནོད་སེལ་ཐེངས་1400ལ་མི་ཐེངས་ཁྲི་2ལྷག་ཞུགས་ཡོད། ཉེན་ཁར་འཕྲད་པའི་མང་ཚོགས་21920མྱུར་སྐྱོབ་དང་གནས་སྤར་ཡོད།

         འདས་དོན་ལ་ཕྱིར་འདང་རེ་བརྒྱབ་ན། རང་རྒྱལ་གྱིས་1998ལོའི་ཆུ་ལོག་ཚབས་ཆེན་སོགས་རབ་དང་རིམ་པའི་ཆུ་ལོག་གནོད་སེལ་ལས་རྒྱལ་ཁ་ཆེན་པོ་བླངས་ཡོད། ཉམས་མྱོང་དེ་དག་ལས་ང་ཚོས་སྟོབས་དང་ནུས་པ་ལྡན་པའི་བྱེད་ཐབས་བཟོས་ན། བྲུག་དུས་ཀྱི་གནོད་འཚེ་ངེས་པར་དུ་བསལ་ཐུབ་བོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།