2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་ཁབ་གོང་སྤེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་།

རྩོམ་པ་པོ།   དུས་ཚོད།   2020-06-24   རྩོམ་ཁུངས།    མི་དམངས་དྲ་བ།

     འཐུས་མི་རྣམ་པ།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར། ད་ལྟ་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་འདི་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་གནང་བྱར་འབུལ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།
     གཅིག 2019ལོར་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ།
     2019ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པས་གྲོས་ཞིབ་ཆོག་མཆན་གནང་བའི《སྲིད་གཞུང་གི་ལས་དོན་སྙན་ཞུ་》དང་།  2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་ནན་ཏན་བྱས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། “བརྟན་པོ་དྲུག་”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། བརྟན་ལྷིང་འགན་ལེན་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་གྲུབ་ཅུང་ཡག་པོ་བྱུང་བ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་དམིགས་ཚད་གཙོ་བོ་ལེགས་གྲུབ་བྱུང་ཚད་སྔོན་དཔག་དང་མཐུན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད།
     (གཅིག) ཚན་རིག་དང་མཐུན་པར་སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་ཁོངས་སུ་མཐའ་འཁྱོངས་བྱས་ཡོད།  བར་ཁོངས་སྙོམས་སྒྲིག་དང་། ཕྱོགས་ངེས་སྙོམས་སྒྲིག སྐབས་བསྟུན་སྙོམས་སྒྲིག གནད་འཁེལ་སྙོམས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།
     གཅིག་ནི་སྤྱི་ཁོག་གི་དམིགས་ཚད་གཙོ་བོ་ལེགས་གྲུབ་བྱས་ཚུལ་ཡག་པོ་རེད། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་99.1ཟིན་ནས་6.1%འཕར་ཞིང་སྔོན་དཔག་གི་དམིགས་འབེན་དང་མཐུན། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཀར་ཞུགས་མི་ཁྲི་1352གསར་དུ་འཕར་སྣོན་བྱུང་བ་དང་། ལོ་མཇུག་ལ་སླེབས་དུས་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད་སོ་སོར་5.2%དང་3.62%ཟིན་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་2.9%འཕར་ཡོད། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་བྱུང་བ་དང་། ཕྱི་དངུལ་གསོག་འཇོག་བྱས་གྲངས་ཨ་སྒོར་དུང་ཕྱུར་ཁྲི་3ཡན་མཐའ་འཁྱོངས་བྱས་ཡོད།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(པར་རིས་1པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     གཉིས་ནི་སྤྱི་ཁོག་སྲིད་ཇུས་ཀྱི་ལུགས་ལྡོག་དུས་འཁོར་ལེགས་སྒྲིག་ནུས་ལྡན་ཕན་ཡོད་བྱུང་ཡོད། 
     ཁྲལ་རིན་གཉིས་གཅོག་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་བཏང་ཞིང་། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་འགྱུར་བྱུང་བ་དང་། དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མ་དངུལ་དགོས་མཁོར་འགན་སྲུང་ནུས་ལྡན་བྱུང་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་19.04ཟིན་ཞིང་3.8%འཕར་བ། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་23.89ཟིན་ཞིང་8.1%འཕར་བ། ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་ཁྲི་2.76ཟིན་ཞིང་སྔོན་རྩིས་དང་མཉམ་པ་རེད། ལོ་ཧྲིལ་བོར་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་ཁྲི་2.36བྱས། ཆེད་དམིགས་བུན་འཛིན་བེད་སྤྱོད་བྱེད་རྒྱ་ཆེ་རུ་འོས་འཚམ་བཏང་བ་དང་། ཆེད་དམིགས་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་བྱེད་མགྱོགས་སུ་བཏང་། དངུལ་ལོར་སྲིད་ཇུས་བརྟན་པོ་དམ་ལྷོད་རན་པོ་རྒྱུན་འཁྱོངས་དང་། དུས་འཁོར་ལུགས་ལྡོག་གི་སྙོམས་སྒྲིག་ཕན་འབྲས་རྒྱུན་མཐུད་ངང་མངོན་པ། ཡིད་རྟོན་དངུལ་བུན་གྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། དངོས་གཞིའི་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་ཆུང་ཕྲན་དང་དམངས་གཉེར་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། ལོ་མཇུག་ཏུ་ཁྱབ་ཆེའི་དངུལ་ལོར་(M2)ཀྱི་ལྷག་གྲངས་8.7%འཕར་བ་དང་། སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་གཞི་ཁྱོན་བསགས་འབོར་10.7%འཕར་ཡོད། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ལག་བསྟར་སྔར་བས་ཤུགས་ཆེན་བྱས་པ་དང་། ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་བར་རོགས་སྐྱོར་བྱེད་ཤུགས་སྔར་བས་ཇེ་ཆེར་བཏང་། ལས་ཤོར་འགན་བཅོལ་ཐེབས་རྩ་ལས་གནས་བརྟན་སྲུང་ཕྱིར་སློག་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། གླ་རྒྱག་ཞིང་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་ཚོགས་ཁག་གི་ལས་ཞུགས་སྤྱི་ཡོངས་ནས་བརྟན་བརླིང་མཐའ་འཁྱོངས་བྱུང་ཡོད།
     (གཉིས།) འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། རྒྱལ་ནང་གི་ཚོང་ར་སྟོབས་ལྡན་དུ་འགྱུར་བར་སྐུལ་འདེད་བཏང་།  “སྲ་བརྟན། སྟོབས་ལྡན། མཐོར་འདེགས། ཤར་བགྲོད་”བཅས་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ།  ཤུགས་ཆེན་པོས་མཁོ་འདོན་རེས་འཁོར་ཤར་བགྲོད་བཅས་བྱས། 
     གཅིག་ནི་ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ། འབྲུ་རིགས་ཐོན་སྐྱེད་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱས་པས་འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་བསྟུད་མར་ལོ་5པར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་ཡོད། ཞིང་ལས་ཐོན་རྫས་གལ་ཆེན་འགན་སྲུང་བྱེད་པའི་འཐབ་ཇུས་ལག་བསྟར་དང་། སྲན་ཆེན་དར་སྤེལ་གཏོང་བའི་འཆར་གཞི་ལག་བསྟར་བྱས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་། ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་གཞི་རྩའི་ཆ་ནས་དབྱེ་འབྱེད་གཏན་འབེབས་བྱུང་། ཞིང་ནང་ཆུ་བེད་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8000དང་ནུས་ཆེའི་ཆུ་གྲོན་ཆུང་ཆུ་འདྲེན་གྱི་ཞིང་ཁ་མུའུ་ཁྲི་2000ཡི་ལས་འགན་ལེགས་གྲུབ་བྱུང་ཡོད། ཨ་ཧྥེ་རི་ཁའི་ཕག་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཕག་པ་ཐོན་སྐྱེད་སླར་གསོ་བྱེད་མགྱོགས་སུ་གཏོང་བ། སྔོ་ཚལ་ཐོན་སྐྱེད་དང་། འདོན་སྤྲོད། གསོག་ཉར། ཕྱིར་འཚོང་བཅས་ཀྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས་ཚོང་རའི་མཁོ་སྤྲོད་སྤྱིའི་ཆ་ནས་འགན་ལེན་བྱུང་ཡོད། འབྲུ་རིགས་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་དང་སྲིང་བལ་གྱི་དམིགས་ཚད་རིན་གོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་གལ་ཆེན་བསྡུ་ཉར་ལམ་ལུགས་དང་ཞིང་ལས་རྒྱུ་ཆ་གལ་ཆེན་གྲབས་གསོག་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ། ཞིང་ལས་ཐོན་རྫས་ཀྱི་འཁྱག་ཕྲེང་ཟོག་འགྲེམས་མཛོད་ཉར་སྒྲིག་བཀོད་དང་འཁྱག་ཕྲེང་སྐྱེལ་འདྲེན་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་། ཞིང་གྲོང་གི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་རིམ་རྩིས་བྱས་ན་དེང་རབས་ཞིང་ལས་ཐོན་ལས་གླིང་107དང་། ཞིང་གྲོང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་210བསྐྲུན་ཡོད། ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་མ་ལག་གསར་པ་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད།
     གཉིས་ནི་བཟོ་སྐྲུན་ལས་རིགས་རིགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཏོན་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་གི་མཛུབ་སྟོན་དཀར་ཆག་(2019ལོའི་ལོ་དེབ་)ཁྱབ་བསྒྲགས་བྱས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བྱེད་ཐབས་སྤྱད་དེ། རྡོ་སོལ་རྗེས་ལུས་ཐོན་ནུས་ཏུན་དུང་ཕྱུར་1ཡས་མས་ཀྱང་དོར་བ་དང་། ངར་ལྕགས་ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་བརྟན་བརླིང་ངང་སྐུལ་འདེད་བཏང་། རྡོ་སྣུམ་རྫས་འགྱུར་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།  རེས་སྐོར་གསར་པའི་ལག་རྩལ་བསྒྱུར་བཀོད་ལས་གྲྭ་ལག་བསྟར་དང་། ཀྲུང་གོའི་ཚད་ལྡན་ས་འོག་ལྕགས་ལམ་Aདབྱིབས་མེ་འཁོར་སོགས་རང་རྒྱལ་གྱིས་བཟོས་པའི་ལག་རྩལ་སྒྲིག་ཆས་ཐོག་མ་ཁག་ཅིག་དཔེ་སྟོན་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བཏང་། 
     གསུམ་ནི་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་། ཞབས་ཞུའི་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བ་དང་སྲོལ་རྒྱུན་གྱི་ཞབས་ཞུའི་ལས་རིགས་བསྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན། ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་སྒོས་གོང་དུ་འཕེལ་བར་སྐུལ་འདེད་བཏང་།  ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། བཟོ་ལས་ཇུས་འགོད། བཟོ་ལས་དྲ་སྦྲེལ་སོགས་ལས་སྟེགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།

     བཞི་ནི་དངོས་གཞིའི་དཔལ་འབྱོར་གྱི་མ་གནས་གཅོག་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། བཟོ་སྐྲུན་ལས་རིགས་སོགས་ལས་རིགས་ཀྱི་གནས་ཐང་འཕར་ཁྲལ་གྱི་ཁྲལ་ཚད་16%ནས་13%བར་ཆག་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་བཟོ་སྐྲུན་ལས་རིགས་སོགས་ལས་རིགས་10%ནས་9%བར་ཆག་པ། ཁེ་ལས་ཆུང་ཕྲན་གྱི་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུ་ཆག་ཡང་དང་རྩ་ཆག་བཏང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་གནས་ཐང་འཕར་ཁྲལ་བསྡུ་འགོ་འཛུགས་ས་དེ་ཟླ་རེའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་3ནས་སྒོར་ཁྲི་10བར་མཐོ་རུ་ཕྱིན་ཡོད། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཚན་པའི་གྲོན་འཇལ་བསྡུར་ཚད་16%ལས་མཐོ་བའི་ཞིང་ཆེན་ཚང་མ་16%བར་ཆག་པ་དང་། དུས་རིམ་རང་བཞིན་གྱི་ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་ཆག་པའི་སྲིད་ཇུས་ལོ་གཅིག་ཇེ་རིང་དུ་བཏང་ཡོད།  སྐྱེད་ཚད་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྤྱི་ཚོགས་ཀྱི་ཕྱོགས་བསྡུས་དངུལ་བསྡུའི་མ་གནས་མངོན་གསལ་ཆག་ཡོད། སྲིད་གཞུང་སྡེ་ཁག་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱིས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་རྩིས་ཐོ་འགྱངས་ཆད་བྱས་གྲངས་སྒོར་དུང་ཕྱུར་6647གཙང་བཤེར་བྱས་ཡོད། སྲིད་གཞུང་གི་གཏན་འཁེལ་རིན་གོང་གཉེར་སྐྱོང་ཞབས་ཞུའི་རང་བཞིན་གྱི་གྲོན་བསྡུའི་དཀར་ཆག་སྔར་བས་ཉུང་དུ་གཏོང་བ་དང་། སྲིད་འཛིན་བྱ་གཞག་གི་གྲོན་བསྡུ་ཁག་གཅིག་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་མ་ཟད་གྲོན་བསྡུའི་ཚད་གཞི་དམའ་རུ་བཏང་།  སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་ཆ་སྙོམས་གློག་རིན་སླར་ཡང་10%ཆག་པ་དང་། ལོ་ཧྲིལ་པོར་ཁེ་ལས་ཀྱི་གློག་སྤྱོད་མ་གནས་སྒོར་དུང་ཕྱུར་846ཆག་ཡོད། གློག་ཤུགས་ཐད་ཀར་ཉོ་ཚོང་བྱེད་རྒྱ་ཇེ་ཆེར་བཏང་སྟེ་ཁེ་ལས་ཀྱི་གློག་ཉོ་བའི་མ་གནས་ཧ་ལམ་སྒོར་དུང་ཕྱུར་790དམའ་རུ་བཏང་ཡོད། སྣུམ་གྲུབ་མ་དང་རང་བྱུང་སོལ་རླངས་ཀྱི་སྒོ་ཚུགས་རིན་གོང་དང་ཞིང་ཆེན་ལས་བརྒལ་བའི་སྦུག་ལམ་སྐྱེལ་འདྲེན་རིན་གོང་དམའ་རུ་བཏང་ནས་སྤྱོད་མཁན་གྱི་ཁུར་པོ་ཧ་ལམ་སྒོར་དུང་ཕྱུར་650ཡང་དུ་བཏང་ཡོད། ལྕགས་ལམ་དང་།  གྲུ་ཁ།  དམངས་སྤྱོད་གནམ་གྲུ་ཐང་བཅས་ཀྱི་དངུལ་བསྡུ་ཁག་ཅིག་རྩ་ཆག་དང་ཆག་ཡང་བཏང་སྟེ། ཁེ་ལས་ཀྱི་ཁུར་པོ་ཁྱོན་བསྡོམས་སྒོར་དུང་ཕྱུར་100ལྷག་ཇེ་ཡང་དུ་བཏང་ཡོད།
     ལྔ་ནི་འཛད་སྤྱོད་དམངས་ཕན་གྱི་འཕར་གནས་གསར་པ་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་། འཁོར་རྒྱུག་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་ཤོང་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་གཏིང་ཤུགས་སྐུལ་སློང་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་དང་ལུས་རྩལ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། “དྲ་སྦྲེལ་+སྤྱི་ཚོགས་ཞབས་ཞུ་”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན་པ་དང་། མཚན་མོའི་འཛད་སྤྱོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོམ་བགྲོད་ཁྲོམ་ལམ་བསྒྱུར་བཀོད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རླངས་འཁོར་དང་། ཁྱིམ་ཆས། གློག་རྡུལ་ཐོན་རྫས་བཅས་འཛད་སྤྱོད་གསར་སྒྱུར་བྱེད་པར་བསྔགས་སྐུལ་བཅས་བྱས། གློག་རྡུལ་ཚོང་ལས་ཞིང་གྲོང་དུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཞིང་གྲོང་ས་ཁུལ་དུ་མྱུར་སྐྱེལ་དྲ་ཚིགས་ཁྲི་3ལས་བརྒལ་བ་དང་། ཞང་དང་གྲོང་རྡལ་དུ་ཁྱབ་ཚད་96.6%ཟིན་ཡོད།  ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་40ལས་བརྒལ་ནས་8.0%འཕར་ཡོད། རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་ཚོང་བྱས་ཚད་སྒོར་དུང་ཕྱུར་ཁྲི་10.6ཟིན་ནས་16.5%འཕར་བ་དང་།  དེའི་ནང་དངོས་རྫས་ཚོང་ཟོག་དྲ་ཐོག་ནས་སིལ་ཚོང་བྱས་ཚད་19.5%འཕར་བ་དེས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་20.7%བཟུང་ཡོད། 2019ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ། 

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་1པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     དྲུག་ནི་གཙོ་གནད་ཁྱབ་ཁོངས་ཀྱི་ནུས་ལྡན་དངུལ་གཏོང་ལུགས་མཐུན་ངང་རྒྱ་བསྐྱེད་ཡོད། 《སྲིད་གཞུང་གི་མ་དངུལ་འཇོག་པའི་སྲོལ་ཡིག་》ཁྱབ་བསྒྲགས་དང་ལག་བསྟར་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞིའི་མ་རྩའི་དངུལ་གྱི་བསྡུར་ཚད་དམའ་རུ་འོས་འཚམ་བཏང་ཡོད། ལས་གཞི་གལ་ཆེན་གྲབས་གསོག་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཆེད་དམིགས་བུན་འཛིན་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་(PPP)ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་། དམངས་ཁྲོད་ཀྱི་མ་རྩ་ཞན་ཆ་གསབ་པའི་གཙོ་གནད་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་བཏང་།  ཆུ་བེད་ལས་གྲྭ་གལ་ཆེན་ཁག་172ལས་རིམ་རྩིས་བརྒྱབ་ན་ལས་གཞི་144ལས་འགོ་བཙུགས་ཡོད། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་གནད་དཔར་འགྲེམས་དང་ལག་བསྟར་བྱས། རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་23འཛུགས་སྐྲུན་བརྟན་པོའི་ངང་བྱས་ཡོད།  ཁྲོན་བོད་ལྕགས་ལམ་གྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། པེ་ཅིན་ཏ་ཤིན་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ནས་སྤྱོད་འགོ་ཚུགས།  ཝུའུ་ཏུང་ཏེ་དང་པའེ་ཧོ་ཐཱན་སོགས་ཆུ་ཤུགས་གློག་ཁང་ཆེ་གྲས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། 2019ལོའི་ལོ་མཇུག་ཏུ་ལྕགས་ལམ་ལས་གཉེར་ལམ་ཐག་སྤྱི་ལེ་ཁྲི་13.9ཟིན་པའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་3.5ཟིན་པ་དང་། དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་235ཟིན་པ། སྟོང་ཝོལ་220དང་དེ་ཡན་གྱི་གློག་དྲ་ལམ་ཐག་སྤྱི་ལེ་ཁྲི་3.4གསར་འཕར་བྱུང་། སྣུམ་རླངས་མ་ལམ་རིང་ཚད་སྤྱི་ལེ་ཁྲི་0.4ཟིན། ལོ་ཧྲིལ་པོའི་གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག(ཞིང་དུད་ཚུད་མེད)5.4%འཕར་བའི་ནང་དམངས་ཁྲོད་དངུལ་འཇོག་4.7%འཕར་བ་དང་། མ་དངུལ་འཇོག་པའི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་འགྱུར་བྱུང་ཞིང་། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་འཇོག་པ་དང་སྤྱི་ཚོགས་ཁྱབ་ཁོངས་སུ་མ་དངུལ་འཇོག་གྲངས་སོ་སོར་17.3%དང་13.2%འཕར་ཡོད།
     (གསུམ།) ནུས་ཤུགས་ཡོད་རྒུས་གཙོ་གནད་དམ་བཟུང་དང་ཞན་ཆ་ཁ་གསབ་དང་དཀའ་གནད་སེལ་བ་བཅས་བྱས་ཏེ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། གནད་འཁེལ་དབུལ་བྲལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་ཡོད། དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱུང་།
     གཅིག་ནི་དབུལ་བྲལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་། ཐོན་ལས་དང་། ལས་ཞུགས། འཛད་སྤྱོད་སོགས་ཀྱི་དབུལ་སྐྱོར་ལ་ཤུགས་སྣོན་བརྒྱབ་པ་དང་། “ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ་”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས། རིམ་རྩིས་བྱས་ན་ཡིག་ཚགས་དང་ཁཱ་བཟོས་པའི་དབུལ་ཕོངས་དུད་ཁྱིམ་ཁྲི་733ཡི་ཞིང་གྲོང་གི་སྡོད་ཁང་ཉེན་ཅན་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས།  རིམ་རྩིས་བྱས་ན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཁྲི་3.5དང་སྡོད་ཁང་ཁྲི་260ལྷག་བསྐྲུན་ནས་ཡིག་ཚགས་དང་ཁཱ་བཟོས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་འབོར་ཁྲི་947བཀོད་སྒྲིག་བྱེད་ཐུབ་པས། ལོ་གཅིག་སྔ་སྣུར་གྱིས་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འཛུགས་སྐྲུན་ལས་འགན་ལེགས་གྲུབ་བྱུང་། རྗེས་མཐུད་ཐོན་ལས་རོགས་སྐྱོར་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་།   དམིགས་འཛུགས་རོགས་སྐྱོར་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་། ལོ་ཧྲིལ་བོར་ཞིང་གྲོང་གི་དབུལ་ཕོངས་མི་འབོར་ཁྲི་1109ཉུང་དུ་ཕྱིན་པ་དང་། རྫོང་དབུལ་པོ་344ཡི་དབུལ་ཞྭ་ཕུད་པ། དབུལ་པོ་ཐོན་ཚད་0.6%བར་ཆག་སྟེ། 2019ལོའི་ལོ་མཇུག་བར་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་དབུལ་ཕོངས་མི་འབོར་97%དབུལ་བྲལ་བྱུང་། རྫོང་དབུལ་པོ་94%དབུལ་ཞྭ་ཕུད། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་གཞི་རྩའི་ཆ་ནས་ཐག་གཅོད་བྱུང་ཡོད། 
     གཉིས་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་། གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོང་གི་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་82%ཟིན་པ་དང་། ཕྲ་རྡུལ་(PM2.5)ཚད་གཞི་མ་ལོན་པའི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་ལོ་རེའི་ཆ་སྙོམས་གར་ཚད་2.4%ཆག ས་ངོས་ཀྱི་ཆུའི་སྤུས་ཚད་རིགས་Ⅲཔའི་ཆུ་གཟུགས་ལ་སླེབས་པའམ་དེ་ལས་ལེགས་པའི་བསྡུར་ཚད་74.9%ལ་སླེབས་ཡོད། རྫས་འགྱུར་དང་རྡོ་སྣུམ་མིན་པའི་ནུས་ཁུངས་ཀྱིས་ནུས་ཁུངས་འཛད་སྤྱོད་ཁྲོད་བཟུང་བའི་བསྡུར་ཚད་15.3%ལ་སླེབས་ཏེ། ལོ་གཅིག་སྔ་སྣུར་གྱིས་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་དམིགས་འབེན་ལེགས་གྲུབ་བྱུང་ཡོད། རེས་སྐོར་གཉིས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་ཅན་ལྟ་ཞིབ་བྱས། ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་བྱས། རྫོང་རིམ་པའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཙང་སེལ་87%ཙམ་ཟིན་ཡོད། ཕྱི་རྒྱལ་གྱི་གད་སྙིགས་རྒྱལ་ཁོངས་སུ་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་བཀག་འགོག་བྱས་པ་དང་། རྒྱལ་ཡོངས་ཀྱི་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་ཚད་40.4%ཉུང་དུ་བཏང་། “སྙིགས་མེད་གྲོང་ཁྱེར་”འཛུགས་སྐྲུན་ཚོད་ལྟ་བྱེད་འགོ་བརྩམས།  བཙོག་འབུད་ཆོག་འཐུས་ལམ་ལུགས་ལག་བསྟར་ཇེ་མགྱོགས་སུ་བཏང་། ལྗང་མདོག་ཐོན་ལས་ཀྱི་མཛུབ་ཁྲིད་དཀར་ཆག(2019ལོའི་པར་གཞི་)པར་འགྲེམས་བྱས།  ནུས་ཁུངས་ཟད་གྲོན་གྱི་སྤྱི་འབོར་དང་དྲག་ཚད་“ཚོད་འཛིན་གཉིས་”ཀྱི་བྱ་སྤྱོད་དང་། རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད། ལྗང་མདོག་གི་འཚོ་བ་གསར་སྐྲུན་གྱི་བྱ་སྤྱོད་བཅས་སྒྲིག་འཛུགས་བྱས་ནས་སྤེལ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་2.6%ཆག་པ་དང་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་རེའི་ཆུ་སྤྱོད་ཚད་6.1%ཆག་ཡོད། རྒྱལ་ཁབ་ཀྱི་མངའ་ཁོངས་སྔོ་ལྗང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་ལམ་ལུགས་འཐུས་ཚང་དུ་བཏང་། ཞིང་དོར་ནགས་གསོ་རྩྭ་འདེབས་བྱེད་རྒྱ་ཆེ་རུ་བཏང་། མྱ་ངམ་ཐང་དུ་འགྱུར་བ་དང་བྱེ་རྡོ་ཅན་དུ་འགྱུར་བ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱས།  སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ཚོད་ལྟ་བྱེད་གནས་སྤེལ་འགོ་བརྩམས།  རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་དབྱང་གཉིས་ཐན་འགྱུར་འབུད་ཚད་4.1%ཆག་པར་བྱས། 
     གསུམ་ནི་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཚབས་ཆེན་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་ཡོད། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་དང་ཁེ་ལས་ཆེ་གྲས་ཁག་ཅིག་གི་བུ་ལོན་གྱི་ཉེན་ཁ་ཐག་གཅོད་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། སྤྱི་ཁོག་གི་བཀན་ཤིང་སྤྱོད་ཚད་མགྱོགས་དྲགས་པའི་གནས་ཚུལ་བཀག་འགོག་ཐུབ་ཡོད། གྲིབ་གཟུགས་དངུལ་ཁང་གོ་རིམ་མེད་པར་འཕེལ་རྒྱས་འགྲོ་བར་བཅོས་སྐྱོང་ནུས་ལྡན་བྱུང་བ་དང་། ཉེན་ཁ་ཆེ་བའི་དངུལ་རྩའི་སྒྲིག་གཞི་ཁག་ཅིག་དང་ལྷག་པར་དུ་དངུལ་ཁང་འབྲིང་ཆུང་གི་“གནད་འཁེལ་ཉེན་སེལ་”ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ། དྲ་སྦྲེལ་དངུལ་རྩ་སོགས་མང་ཚོགས་དང་འབྲེལ་བའི་ཉེན་ཁ་འགོག་བཅོས་བྱས། ཡིད་རྟོན་ཉེན་ཁར་ཁ་གཏད་འོས་འཚམ་འཇལ་ཡོད། དངུལ་རྩའི་ཚོང་རའི་འཁོར་སྐྱོད་བརྟན་ཞིང་གོ་རིམ་ལྡན་པ་དང་། ཕྱི་དངུལ་ཚོང་ར་དང་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། དངུལ་རྩའི་ལྟ་སྐུལ་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་།
     (བཞི།) གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ་ཚན་རྩལ་གསར་གཏོད་བྱེད་ནུས་སྔར་ལས་ཆེ་རུ་བཏང་། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས། རྒྱལ་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་ཀྱི་གྲོན་དངུལ་གཏོང་ཚད་2.19%ཟིན། ཚན་རྩལ་ཡར་ཐོན་གྱིས་བྱས་རྗེས་བཞག་ཚད་59.5%བར་མཐོ་རུ་བཏང་ཡོད།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(པར་རིས་3པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    གཅིག་ནི་རང་བརྟེན་གསར་གཏོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་། ཚན་རྩལ་གྲུབ་འབྲས་གལ་ཆེན་རྒྱུན་མཐུད་ངང་ཐོན་པ་དང་། ཟླ་བའི་ལྷ་མོ་ཨང་བཞི་པ་ཟླ་བའི་གོ་ལའི་རྒྱབ་ངོས་སུ་བབས་པ་ལེགས་གྲུབ་བྱུང་། བྱང་སྐར་རྟགས་ཅན་ཨང་གསུམ་པའི་གོ་ལ་ཧྲིལ་པོའི་མ་ལག་གི་ལྟེ་བའི་སྐར་ཚོམ་བཀོད་སྒྲིག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་། 5Gཚོང་སྤྱོད་མགྱོགས་མྱུར་ངང་བཏོན། རྒྱང་སྐྱོད་ཨང་ལྔ་པའི་རྒྱང་འདྲེན་མེ་ཤུགས་འཕུར་མདའ་གསུམ་པ་བདེ་བླག་ངང་འཕེན་གཏོང་བྱས། རང་རྒྱལ་ནས་ཐོན་པའི་གནམ་ཐང་གྲུ་གཟིངས་ཐོག་མ“ཧྲན་ཏུང་དམག་གྲུ”དངོས་སུ་སྒྲིག་སྦྱོར་བྱས། གངས་འབྲུག་རྟགས་ཅན་ཨང་2པ་ལྷོ་སྣེར་ཐེངས་དང་པོར་བསྐྱོད། ཚན་རྩལ་གསར་གཏོད་2030—ལས་གཞི་གལ་ཆེན་དང་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་པ་དང་། མཐོ་ནུས་དུས་མཉམ་དུ་འགྱེད་འཕྲོ་འོད་ཁུངས་སོགས་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱེད་འགོ་བརྩམས། ཕྱོགས་ཡོངས་ནས་གསར་གཏོད་དང་སྒྱུར་བཅོས་ཚོད་ལྟ་བརྟན་པོའི་ངང་སྤེལ་བ་དང་། སྔོན་ལ་སྒྲུབ་པ་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་བྱེད་ཐབས་169གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་ཡོད། པེ་ཅིན་དང་ཧྲང་ཧའེ་ཡི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བདེ་བླག་ངང་བྱེད་འགོ་ཚུགས། པེ་ཅིན་གྱི་ཧོའེ་རོའུ་དང་། ཧྲང་ཧའེ་ཡི་ཀྲང་ཅང་། ཨན་ཧུའེ་ཡི་ཧོ་ཧྥེ་སོགས་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་། མཚོ་ཁུག་ཁུལ་ཆེན་པོའི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་མགྱོགས་མྱུར་གྱིས་འཆར་འགོད་འཛུགས་སྐྲུན་བྱས།
     གཉིས་ནི་སྒུལ་ནུས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱས།  རྒྱལ་ཁབ་ཀྱི་གྲངས་ཀའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས།  གྲངས་ཀའི་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་ཉིན་རེ་བཞིན་མཉམ་འདྲེས་འཕེལ་རྒྱས་བྱུང་། ཆ་འཕྲིན་ཅན་གྱི་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱེད་པར་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་། “ལོ་ལྔ་ཚན་བཅུ་གསུམ་པའི་”སྲིད་དོན་ཆ་འཕྲིན་ཅན་གྱི་ལས་གྲྭ་གལ་ཆེན་ཁག་ཅིག་ལག་བསྟར་བྱས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་གོང་སྤེལ་ལས་གྲྭ་ལག་བསྟར་གཏིང་ཟབ་བྱས།
     གསུམ་ནི་གསར་གཏོད་ལས་གཏོད་གསར་སྐྲུན་བཅས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན། ཚན་ཞིབ་ལས་གཞིའི་གྲོན་དངུལ་བེད་སྤྱོད་“འགན་གཙང་ལེན་ལམ་ལུགས་”དང་“ལྗང་མདོག་བགྲོད་ལམ་”སྒྱུར་བཅོས་ཚོད་ལྟ་བྱས་ཏེ། ཚན་ཞིབ་མི་སྣའི་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་སྐུལ་སློང་བྱས། 2019ལོའི་རྒྱལ་ཡོངས་ཀྱི་གཉིས་གཏོད་བྱེད་སྒོའི་གཟའ་འཁོར་བདེ་བླག་ངང་གཉེར། 2019ལོའི་ལོ་མཇུག་ལ་སླེབས་དུས་རྒྱལ་ཡོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཁྲི་22.5ལས་བརྒལ་བ་དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ཁྲི་15.1ལས་བརྒལ་བ་དེ་དུས་མཚུངས་ལས་སོ་སོར་ཧ་ལམ་24%དང་15%འཕར་ཡོད། རང་རྒྱལ་གྱི་གསར་གཏོད་སྟོན་གྲངས་འཛམ་གླིང་གི་ཨང་རིམ་14བར་འཕར་བ་དང་། ཁེ་ལས་ཀྱི་གྲངས་འབོར་ཉིན་རེར་ཁྲི་1ཡན་དངོས་འཕར་འབྱུང་བཞིན་ཡོད།
     (ལྔ།) རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དོན་འཁྱོལ་ཞིབ་ཚགས་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་།  གྲོང་གསེབ་དར་རྒྱས་དང་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ཇེ་མཐོར་གཏོང་བར་ཤུགས་བརྒྱབ་ཅིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བར་འབད་བརྩོན་བྱས།
     གཅིག་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གང་མགྱོགས་བྱས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་ནང་གཏན་ལ་ཕབ་པའི་ལས་གྲྭ་གལ་ཆེན་དང་། འཆར་གཞི་གལ་ཆེན། བྱ་སྤྱོད་གལ་ཆེན་བཅས་ལག་བསྟར་བྱེད་འགོ་བརྩམས། གྲོང་གསེབ་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སོགས་ལས་རྣམ་གསར་པ་རྒྱུན་ཆད་མེད་པར་ཐོན་ཡོད། ཞིང་སྨན་དང་རྫས་ལུད་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། ཞིང་ལས་ལོ་ཏོག་གི་སོག་མ་དང་སྒོ་ཕྱུགས་ཀྱི་ལྕི་བ་དང་ཁྱིམ་བྱའི་བྲུན་ཐོན་ཁུངས་ཅན་དུ་སྤྱོད་རྒྱུར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་ཡོད། ཞིང་གྲོང་གི་ཆུ་གློག་ལམ་གསུམ་སོགས་ཀྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཞིང་ལས་དང་ཞིང་གྲོང་གི་སྦགས་བཙོག་བཅོས་སྒྲིག་གི་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་སྤེལ། ཞིང་གྲོང་གི་མིའི་སྡོད་གནས་ཁོར་ཡུག་བཅོས་སྒྲིག་ལ་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་། གྲོང་གསེབ་ཀྱི་རིག་གནས་འཛུགས་སྐྱོང་དང་གྲོང་གསེབ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་། 
     གཉིས་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་པར་འགྲེམས་དང་ལག་བསྟར་བྱས། ཞིང་ལས་སྤོ་སྒྱུར་མི་འབོར་ཁྲི་1000ལྷག་གྲོང་ཁྱེར་དང་གྲོང་རྡལ་དུ་གཞིས་ཆགས་པ་དང་། ཐེམ་ཁོངས་མིན་པའི་མི་འབོར་དུང་ཕྱུར་1གྲོང་ཁྱེར་དུ་ཁྱིམ་གཞིས་ཆགས་པའི་ལས་ཀར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རྒྱལ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60.60%ཟིན་པ་དང་ཐེམ་ཁོངས་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་44.38%ཟིན་ཡོད། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མི་འབོར་གཅིག་བསྡུས་བྱེད་ནུས་རིམ་བཞིན་ཆེ་རུ་ཕྱིན་པ་དང་། གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་། གྲོང་རྡལ་ཧ་ཅང་ཆེ་གྲས་སུ་གྲོང་ཁྱེར་འཛུགས་པར་འགག་སྒྲོལ་བྱུང་བ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་སྔར་ལས་ཚད་ལྡན་དུ་གྱུར་ཡོད།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(པར་རིས་4པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     གསུམ་ནི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་སྲོལ་གསར་པ་གང་མགྱོགས་བཙུགས། ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་། བྱང་ཤར་དར་སྤེལ། དབུས་རྒྱུད་དར་རྒྱས། ཤར་རྒྱུད་སྔོན་ཐོབ་བཅས་ཀྱི་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་གི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་འཆར་འགོད་སྲིད་ཇུས་མ་ལག་སྔར་བས་འཐུས་ཚང་བཏང་། འབྲི་ཆུའི་ཟུར་གསུམ་ས་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད་དཔར་འགྲེམས་དང་ལག་བསྟར་བྱས། སྐྱེ་ཁམས་ལྗང་མདོག་གཞི་གཅིག་ཅན་གྱི་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད་བཟོ་འགོད་བྱེད་འགོ་བརྩམས།  གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་སོགས་དམིགས་བསལ་རིགས་ཀྱི་ས་ཁུལ་དར་རྒྱས་གོང་འཕེལ་ཇེ་མགྱོགས་སུ་བཏང་བ་དང་། ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་2པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

    (དྲུག) ཚོང་ར་ཅན་གྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་ཚོང་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་ཡོད།  སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ཞིང་། ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།
     གཅིག་ནི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། “གཤམ་སྤྲོད་དོ་དམ་ཞབས་ཞུ་”སྒྱུར་བཅོས་སྐུལ་འདེད་གཏིང་ཟབ་བཏང་། 《ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྲོལ་ཡིག་》ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་མ་ལག་བཙུགས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་41ཏུ་ཚོང་གཉེར་ཁོར་ཡུག་གདེང་འཇོག་བྱས། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་(2019ལོའི་པར་གཞི་)དཔར་འགྲེམས་དང་ལག་བསྟར་བྱས་པ་དང་། གསལ་ཐོའི་དོན་ཚན་131བར་ཉུང་དུ་བཏང་ཡོད། གཤིབ་སྦྲེལ་ཞིབ་མཆན་འགོད་པའི་ལམ་ལུགས་ལག་བསྟར་ནན་པོ་དང་། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་བྱ་སྤྱོད་ཚད་ལྡན་དུ་བཏང་། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་“དྲ་གཅིག་ཀུན་སྒྲུབ་”ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ལས་གྲྭ་འཛུགས་སྐྲུན་ལས་གཞི་ལ་ཞིབ་མཆན་འགོད་པའི་ལྷུ་ཚིགས་མུ་མཐུད་ཁུ་བསྡུ་བྱས་ཤིང་། ཞིབ་མཆན་འགོད་པའི་ཕན་ནུས་སྔར་ལས་ཇེ་ཆེར་བཏང་ཡོད། སྡེ་ཚན་གྱིས་“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”གི་ལྟ་སྐུལ་དོ་དམ་རིམ་བཞིན་ཁྱབ་གདལ་བཏང་བ་དང་། “དྲ་སྦྲེལ+ལྟ་སྐུལ”གྱི་དོན་གནད་གསལ་ཐོ་མགྱོགས་མྱུར་བཟོས། རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ཀྱི་ནུས་པ་དང་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་། ཡིད་རྟོན་རྨང་གཞིར་བྱས་པའི་ལྟ་སྐུལ་དོ་དམ་ལམ་སྲོལ་གསར་པ་མགྱོགས་མྱུར་བཙུགས་ཡོད། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དྲ་ཐོག་ནས་ཚོད་ལྟའི་འཁོར་སྐྱོད་བྱས་པ་དང་། དངུལ་རྩའི་ཡིད་རྟོན་ཆ་འཕྲིན་གཞི་གྲངས་མཛོད་ཀྱི་ཞབས་ཞུའི་དྲ་རྒྱ་རྒྱལ་ཡོངས་སུ་ཁྱབ་ཡོད།
     གཉིས་ནི་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་དང་། རྒྱུ་ནོར་བདག་དབང་སྲུང་སྐྱོང་། ཁེ་ལས་པའི་སྙིང་སྟོབས་སྐུལ་སློང་དང་སྲུང་སྐྱོང་སོགས་ཀྱི་སྒྱུར་བཅོས་མཉམ་འགུལ་སྐུལ་འདེད་བཏང་། ཁག་བཞི་པའི་དུད་ཚང་160ཡི་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ཚོད་ལྟ་བྱེད་འགོ་ཚུགས་ཡོད། རྒྱུ་ནོར་བདག་དབང་དང་ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། རྒྱུ་ནོར་བདག་དབང་དང་འབྲེལ་བ་ཡོད་པའི་ནག་མེད་ཉེས་འགེལ་གྱི་གྱོད་གཞི་ཞིབ་འབྱེད་དང་ཡོ་བསྲང་བྱས་པར་འགག་སྒྲོལ་གལ་ཆེན་བྱུང་། སྲིད་གཞུང་གི་རྒྱུ་ནོར་བདག་དབང་དང་འབྲེལ་བ་ཡོད་པའི་རྩོད་གཞིའི་གནད་དོན་ཆེད་དམིགས་བཅོས་སྐྱོང་གི་བྱ་སྤྱོད་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད། དམངས་གཉེར་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཁེ་ལས་འབྲིང་ཆུང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན་པ་དང་། ཁེ་ལས་པ་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གཏན་འབེབས་ནང་ཞུགས་པའི་ལམ་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་། 

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་3པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     གསུམ་ནི་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་འགྱུར་བའི་སྒྱུར་བཅོས་གང་མགྱོགས་ཀྱིས་དོན་ཐོག་ཏུ་འཁྱོལ་ཡོད། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱེད་པའི་བསམ་འཆར་བཟོས།  དངུལ་འཛིན་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་པ་དང་། ཚན་རྩལ་གསར་གཏོད་ལེབ་དུམ་བཙུགས་པ་མ་ཟད་ཐོ་འགོད་ལམ་ལུགས་ཚོད་ལྟ་བྱས་ཤིང་། དངུལ་བུན་གཏོང་ལེན་ཚོང་རའི་གོང་ཚད་ཞུ་བའི་སྐྱེད་ཚད(LPR)ཆགས་པའི་ལམ་སྲོལ་སྒྱུར་བཅོས་དང་འཐུས་ཚང་དུ་བཏང་།  མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གི་ཚན་ཞིབ་འབྲེལ་ཡོད་རང་བདག་དབང་ཆ་ཆེ་རུ་བཏང་། ཚན་ཞིབ་མི་སྣར་ལས་ཐོག་ཚན་རྩལ་གྲུབ་འབྲས་ཀྱི་བདག་དབང་ངམ་ཡུན་རིང་སྤྱོད་དབང་སྤྲོད་པའི་ཚོད་ལྟ་བྱས། ལག་རྩལ་སྤོ་སྒྱུར་ཞབས་ཞུའི་མ་ལག་བཙུགས།  ས་ཞིང་དོ་དམ་སྐོར་གྱི་བཅའ་ཁྲིམས་དང་ས་ཁང་བདག་ཁོངས་དོ་དམ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དག་བཅོས་བྱས་པ་དང་། འཛུགས་སྐྲུན་གྱི་ས་ཆ་སྤྱོད་དབང་བཤུག་སྤྲོད་དང་། བོགས་མར་གཏོང་བ། གཏའ་མར་འཇོག་པ་བཅས་ཀྱི་རིམ་པ་གཉིས་པའི་ཚོང་ར་སྔར་ལས་འཐུས་སྒོ་ཚང་དུ་བཏང་། བཟོ་ལས་ལ་སྤྱོད་པའི་ས་ཆ་བྱེད་ཐབས་སྣ་མང་སྤྱད་དེ་ནང་བཤུག་གཏོང་བ་དང་ཚོང་རའི་འདོན་སྤྲོད་མ་ལག་སྔར་ལས་འཐུས་སྒོ་ཚང་དུ་བཏང་ཡོད།
     བཞི་ནི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་། རྒྱལ་ཁབ་རྡོ་སྣུམ་རང་བྱུང་སོལ་རླངས་སྦུག་དྲ་ཚོགས་ཁག་ཚད་ཡོད་ཀུང་སི་བསྒྲིགས་ནས་བཙུགས། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་སྟོད་རྒྱུད་རྩད་ཞིབ་སྔོག་འདོན་ཆོག་འཐུས་ཕྱོགས་ཡོངས་ནས་གློད་ཡོད། སློབ་གསོ་དང་། ཚན་རྩལ། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ཀྱི་ཇུས་གཞི་བཏོན། གློག་ཤུགས་ཉོ་ཚོང་ཚོང་ར་ཅན་དུ་འགྱུར་ཚད་སྔར་ལས་མཐོ་རུ་ཕྱིན་པ་དང་། འཕར་ཚད་གློག་སྡེབ་ལས་སྒོ་སྒྱུར་བཅོས་དང་གློག་ཤུགས་ལག་ཡོད་ཚོང་ཟོག་ཚོང་ར་འཛུགས་སྐྲུན་ཚོད་ལྟ་བྱེད་གནས་གོམ་སྟབས་བརྟན་པོའི་ངང་སྐུལ་སྤེལ་བཏང་། སོལ་སྤར་གློག་འདོན་གྱི་དྲ་ཞུགས་གློག་རིན་གྲུབ་པའི་ལམ་སྲོལ་སྒྱུར་བཅོས་ཟབ་སྤེལ་དང་། རླུང་གློག་དང་འོད་ཤུགས་དྲ་ཞུགས་གློག་རིན་སྒྱུར་བཅོས་དང་། ཞིང་ལས་ཆུ་རིན་ཕྱོགས་བསྡུས་སྒྱུར་བཅོས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རིན་གོང་སྒྱུར་བཅོས་བཅས་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་བཏང་། ལུགས་བསྒྱུར་བྱས་ནས་ཀྲུང་གོའི་རྒྱལ་ཁབ་ལྕགས་ལམ་ཚོགས་ཁག་ཚད་ཡོད་ཀུང་སི་དང་ཀྲུང་གོའི་སྦྲག་སྲིད་ཚོགས་ཁག་ཚད་ཡོད་ཀུང་སི་བཙུགས། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་གཉིས་སྲིད་འཛིན་ལས་ཁུངས་དང་འབྲེལ་ཐག་གཅོད་པའི་སྒྱུར་བཅོས་ཕྱོགས་ཡོངས་ནས་སྤེལ།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་4པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     (བདུན།) ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱུན་མཐུད་ངང་ཟབ་སྤེལ་བྱས་པ་དང་། སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་གནས་སྟངས་གསར་པ་གང་མགྱོགས་ཀྱིས་བསྐྲུན། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་སྔར་ལས་ཆེ་བ་དང་། ཁྱབ་ཁོངས་སྔར་ལས་ཡངས་པ། གཏིང་རིམ་སྔར་ལས་ཟབ་པ་བཅས་ཀྱི་ཕྱོགས་སུ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་པ་སྐྱེད་སྲིང་ཇེ་མགྱོགས་སུ་བཏང་།
     གཅིག་ནི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་བདེ་བླག་ངང་གཉེར། རིམ་རྩིས་བྱས་ན་རྒྱལ་ཁབ་138དང་རྒྱལ་སྤྱིའི་རྩ་འཛུགས་30ལ་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་མཉམ་ལས་ཡིག་ཆ་200ལ་མིང་རྟགས་བཀོད་ཡོད། ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་དཔལ་འབྱོར་བར་ཁྱམས་སོགས་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། ཅ་ཝན་མྱུར་བགྲོད་ལྕགས་ལམ་དང་། ཀྲུང་གོ་དང་ལོ་སིའི་ལྕགས་ལམ། ཀྭ་ཏར་གྲུ་ཁ་སོགས་ལས་གཞི་གལ་ཆེན་ལ་འཕེལ་རྒྱས་ཡག་པོ་བྱུང་། ཀྲུང་གོ་དང་ཨུ་རུ་སུའི་ཤར་རྒྱུད་ཀྱི་རང་བྱུང་སོལ་རླངས་སྦུག་ལམ་ཤར་གཏོང་རླངས་འདོན་བྱུང་ཡོད།  ཧྥ་རན་སི་དང་། དབྱིན་ཇི། འཇར་པན་སོགས་རྒྱལ་ཁབ་14ལ་ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་ལམ་སྲོལ་བཙུགས། “རྒྱུད་གཅིག་ལམ་གཅིག་”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་དངོས་སུ་སྤྱོད་འགོ་ཚུགས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཉམ་ལས་རྒྱུན་མཐུད་རིམ་སྤོར་བྱུང་ཡོད། “གྲངས་གཞིའི་དར་གོས་འགྲུལ་ལམ་”དང“དར་གོས་འགྲུལ་ལམ་དྲ་ཐོག་ཚོང་ཁང་”འཛུགས་སྐྲུན་གྱི་མཉམ་ལས་གོ་རིམ་ལྡན་པའི་ངང་སྤེལ་ཡོད།  ཀྲུང་ཡོབ་འཆར་ཅན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་ཁྲི་2ལས་བརྒལ་ཞིང་ཡོ་རོབ་ཀྱི་རྒྱལ་ཁབ་18ཀྱི་གྲོང་ཁྱེར་57ལ་ཤར་གཏོང་བྱུང་བ་དང་། ཕྱོགས་བསྡུས་ལྗིད་སྒམ་ཁྱབ་ཚད་94%ཟིན་ཡོད། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པའི་སྤྱིའི་འཆར་འགོད་དཔར་འགྲེམས་དང་ལག་བསྟར་བྱས།
     གཉིས་ནི་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་བརྟན་པོའི་ཁྲོད་སྤུས་ཚད་མཐོ་རུ་བཏང་། ཉོ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་པར་འགྲེམས་དང་ལག་བསྟར་བྱས། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་བདེ་བླག་ངང་གཉེར། ས་ཁོངས་ཕྱོགས་ཡོངས་ནས་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད(RCEP)ཀྱི་གྲོས་མོལ་ལ་འཕེལ་རྒྱས་ཆེན་པོ་བྱུང་། ཡོ་རོབ་མནའ་འབྲེལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་དེ་བཞིན“རྒྱུད་གཅིག་ལམ་གཅིག་”རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་འཕར་སྣོན་ཅུང་མགྱོགས་ཙམ་རྒྱུན་འཁྱོངས་བྱུང་། འདུས་གྲུབ་གློག་ལམ་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་དང་དེ་བཞིན་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་གྱིས་འཕར་ཡོད། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་ལས་ཕྱོགས་བསྡུས་ཚོད་ལྟ་ཁུལ་24གསར་དུ་བཙུགས་པ་དང་། ཚོང་རའི་ཉོ་སྒྲུབ་ཉོ་ཚོང་བྱེད་སྟངས་ཚོད་ལྟ་བྱེད་གནས་དང་། ཞབས་ཞུའི་ཉོ་ཚོང་གསར་གཏོད་གོང་སྤེལ་ཚོད་ལྟ་བྱེད་གནས་སྐུལ་སྤེལ་ཏན་ཏིག་བཏང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་ཀྱི་འཕེལ་རྒྱས་སྤུས་ཚད་སྔར་བས་ཇེ་མཐོར་བཏང་། 
     གསུམ་ནི་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་བཅའ་ཁྲིམས་དང་ལག་བསྟར་སྲོལ་ཡིག་དངོས་སུ་བཏོན་ནས་ལག་བསྟར་བྱས།  ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པར་བསྔགས་སྐུལ་བྱེད་པའི་ཁྱབ་ཁོངས་སྔར་ལས་ཆེ་རུ་བཏང་། ཕྱི་རྒྱལ་གྱི་མ་དངུལ་བཟོ་སྐྲུན་ལས་རིགས་དང་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་འཇོག་པར་བསྔགས་སྐུལ། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་ཐོན་ལས་སྤོ་སྒྱུར་དང་ལེན་བྱེད་པར་རྒྱབ་སྐྱོར།  རྒྱལ་ཡོངས་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཕྱི་ཕྱོགས་མ་དངུལ་ཞུགས་འཐུས་བཀག་རྒྱ་གསལ་ཐོ་སོ་སོར་ཁག་40དང་37བར་ཉུང་དུ་བཏང་ཡོད། ཀྲུང་གོར་ཡོད་པའི་ཕྱི་དངུལ་དངུལ་རྩའི་སྒྲིག་གཞིས་མ་རྐང་བཟུང་བའི་བསྡུར་ཚད་དང་ལས་སྒོའི་ཁྱབ་ཁོངས་ཀྱི་ཚོད་འཛིན་ལྷུག་ཏུ་བཏང་བ་དང་དངུལ་རྩའི་ཚོང་ར་ཕན་ཚུན་ཕྱོགས་གཉིས་ཀར་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་གསར་གཏོད་རིམ་སྤོར་ལ་སྐུལ་འདེད་བཏང་། ཁེ་ལས་ཀྱི་ཕྱི་བུན་སྙན་སེང་ཐོ་འགོད་དོ་དམ་འཐུས་ཚང་དུ་བཏང་བ་དང་། གཙོ་གནད་ལས་རིགས་ཀྱི་ཕྱི་བུན་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་། ལོ་ཧྲིལ་པོར་དོན་དངོས་སུ་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་བཞག་པ་བེད་སྤྱོད་བྱས་གྲངས་ཨ་སྒོར་དུང་ཕྱུར་1381ཡིན།
     བཞི་ནི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་གྲུ་ཁར་ཁད་ཉེའི་ཁུལ་གསར་པ་འཕར་འཛུགས་བྱས་པ་དང་། ཧྲན་ཏུང་སོགས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་6གསར་འཛུགས་བྱས་ཏེ། མཚོ་རྒྱུད་ཞིང་ཆེན་ཡོངས་སུ་ཁེབས་པ་མ་ཟད། མཐའ་རྒྱུད་ས་ཁུལ་དུ་ཐེངས་དང་པོར་བཀོད་སྒྲིག་བྱས། རྒྱལ་ཡོངས་སུ་རང་མོས་ཉོ་ཚོང་ཁུལ་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཁག་49འདྲ་བཟོ་དང་ཁྱབ་གདལ་བཏང་བ་དང་། རིམ་རྩིས་བྱས་ན་ཁག་223འདྲ་བཟོ་དང་ཁྱབ་གདལ་བཏང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། 
     ལྔ་ནི་མངའ་ཁོངས་ཕྱིར་དངུལ་འཇོག་བརྟན་པོའི་ངང་འཕེལ་རྒྱས་བྱུང་། ཁེ་ལས་ཀྱིས་མངའ་ཁོངས་ཕྱི་རུ་གཉེར་སྐྱོང་ལུགས་མཐུན་བྱེད་པར་དོ་དམ་དང་ཁྲིད་སྟོན་བྱས། ཀྲུང་གོའི་སྒྲིག་ཆས་དང་། ལག་རྩལ། ཚད་གཞི། ཞབས་ཞུ་བཅས་གོམ་སྟབས་བརྟན་པོས་“ཕྱིར་སྐྱོད་”བྱས། ལོ་ཧྲིལ་པོར་དངུལ་རྩ་མ་ཡིན་པའི་རིགས་ཀྱིས་མངའ་ཁོངས་ཕྱི་རུ་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་1106བཏང་། མི་དམངས་ཤོག་སྒོར་རྒྱལ་ཁོངས་ལས་བརྒལ་ནས་མ་དངུལ་སྡུད་པའི་ཐབས་ལམ་རིམ་བཞིན་རྒྱ་ཆེར་བཏང་བ་དང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་།
     (བརྒྱད།) དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྐྱིད་སྣང་བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་པ་དང་། མི་དམངས་མང་ཚོགས་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱས་ཤིང་། དམངས་ཕན་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས། 
     གཅིག་ནི་ལས་ཞུགས་བརྟན་པོ་དང་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་། ལས་ཞུགས་སྔོན་ལ་དམིགས་བསལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་བྱས།  ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་སྔར་བས་ལེགས་པར་སྒྲུབ་པའི་བསམ་འཆར་དངོས་སུ་བཏོན་ནས་ལག་བསྟར་བྱས།  གཙོ་གནད་ཚོགས་སྤྱི་དང་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་། སྤྱི་པའི་ལས་ཞུགས་ཞབས་ཞུ་ཕྱོགས་ཡོངས་ནས་འཐུས་ཚང་དུ་བཏང་བ་དང་། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་སྤྱི་ཚོགས་རང་བཞིན་གྱིས་སྐོར་སྐྱོད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་བཟོས་ཏེ། ངལ་རྩོལ་པ་སྐོར་སྐྱོད་ལས་ཞུགས་ཀྱི་བར་སྟོང་རྒྱ་སྐྱེད་བཏང་།  ལོ་ཧྲིལ་པོར་ལས་ཤོར་འགན་བཅོལ་ཐེབས་རྩ་སྤྱད་དེ་ཁེ་ལས་ཁྲི་115ལ་ལས་གནས་བརྟན་པོ་གཏོང་བར་སྒོར་དུང་ཕྱུར་552ཕྱིར་སློག་བྱས་པས་ལས་བཟོ་པ་ཁྲི་7290ལ་ཕན་ཐོགས་བྱུང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་པ་མི་ཐེངས་ཁྲི་126ལ་ལས་ཤོར་འགན་བཅོལ་གྱི་རྩལ་ནུས་མཐོར་གཏོང་གི་གསབ་དངུལ་སྒོར་དུང་ཕྱུར་20སྤྲད། ལས་རིགས་རྩལ་ནུས་གསོ་སྦྱོང་གཞི་ཁྱོན་ཆེན་པོ་སྤེལ་ཞིང་ལས་ཤོར་འགན་བཅོལ་ཐེབས་རྩའི་ལྷག་འཕྲོའི་ཁྲོད་ནས་སྒོར་དུང་ཕྱུར་1000ལྷག་བཏོན་ཏེ་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་ཏེ། ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་གྲངས་ཁྲི་1500ཡན་ལ་ཁ་གསབ་སྤྲོད་པའི་དམིགས་འབེན་ལས་འགན་ཚད་ལས་བརྒལ་བར་ལེགས་གྲུབ་བྱུང་།  ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ཁྱབ་གདལ་གཏིང་ཟབ་བཏང་བ་དང་། ལས་རིགས་རྩལ་ནུས་སྤྱི་པའི་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་བརྒྱབ། ཐབས་མང་མཉམ་སྤྱོད་ཀྱིས་སྡོད་དམངས་ཀྱི་འབབ་འཕར་ལ་སྐུལ་འདེད་བཏང་བ་དང་། ངལ་རྩོལ་པ་དང་ལྷག་པར་དུ་ལས་ཡུལ་དང་པོའི་ངལ་རྩོལ་པའི་ངལ་རྩོལ་ཐོབ་ཆ་མང་དུ་ཧུར་ཐག་བཏང་།  སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལས་བརྒལ་ཡོད། 
     གཉིས་ནི་སྤྱི་ཚོགས་འགན་སྲུང་མ་ལག་སྔར་བས་འཐུས་ཚང་དུ་བཏང་། གཞི་རྩའི་རྒན་གསོའི་འགན་བཅོལ་ཁེབས་ཁྱོན་མི་གྲངས་དུང་ཕྱུར་9.68ཟིན་པ་དང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ཀྲུང་དབྱང་གི་སྙོམས་སྒྲིག་བསྡུར་ཚད་3%ནས་3.5%རུ་ཇེ་མཐོར་བཏང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་བརྟན་བརླིང་ངང་ཇེ་མཐོར་བཏང་།  གཞུང་དབང་མ་རྩ་ཁག་ཅིག་སྤྱི་ཚོགས་འགན་བཅོལ་ཐེབས་རྩར་གསབ་སྣོན་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཡོད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྨན་བཅོས་འགན་སྲུང་གི་དབུལ་སྐྱོར་དང་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་སོགས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ལས་རྨས་འགན་བཅོལ་བརྒྱུད་དེ་ལས་རྨས་ལས་བཟོ་པ་ཁྲི་194དང་དེའི་གཉེན་ཉེ་འཚོ་སྐྱོང་བྱེད་པར་ཐོབ་ཐང་འགན་སྲུང་བྱས་ཡོད། ལོ་ཧྲིལ་པོར་ལས་ཤོར་མི་སྣ་ཁྲི་461.2ཀྱིས་དུས་བཀག་མི་འདྲ་བའི་ལས་ཤོར་འགན་བཅོལ་དངུལ་བླངས་པ་དང་ཆ་སྙོམས་མི་རེར་ཟླ་རེར་སྒོར་1393ཐོབ་སྟེ་ལས་ཤོར་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་། མ་མཐའི་འཚོ་རྟེན་འགན་སྲུང་ལམ་ལུགས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་བརྟན་པོ་བཏང་བ་དང་། མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞིའི་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཐུས་ཚང་དུ་བཏང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་འཚོ་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཀོད་ལ་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་ཁྲི་316བསྒྱུར་བཀོད་བྱེད་འགོ་བཙུགས། གྲོང་ཁྱེར་ཆེ་འབྲིང་གི་སྡོད་ཁང་བོགས་གཏོང་ཚོང་ར་མགྱོགས་མྱུར་སྐྱེད་སྲིང་བྱས།
     གསུམ་ནི་སྤྱི་པའི་ཞབས་ཞུའི་ཞན་ཆ་ཁ་གསབ་ཞན་སྟོབས་ཆེར་གཏོང་སྤུས་ཚད་མཐོ་གཏོང་བཅས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་། ནོར་སྲིད་ཀྱི་སློབ་གསོའི་གྲོན་དངུལ་གཏོང་སྒོས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཟིན་པའི་བསྡུར་ཚད་མུ་མཐུད་4%ལས་བརྒལ་བ་དང་། དཀའ་ངལ་ཆེ་བའི་ས་ཁུལ་དང་ཉམས་ཞན་ལྷུ་ཚིགས་ཀྱི་སློབ་གསོར་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་94.8%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་ཞུགས་རགས་ཚད་89.5%ཟིན་པ། མཐོ་རིམ་སློབ་གསོའི་སློབ་ཞུགས་རགས་ཚད་50%ལས་བརྒལ། མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭས་སློབ་མ་ཁྲི་100བསྡུ་རྒྱ་ཆེ་རུ་གཏོང་བའི་དམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་། རིམ་དབྱེ་རིགས་དབྱེའི་སྒོ་ནས་རྒྱལ་ཁབ་ཀྱི་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་འཛུགས་སྐྱོང་གི་ཚོད་ལྟའི་ལས་དོན་སྤེལ། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་བྱེད་འགོ་བརྩམས། ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་ཚོད་ལྟ་བྱེད་གནས་གོམ་སྟབས་བརྟན་པོའི་ངང་སྤེལ། སྨན་རྫས་གཅིག་བསྡུས་ཀྱིས་ཉོ་སྒྲུབ་དང་བཀོལ་སྤྱོད་ཚོད་ལྟ་བྱེད་གནས་ཧུར་ཐག་གིས་སྤེལ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་པར་འགྲེམས་དང་ལག་བསྟར་བྱས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་བཏང་། རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་མ་ལག་སྔར་བས་འཐུས་ཚང་དུ་བཏང་། བུད་མེད་དང་བྱིས་པའི་ཁེ་དབང་འགན་ལེན་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་། བཅོལ་གསོའི་སྒྲིག་གཞི་འཛུགས་གཉེར་དང་དོ་དམ་ཚད་ལྡན་དུ་བཏང་། ལོ་3མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པའི་ལྟ་སྐྱོང་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།  ཟས་རིགས་དང་སྨན་རྫས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་། ལྕགས་རི་རིང་པོ་དང་། མིས་བཟོས་གཙང་པོ་ཆེན་པོ། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་བཅས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་། དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་སོགས་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་། རྒྱལ་ཁབ་ཀྱིས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་དུས་ཡུན་འབྲིང་རིང་གི་འཆར་འགོད་དཔར་འགྲེམས་དང་ལག་བསྟར་བྱས། ལོ་མཇུག་ཏུ་སྤྱིའི་མི་འབོར་དུང་ཕྱུར་14.0005ལ་སླེབས་པ་དང་། མི་འབོར་རང་བྱུང་འཕར་ཚད་སྟོང་ཆ་3.34ཡིན།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་5པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     2019ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བལྟས་ན། དཔལ་འབྱོར་གོང་འཕེལ་དང་། ལས་ཞུགས། ཟོག་གོང་། རྒྱལ་སྤྱིའི་གཏོང་ཡོང་སོགས་ཀྱི་དམིགས་ཚད་གཙོ་བོ་དང་དེ་བཞིན་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་དམིགས་ཚད་ལེགས་གྲུབ་བྱུང་ཚུལ་བཟང་། ཚོད་འཛིན་རང་བཞིན་གྱི་དམིགས་ཚད་ཁྲོད་ནས་ངར་ལྕགས་དང་། ཨར་ལས་རྒྱུ་ཆ། མདོག་ལྡན། རྫས་འགྱུར་བཟོ་ལས་སོགས་ལས་རིགས་ཀྱི་ཐོན་སྐྱེད་དང་དེ་བཞིན་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཅུང་མགྱོགས་ཙམ་བྱུང་བ་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ཏེ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་ཆག་པའི་དམིགས་ཚད་དངོས་སུ་ཆག་པའི་གྲངས་འབོར་ནི་2.6%ཡིན་ཞིང་འཆར་གཞིའི་དམིགས་འབེན་3%ཡས་མས་ལས་དམའ། འོན་ཀྱང་དམིགས་ཚད་འདིའི་2016ལོ་ནས་2019ལོའི་བར་རིམ་རྩིས་བྱས་པའི་ཆག་ཚད་ཀྱིས་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་དམིགས་འབེན་ལས་འགན་གྱི་87.1%ལེགས་གྲུབ་བྱུང་བས་མྱུར་ཚད་ཀྱི་བླང་བྱ་དང་མཐུན།  སྔོན་དཔག་རང་བཞིན་གྱི་དམིགས་ཚད་ཁྲོད་ནས་ཐོན་ལས་དང་པོའི་རིན་ཐང་འཕར་མ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དམིགས་ཚད་བཅས་ཀྱི་དངོས་ཡོད་འཁོར་སྐྱོད་གྲངས་ཐང་དང་སྔོན་དཔག་གྲངས་ཐང་དབར་ཧེ་བག་ངེས་ཅན་ཡོད། ཐོན་ལས་དང་པོའི་རིན་ཐང་འཕར་མའི་སྔོན་དཔག་དམིགས་འབེན་ནི“3.5%ཡས་མས་འཕར་རྒྱུ”ཡིན་པ་དང་། དོན་དངོས་ཐོག་3.1%འཕར་སྣོན་བྱུང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཕག་ཤ་སོགས་ཞིང་ལས་ཐོན་རྫས་ཁག་གཅིག་གི་ཐོན་ཚད་ཅུང་ཆེན་པོ་ཆག་ནས་ཕག་ཤའི་ཐོན་ཚད་21.3%ཆག་པའི་རྐྱེན་གྱིས་རེད། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་གྱི་སྔོན་དཔག་དམིགས་འབེན་ནི་“9.0%ཡས་མས་འཕར་རྒྱུ་”ཡིན་པ་དང་། དོན་དངོས་ཐོག་8.0%འཕར་སྣོན་བྱུང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་སྲོལ་རྒྱུན་གྱི་འཛད་སྤྱོད་འཕར་ཚད་ཇེ་དལ་དུ་གྱུར་པ་དང་། འཛད་སྤྱོད་ཀྱི་འཕར་གཞི་གསར་པ་གཞན་དག་སྔར་བཞིན་སྐྱེད་སྲིང་བྱེད་བཞིན་ཡོད་པའི་རྐྱེན་གྱིས་རེད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་སྔོན་དཔག་དམིགས་འབེན་ནི“5.0%འཕར་རྒྱུ་”ཡིན་པ་དང་། དོན་དངོས་ཐོག་3.8%འཕར་སྣོན་བྱུང་།  དེའི་རྒྱུ་རྐྱེན་གཙོ་བོ་ནི་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཆེད་ཁྲལ་རིན་གཉིས་གཅོག་གི་གཞི་ཁྱོན་སྔོན་དཔག་ལས་བརྒལ་བའི་རྐྱེན་གྱིས་རེད།  གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ཀྱི་སྔོན་དཔག་དམིགས་འབེན་ནི་“དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་”དེ་ཡིན་ལ།  དོན་དངོས་སུ་5.0%འཕར་སྣོན་བྱུང་ཞིང་། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་6.1%གི་འཕར་ཚད་ལས་དམའ། དེའི་རྒྱུ་རྐྱེན་གཙོ་བོ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་གཉེར་སྐྱོང་ཡོང་འབབ་ཁེ་གཙང་དང་རྒྱུ་ནོར་ཡོང་འབབ་ཁེ་གཙང་འཕར་ཚད་ཅུང་དལ་དུ་སོང་བ། ཟོག་གོང་འཕར་ཚད་ལོ་གོང་མ་ལས་མཐོ་བ་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་རེད།
     འཐུས་མི་རྣམ་པ། 
     ད་ལོའི་ཚུན་ལ་གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ངན་རྐྱེན་ཆེན་པོ་ཐེབས། ཐེངས་འདིའི་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་ལ་བྱུང་བའི་མྱུར་ཚད་མགྱོགས་ཤོས་དང་། འགོས་ཚད་ཁྱབ་རྒྱ་ཆེ་ཤོས། སྔོན་འགོག་ཚོད་འཛིན་དཀའ་ཤོས་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཞིག་རེད། རིམས་ནད་ལས་བྱུང་བའི་ཚོད་བགམ་དྲག་པོའི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་སྒྲིག་དང་བཀོད་འདོམས་གནང་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་འགོ་ཁྲིད་ཚོ་ཆུང་མགྱོགས་མྱུར་བཙུགས་པ་དང་། ཧུའུ་པེ་ལ་ཀྲུང་དབྱང་མཛུབ་སྟོན་ཚོ་ཆུང་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་པ་དང་། རྒྱལ་ཡོངས་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས། “ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་འདོན་”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་སྟེ་མགྱོགས་མྱུར་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བྱས། 
     རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་གཡུལ་ས་གཙོ་བོར་རོགས་སྐྱོར་བྱས་པ་དང་། སྨན་དོན་མི་སྣ་ཁྲི་4ལྷག་སྒྲིག་འཛུགས་བྱས་ནས་རོགས་སྐྱོར་བྱས། མེ་ལྷ་རི་བོ་དང་ཐོག་ལྷ་རི་བོ་སོགས་གཅིག་བསྡུས་བསྡུ་བཅོས་སྨན་ཁང་དང་སྒྲོམ་ཚང་སྨན་ཁང་མགྱོགས་མྱུར་བསྐྲུན་པ་དང་། བསྡུ་ཉར་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་བྱུང་ཚད་མཐོ་རུ་གཏོང་གང་ཐུབ་དང་། རིམས་ནད་འགོས་ཚད་དང་ནད་ཀྱིས་ཤི་ཚད་དམའ་རུ་གཏོང་གང་ཐུབ་བྱས། མཉམ་འགོག་མཉམ་སྡོམ་དང་མང་འགོག་མང་སྡོམ་བྱས་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)ཁག་གིས་སྔ་རྗེས་སུ་ཐོལ་བྱུང་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་དང་ལེན་བྱེད་འགོ་བཙུགས་པ་དང་། ལས་བྱེད་པའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱས་པ་དང་། སྤྱི་ཚོགས་རྩ་འཛུགས་སྣ་ཚོགས་དང་། ཆེད་ལས་སྤྱི་ཚོགས་ལས་དོན་པ། དང་བླངས་ཞབས་ཞུའི་སྟོབས་ཤུགས་བཅས་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་ཞབས་ཞུར་ཞུགས་པར་ཁྲིད་སྟོན་བྱས། སྨན་བཅོས་དངོས་ཟོག་འགན་སྲུང་དང་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས། མགྱོགས་མྱུར་ངང་ཁ་རས་སོགས་སྨན་བཅོས་འགོག་སྲུང་དངོས་རྫས་དང་། སྨན་བཅོས་སྲོག་སྐྱོབ་སྒྲིག་ཆས། སྨན་བཅོས་ཉལ་ཁྲི་བཅས་ཧ་ཅང་དཀོན་པ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་པ་བྱུང་། ཐབས་བརྒྱ་ཇུས་སྟོང་གིས་འབྲུ་སྣུམ་དང་ཤ་བྱ་སྒོང་འོ་ཚལ་སོགས་ཟས་རིགས་ཚོང་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཐོག་བརྟན་འཇགས་ཡོང་བར་འགན་སྲུང་བྱས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་ནས། དུས་ཐུང་ནང་མགྱོགས་མྱུར་བརྟག་དཔྱད་སྨན་རྫས་ཞིབ་བཟོ་བྱས་པ་དང་འབྲེལ་གཞི་ཁྱོན་ཆེན་པོས་བེད་སྤྱོད་བཏང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་རྒྱུན་འཁྱོངས་དང་། “གཅིག་བསྡུས་བཞི་”རྒྱུན་འཁྱོངས་བྱས་ཏེ།  ནད་པ་དེ་བས་མང་བའི་ཚེ་སྲོག་སྐྱོབ་གང་ཐུབ་བྱས། ཕྱི་རྒྱལ་གྱི་རིམས་ནད་གང་སར་ཁྱབ་པ་དང་། ཕྱི་ཡོང་ཅན་གྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པར་དམིགས་ཏེ། ཕྱི་རྒྱལ་ན་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་ཡག་པོ་བྱས་ཤིང་། གནས་སྐབས་མཁའ་ལམ་བཏོད་དེ་ཕྱི་རྒྱལ་ན་ཡོད་པའི་རང་རྒྱལ་གྱི་དཀའ་ངལ་ཡོད་པའི་མི་སྣ་གོ་རིམ་ལྡན་པའི་ངང་བསུ་ལེན་བྱས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། རིམས་ནད་མཆེད་པའི་རྒྱལ་ཁབ་དང་ས་ཁུལ་ལ་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམ་བྱས།
     རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་།  ཁུལ་དབྱེ་རིམ་དབྱེ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཀ་ཐོན་སྐྱེད་ཚོང་ར་ལས་རིགས་བཅས་སླར་གསོ་ཡོང་བར་སྐུལ་འདེད་བཏང་། རིམས་ནད་འགོག་སྲུང་དང་ཚོད་འཛིན་ནུས་ལྡན་བྱས་པའི་སྔོན་འགྲོའི་འོག ཁེ་ལས་ཀྱིས་ལས་མི་བཀོལ་སྤྱོད་དང་། ཟོག་འགྲེམས། མ་དངུལ། མ་བཅོས་རྒྱུ་ཆ། ལྷུ་ལག་བཅས་མཁོ་འདོན་བྱེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བགྲོད་ལམ་དང་སྤྱི་པའི་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་འཕྲལ་སྡོམ་དཀའ་སེལ་གྱི་ཞབས་འདེགས་ཞུ་རྒྱུར་ཤུགས་སྣོན་བརྒྱབ། ཐོན་ལས་སྦྲེལ་ཐག་གི་སྟོད་སྨད་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱིས་མཉམ་དུ་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་། ཟླ་4པའི་ཟླ་མཇུག་བར་ཚད་ལོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་འགོ་ཚུགས་ཚད་དང་ལས་མི་ལས་གནས་སུ་སླེབས་ཚད་སོ་སོར་99.4%དང་94.3%ཟིན་ཡོད། མ་དངུལ་འཇོག་པའི་ལས་གཞིའི་རྒྱང་རིང་ཞིབ་མཆན་འགོད་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་དང་། ལས་མི་བཀོལ་སྤྱོད་དང་། ས་ཞིང་། མ་དངུལ། ནུས་ཁུངས་བཀོལ་སྤྱོད། ཁོར་ཡུག་དཔྱད་དཔོག་སོགས་ཐད་ཀྱི་འགན་སྲུང་ལེགས་པོ་བྱས། ལས་གཞི་གལ་ཆེན་ལས་འགོ་བསྐྱར་ཚུགས་བྱེད་པར་འཕྲད་པའི་ཁེགས་གནས་དང་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱས། ངན་རྐྱེན་འགོག་ཅིང་དཀའ་ངལ་སེལ་བའི་སྲིད་ཇུས་རབ་དང་རིམ་པ་དུས་ཐོག་ཏུ་བཏོན། ན་ནིང་སྔོན་ཚུད་ནས་2020ལོའི་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.29གཤམ་སྤྲོད་ཟིན་པའི་རྨང་གཞིའི་ཐོག་སྔོན་ཚུད་ནས་གཤམ་སྤྲོད་བྱས་ཚད་སྒོར་དུང་ཕྱུར་ཁྲི་1མང་དུ་བཏང་། ཁྲལ་རིན་གཉིས་གཅོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་དུས་རིམ་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་བཏང་། ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་དུས་རིམ་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་བཏང་བ་དང་སྡོད་ཁང་སྤྱི་གསོག་མ་དངུལ་འགྱངས་སྤྲོད་བྱས་པ། ཁེ་ལས་ཀྱི་གློག་སྤྱོད་དང་རང་བྱུང་སོལ་རླངས་ཀྱི་མ་གནས་སོགས་ཉུང་དུ་བཏང་། དུས་ཚིགས་དང་པོར་ཁྲལ་རིན་གཉིས་གཅོག་བཏང་ཚད་སྒོར་དུང་ཕྱུར་7000ལྷག་ཟིན་ཡོད། ཡོངས་ཁྱབ་ཚད་འབེབས་དང་། ཕྱོགས་ངེས་ཚད་འབེབས་ཐེངས་3བྱས་པ་དང་།  ཡང་བསྐྱར་བུན་གཏོང་དང་ཡང་བསྐྱར་སྐྱེད་བཅག་གི་གྲངས་འབོར་སྒོར་དུང་ཕྱུར་ཁྲི་1.8གསར་འཕར་བྱུང་།  ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཀུན་ཕན་རང་བཞིན་གྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཐབས་སྔར་བས་ཇེ་དྲག་ལ་བཏང་།  ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་མ་སྐྱེད་འཇལ་སྤྲོད་དུས་འགྱང་ཆོག་པ་བྱས་ཡོད། འཛད་སྤྱོད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ནས་རྒྱལ་ནང་གི་ཚོང་ར་སྟོབས་ལྡན་གང་མགྱོགས་ཆགས་པར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་དངོས་སུ་བཏོན་པ་དང་།  ནུས་ཁུངས་གསར་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་གསབ་དངུལ་དང་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་སྲིད་ཇུས་ཀྱི་ལོ་ཚད་རིང་དུ་བཏང་།  དེ་དང་ཆབས་ཅིག་དུས་བབ་དང་སྲིད་ཇུས་དུས་ཐོག་ཏུ་གསལ་འགྲེལ་བྱས་པ་དང་།  སྤྱི་ཚོགས་ཀྱི་དོ་ཁུར་ལ་བརྡ་ལན་ཧུར་ཐག་བསློགས། ཚོང་རའི་བྱེད་པོ་གཙོ་བོའི་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་བཏང་།  དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས། ས་བོན་དང་། རྫས་ལུད། ཞིང་སྨན། ཞིང་ལས་འཕྲུལ་ཆས་སོགས་ཐོན་སྐྱེད་འདོན་སྤྲོད་འགན་སྲུང་བྱས་པ་དང་། དཔྱིད་རྨོ་དཔྱིད་འདེབས་ཀྱི་འཕེལ་རིམ་བདེ་བླག་བྱུང་། སྔ་སྨིན་འབྲས་རྨོ་འདེབས་རྒྱ་ཁྱོན་སྔོན་དཔག་མུའུ་ཁྲི་7000ཟིན། དགུན་གྲོ་དང་དགུན་འདེབས་པད་ཁ་སྐྱེ་ཚུལ་ཡག་པོ་ཡོད། ཕྱུགས་རིགས་དང་ཆུ་ཐོན་གསོ་སྤེལ་གྱི་གཟན་ཆག་འདོན་སྤྲོད་དང་ཞིང་ལས་ཐོན་རྫས་ཁག་ཅིག་བྲིན་ཁ་རྒྱུག་པོ་མེད་པ་སོགས་ཀྱི་དཀའ་ངལ་ཐག་གཅོད་ཧུར་ཐག་བྱས། སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་བཏང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་དང་། དབུལ་སྐྱོར་འཁོར་ཁང་། ཞིང་གྲོང་གི་འཐུང་ཆུའི་བདེ་འཇགས། རྒུད་གསབ་ལས་སྤྲོད་སོགས་དབུལ་བྲལ་འགག་སྒྲོལ་ལས་གཞི་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། སྤྱི་ཕན་ལས་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཧུར་ཐག་བྱས་ཏེ། དབུལ་ཕོངས་མི་འབོར་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་། ངལ་རྩོལ་ནུས་ཤུགས་དབུལ་པོ་གྲོང་ཁྱེར་དང་ལས་གནས་སུ་ཕྱིར་ལོག་པ་དང་ཕྱི་ལོགས་སུ་ལས་ཀ་བྱེད་པར་འགྲོ་བར་དམིགས་བསལ་གྱིས་སྔོན་ལ་སྒྲིག་འཛུགས་བྱས། རིམས་ནད་ཀྱི་རྐྱེན་པས་དབུལ་པོར་བསྐྱར་ལོག་དང་དབུལ་པོར་གྱུར་མཁན་ལ་དུས་ཐོག་ཏུ་རོགས་སྐྱོར་བྱེད་ཐབས་སྤྱད། སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་དང་དམངས་འཚོའི་མཐའ་སྐྱོང་ལ་ཤུགས་སྣོན་བརྒྱབ། ལས་ཤོར་འགན་བཅོལ་ཐེབས་རྩས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། གཞུང་དབང་ཁེ་ལས་ཀྱིས་མི་སྣ་བསྡུ་བ་དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་བསྡུ་བ། ཆེད་སྦྱོང་ནས་དངོས་གཞིར་འཕར་བ། སློབ་ཆེན་སློབ་མ་དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་པ་བཅས་ཀྱི་གྲངས་འབོར་གཞི་ཁྱོན་རྒྱ་བསྐྱེད་པ་དང་། “གནས་གཉིས་ཐད་སྦྲེལ་”སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ཐབས་སྤྱད་དེ་གླ་རྒྱག་ཞིང་པ་གོ་རིམ་ལྡན་པའི་སྒོ་ནས་ལས་གནས་སུ་ཕྱིར་ལོག་པ་དང་ལས་འགོ་བསྐྱར་ཚུགས་བྱེད་པར་ཁྲིད་སྟོན་བྱས། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་སྒྲིག་རིམ་ལྡན་པའི་སྒོ་ནས་དྲ་ཐོག་ནས་སློབ་ཁྲིད་བྱེད་པར་སྒྲིག་འཛུགས་བྱས།  རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྐྱོབ་རོགས་རོགས་སྐྱོར་བྱས་པ་དང་། སྤྱི་ཚོགས་ཀྱི་སྐྱོབ་རོགས་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་ཟུང་འབྲེལ་བྱེད་པའི་མཉམ་འགུལ་ལམ་སྲོལ་དུས་ཐོག་ལག་བསྟར་བྱས་ཤིང་། དུས་རིམ་རང་བཞིན་གྱི་གསབ་དངུལ་སྤྲོད་ཚད་ཇེ་མཐོ་དང་ཁེབས་རྒྱ་ཇེ་ཆེར་བཏང་།
     ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་ཚད་མེད་བྱས་པ་བརྒྱུད། ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་དང་ཧུའུ་པེ་སྲུང་སྐྱོབ་དམག་འཐབ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་དོན་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བར་གྲུབ་འབྲས་ཡག་པོ་ཐོབ། ལག་ལེན་གྱིས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་བཅས་ལ་སྟོབས་དང་ལྡན་པའི་གསོན་ཤུགས་དང་མངོན་པར་གསལ་བའི་དགེ་མཚན་ལྡན་ཞིང་། དཀའ་ངལ་དང་ཉེན་ཁ་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་པ་དང་། མིའི་རིགས་ཀྱི་ཤེས་རིག་གོང་དུ་འཕེལ་བར་བྱས་རྗེས་གལ་ཆེན་འཇོག་ཐུབ་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད། 
     དུས་མཚུངས་སུ་རང་རྒྱལ་གྱི་རིམས་ནད་ཚོད་འཛིན་ནུས་ལྡན་བྱུང་མོད། འོན་ཀྱང་མངའ་ཁོངས་ཕྱིའི་རིམས་ནད་མགྱོགས་མྱུར་མཆེད་པ་དང་། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཚབས་ཆེན་བྱུང་ཞིང་། གཏན་ཁེལ་མི་ཐུབ་པ་དང་བརྟན་འཇགས་མིན་པའི་རྒྱུ་རྐྱེན་མངོན་གསལ་གྱིས་མང་དུ་ཕྱིན་པ། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་འགྲན་སློང་ཤིན་ཏུ་ཆེན་པོར་ཕྲད་ཡོད་པ་བཅས་ཀྱང་ང་ཚོས་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱུང་ཡོད། རྒྱལ་སྤྱིའི་ཆ་ནས་བལྟས་ན། རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་འདོན་སྤྲོད་སྦྲེལ་ཐག་ལ་ཕོག་ཐུག་ཅུང་ཆེན་པོ་ཐེབས་པ་མ་ཟད། རྒྱལ་སྤྱིའི་དངུལ་རྩའི་ཚོང་རར་གཡོ་འགུལ་དྲག་པོ་ཐེབས་པ་དང་།  ཕྱོགས་རྐྱང་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་འབུར་བ། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལ་འགྲན་སློང་བྱུང་བ། ས་བབ་ཆབ་སྲིད་ཀྱི་ཉེན་ཁ་སྔར་བཞིན་ཅུང་ཆེ་བ་བཅས་འདི་དག་ཚང་མས་རང་རྒྱལ་འཕེལ་རྒྱས་འགྲོ་བའི་ཕྱི་ཕྱོགས་ཀྱི་ཉེན་ཁ་ཇེ་ཆེར་འགྱུར་སྲིད། རྒྱལ་ནང་གི་ཆ་ནས་བལྟས་ན། མངའ་ཁོངས་ཕྱི་ནས་རིམས་ནད་ནང་འགོས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་ལྷག་པར་དུ་ཐོན་ལས་སྦྲེལ་ཐག་དང་འདོན་སྤྲོད་སྦྲེལ་ཐག་སླར་གསོ་བྱ་རྒྱུ་འགྲན་སློང་གསར་པར་ཕྲད་ཡོད། གཅིག་ནི་ཕྱི་ནང་གི་དགོས་མཁོ་ཆུང་དུ་ཕྱིན་ནས་དཔལ་འབྱོར་འཁོར་རྒྱུག་ལ་བཀག་འགོག་ཐེབས་ཡོད།  སྡོད་དམངས་ཀྱི་ཉེར་མཁོ་མིན་པའི་དངོས་རྫས་ཀྱི་འཛད་སྤྱོད་སོགས་ལ་རིམས་ནད་ཀྱི་ཕོག་ཐུག་བྱུང་བའི་དབང་གིས་ཚོད་འཛིན་ཚབས་ཆེན་ཐེབས། རླངས་འཁོར་སོགས་ཐོན་འབོར་ཆེ་བའི་ཚོང་ཟོག་འཛད་སྤྱོད་བྱེད་ཚད་ཆེས་ཆེར་ཆག འཛད་སྤྱོད་གོང་དུ་འཕེལ་བར་བཀག་འགོག་ཐེབས།  ཁེ་ལས་གཉེར་སྐྱོང་ཐད་དཀའ་ངལ་ཆེ་རུ་ཕྱིན་པ་དང་མངགས་ཐོ་ཇེ་ཉུང་དུ་ཕྱིན་ཁར་ས་གནས་ཀྱི་དངུལ་འཇོག་ནུས་པར་ཚོད་འཛིན་ཐེབས་པས་དངུལ་འཇོག་འཕར་ཚད་སྔར་བཞིན་དཀའ་ངལ་ཆེ་ཙམ་ལ་ཕྲད་ཡོད།  ཕྱི་མཁོ་རྒྱུན་མཐུད་ངང་ཆག་པ་དང་གོ་ལ་ཧྲིལ་པོའི་འདོན་སྤྲོད་སྦྲེལ་ཐག་ཆད་པའི་རྐྱེན་གྱིས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བའི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གཉིས་ནི་ལས་རིགས་ཁེ་ལས་ཀྱི་འཁོར་སྐྱོད་ལ་དཀའ་ངལ་བྱུང་།  ཁེ་ལས་ཀྱི་ཁེ་སྤོགས་ཆེས་ཆེར་ཆག་ཡོད།  ལྷག་པར་དུ་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལ་རིམས་ནད་ཀྱི་ཕོག་ཐུག་ཐེབས་ཚད་ཆེ་ཤོས་ཡིན་པ་དང་། ཁེ་ལས་འབྲིང་ཆུང་ཕྲན་གསུམ་མི་ཉུང་བ་ཞིག་གི་མ་དངུལ་གྱི་སྦྲེལ་ཐག་ཆད། ཐོན་སྐྱེད་མཚམས་བཞག་ནས་སྒོ་བརྒྱབ་པ་སོགས་ཀྱི་གནས་ཚུལ་བྱུང་བ་དང་། ས་ཁུལ་ཆ་ཤས་དང་ལས་རིགས་ཁ་ཤས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་མ་རྩ་སྟོངས་པ་མང་དུ་འགྲོ་ཉེན་ཡོད། གསུམ་ནི་སྤྱི་པའི་འཕྲོད་བསྟེན་དང་འཕྲལ་བསྟུན་མ་ལག་གི་ཞན་ཆ་མངོན་གསལ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དོ་དམ་མ་ལག་འཐུས་ཚང་མིན་པ་དང་། གསར་བྱུང་འགོས་ནད་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཁ་གཏད་འཇལ་ནུས་མི་འདང་། རྫོང་གྲོང་རྡལ་གྲོང་ཚོ་གསུམ་གྱི་སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་ཞན། གལ་ཆེའི་དངོས་རྫས་རྒྱལ་ཁབ་ཀྱིས་གྲབས་གསོག་བྱེད་པའི་མ་ལག་ད་དུང་འཐུས་སྒོ་ཚང་པོ་མེད།  བཞི་ནི་ཚན་རྩལ་གསར་གཏོད་ནུས་པའི་ཞན་ཆ་སྔར་བཞིན་མངོན་གསལ་རེད། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་དེ་གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་བླང་བྱ་དང་བསྡུར་ན་ད་དུང་ཇེ་མང་དུ་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་བྱེད་པར་ཕན་པའི་གཏིང་རིམ་ཟབ་སའི་ལམ་ལུགས་ཀྱི་འགོག་རྐྱེན་ད་དུང་སེལ་མེད། གནད་འགག་ཆེ་ཞིང་སྲོག་ཤིང་གི་ལག་རྩལ་གཞན་དབང་དུ་ཚུད་པའི་གནས་ཚུལ་ད་དུང་རྩ་བའི་ཆ་ནས་ལེགས་འགྱུར་བྱུང་མེད། ལྔ་ནི་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས། ཚོང་རས་རྒྱུ་རྐྱེན་གཙོ་བོའི་རིན་གོང་ཐག་གཅོད་བྱེད་པའི་ལམ་སྲོལ་ད་དུང་འཐུས་ཚང་དུ་གཏོང་དགོས། གཞུང་དབང་ཁེ་ལས་དང་གཞུང་དབང་མ་རྩ། ནོར་ཁྲལ་དངུལ་རྩ། ཚོང་གཉེར་ཁོར་ཡུག དམངས་གཉེར་དཔལ་འབྱོར། ནང་མཁོ་རྒྱ་སྐྱེད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སོགས་སྒྱུར་བཅོས་ཀྱི་ཁྱབ་ཁོངས་གཙོ་བོ་རུ་རྒྱུན་མཐུད་ངང་འགག་སྒྲོལ་དཀའ་སེལ་བྱེད་དགོས།  དྲུག་ནི་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་གཅིག་བསྡུས་བྱུང་ཡོད། ཕྱི་ཕྱོགས་ནས་ནང་འདྲེན་རང་བཞིན་གྱི་ཉེན་ཁ་ཇེ་ཆེར་སོང་བ་དང་། ཡིད་རྟོན་ཁ་ཆད་དང་འགལ་བའི་ཉེན་ཁ་ཇེ་ཆེར་འགྲོ་ཉེན་ཡོད། དངུལ་རྩའི་ལས་ཁུངས་འབྲིང་ཆུང་ཁག་ཅིག་གི་ཉེན་ཁ་ཅུང་ཆེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་ནོར་སྲིད་རིམ་པ་ཁག་གི་རིམས་འགོག་གཏོང་སྒོ་མང་དུ་ཕྱིན་པ་དང་ཁྲལ་བསྡུའི་ཡོང་འབབ་ཉུང་དུ་ཕྱིན།  ས་གནས་ཁ་ཤས་ཀྱི་གཞི་རིམ་ནོར་སྲིད་འཁོར་སྐྱོད་ལ་དཀའ་ངལ་བྱུང་ཡོད། བདུན་ནི་སྤྱི་ཚོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་འགྲན་སློང་ཆེ་ཙམ་ལྷགས་ཡོད། ལས་གནས་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བའི་དཀའ་ངལ་ཇེ་ཆེར་གྱུར། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་གནོན་ཤུགས་ཆེ་རུ་མངོན་གསལ་ཕྱིན་པ་དང་། ས་གནས་ཁ་ཤས་སུ་ལས་ཀ་ཤོར་ནས་སླར་ཡང་ལས་ཞུགས་བྱེད་པའི་དཀའ་ངལ་ཆེ་རུ་ཕྱིན་ཡོད། ངལ་རྩོལ་པ་ཁག་ཅིག་གི་གླ་ཕོགས་ཡོང་འབབ་ཇེ་དམའ་རུ་གྱུར།  སྡོད་དམངས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་དཀའ་ངལ་ཆེ་རུ་ཕྱིན།  དབུལ་ཕོངས་མི་འབོར་ལྷག་མ་དབུལ་བྲལ་གྱི་ལས་འགན་དཀའ་ཚེགས་ཆེན་པོ་ཡོད་པ་དང་། ཤིན་ཏུ་དབུལ་པོ་ས་ཁུལ་དུ་“འགན་སྲུང་གསུམ་”མངོན་འགྱུར་བྱེད་པ་འགྲན་སློང་གསར་པ་མི་ཉུང་བར་ཕྲད་ཡོད། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་སྔར་བཞིན་ཞན་ཆ་དང་མི་འདང་ས་ཡོད།  རྒན་གསོ་དང་། བཅོལ་གསོ། སློབ་གསོ་སོགས་སྤྱི་པའི་ཞབས་ཞུའི་མ་ལག་དེ་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་ན་ད་དུང་ཧེ་བག་མངོན་གསལ་དོད་པོ་ཡོད།  དུས་མཚུངས་སུ། ང་ཚོའི་ལས་ཀའི་ཁྲོད་དུ་ད་དུང་མི་འདང་ས་ཁ་ཤས་ཀྱང་ཡོད་དེ།  དཔེར་ན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་མཐུན་སྦྱོར་དང་མཐུན་སྡེབ་བྱས་པ་ད་དུང་མི་འདང་། སྲིད་ཇུས་འགའ་ཤས་ཐར་ཐོར་ཅན་དང་དམ་དུམ་ཅན་ཡིན་པའི་གནད་དོན་ཡོད་པ་དང་། སྲིད་ཇུས་དང་བྱེད་ཐབས་ཁ་ཤས་དོན་ཐོག་ཏུ་འཁྱོལ་ཐུབ་མེད། ཁྱབ་ཁོངས་ཁ་ཤས་ཀྱི་བཅོས་སྐྱོང་བྱེད་ཐབས་དང་བཅོས་སྐྱོང་བྱེད་ནུས་ད་དུང་ལེགས་སྒྱུར་དང་ཤུགས་སྣོན་རྒྱག་དགོས།  ལས་ཀའི་ཁྲོད་དུ་ད་དུང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་ཡོད། 
     དཀའ་ངལ་དང་འགྲན་སློང་མཐོང་བ་དང་དུས་མཚུངས་སུ། རིམས་ནད་ཀྱི་ཕོག་ཐུག་དང་ཤུགས་རྐྱེན་ཚང་མ་དུས་རིམ་རང་བཞིན་ཡིན་པ་དང་། སྤྱི་ཡོངས་ནས་ཚོད་འཛིན་ཐུབ་པ་ཞིག་ཡིན་པས། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ་དང་། མཉེན་ཤུགས་ཆེ་བ། དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བ་བཅས་ཀྱི་གཞི་རྩའི་རྣམ་པར་འགྱུར་ལྡོག་གཏོང་མི་ཐུབ་པ་ང་ཚོས་དེ་བས་ཀྱང་མཐོང་ཐུབ་དགོས། ཉེན་ཁ་དང་གོ་སྐབས་མཉམ་བྱུང་མཉམ་གནས་ཡིན་པ་དང་། ཉེན་ཁ་སེལ་ཐུབ་པ་བྱུང་ན་གོ་སྐབས་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་། སྐུལ་སློང་གི་ནུས་པ་ཆེན་པོ་དང་ཕྱོགས་བསྡུས་ཀྱི་སྟོབས་ཤུགས་ཆེན་པོ། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་མཐུན་སྒྲིལ་འབད་འཐབ་བཅས་ཡོད་པས། ང་ཚོ་རིམས་ནད་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡང་རྒྱུན་འཁྱོངས་ཐུབ་ངེས་ཡིན་པ་དང་། དབུལ་བྲལ་འགག་སྒྲོལ་ལ་དམག་འཐབ་མཐིལ་ཕྱིན་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཐུབ་པར་འགན་ལེན་ཏན་ཏིག་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ངེས་རེད།
     གཉིས། 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྤྱིའི་བླང་བྱ་དང་། དམིགས་འབེན་གཙོ་བོ། སྲིད་ཇུས་ཀྱི་ཁ་ཕྱོགས།
     2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ཞིང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ་“ལོ་ལྔ་ཚན་བཅུ་བཞི་པའི”འཕེལ་རྒྱས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་རྨང་གཞི་ཡག་པོ་འདིང་དགོས་པས། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད།
     (གཅིག) སྤྱིའི་བླང་བྱ།
     ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། རིམས་ནད་སྔོན་འགོག་རྒྱུན་རྣམ་ཅན་གྱི་ཚོད་འཛིན་གྱི་སྔོན་འགྲོའི་ཆ་རྐྱེན་འོག་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་རྒྱུན་འཁྱོངས། སྒྱུར་བཅོས་སྒོ་འབྱེད་སྒུལ་ཤུགས་སུ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་པ་དང་། “བརྟན་པོ་དྲུག་”གི་ལས་དོན་སྒྲུབ་ཤུགས་ཇེ་ཆེར་གཏོང་བ་དང་། སྡོད་དམངས་ཀྱི་ལས་ཞུགས་འགན་ལེན་དང་། གཞི་རྩའི་དམངས་འཚོ་འགན་ལེན། ཚོང་རའི་བྱེད་པོ་གཙོ་བོ་འགན་ལེན། འབྲུ་རིགས་ནུས་ཁུངས་བདེ་འཇགས་འགན་ལེན། ཐོན་ལས་སྦྲེལ་ཐག་དང་འདོན་སྤྲོད་སྦྲེལ་ཐག་བརྟན་པོ་འགན་ལེན། གཞི་རིམ་འཁོར་རྒྱུག་འགན་ལེན་བཅས་བྱས་ཏེ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་བྱས་ནས་དབུལ་བྲལ་འགག་སྒྲོལ་ལ་དམག་འཐབ་མཐིལ་ཕྱིན་རྒྱག་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཐུབ་པར་འགན་ལེན་ཏན་ཏིག་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས།
     ཞིབ་ཕྲའི་ལས་དོན་ཁྲོད་ངེས་པར་དུ་མཐའ་ཚད་ཀྱི་བསམ་བློ་ཟབ་ཏུ་གཏོང་བ་དང་། རྙོག་འཛིང་གི་དུས་བབ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་པ། “བརྟན་པོ་དྲུག་”དང་“འགན་སྲུང་དྲུག་”ནི་ནང་གནས་གཅིག་གྱུར་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་པ། “འགན་སྲུང་དྲུག་”ནི་“བརྟན་པོ་དྲུག་”གི་ལས་དོན་ལ་ཤུགས་རྒྱག་ས་ཡིན་པ་དང་། “སྲུང་”གི་མཐའ་ཚད་བསྲུངས་ཤིང་དཔལ་འབྱོར་གྱི་གཞི་རྩའི་ཁྱོན་གཞོང་བརྟན་པོ་བྱུང་བ་དང་།  དེ་ལ་བརྟེན་ནས་སྲུང་ལས་བརྟན་བྱུང་དང་བརྟན་ཐོག་ཡར་འཕེལ་བྱུང་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་འདིང་ཐུབ།  “འགན་སྲུང་དྲུག་”ལ་དམིགས་ནས་སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཏོན་ཟིན་པའི་འཕྲལ་བསྟུན་དཀའ་སེལ་གྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ཁ་འཐབ་སྲིད་ཇུས་གསར་པ་འདོན་པ། དམངས་འཚོའི་མ་མཐའི་མཚམས་ཐིག་སྲུང་བ་བཅས་བྱེད་དགོས། དུས་མཚུངས་སུ། ངེས་པར་དུ་དམིགས་འབེན་གཙོ་བོར་དམ་པོར་དམིགས་ཏེ། ཐབས་ཇུས་དང་བྱེད་ཐབས་ལ་དང་དོད་བྱས་ཏེ། ཕྱི་ཕྱོགས་ཀྱི་ཉེན་ཁར་ཁ་གཏད་འཇལ་བ་དང་ནང་ཁུལ་གྱི་འགྲན་སློང་ཁྱད་བསད་ཟུང་འབྲེལ་དང་། མིག་སྔའི་གནད་དོན་ཐག་གཅོད་དང་ཡུན་རིང་གི་འགལ་བ་སེལ་རྒྱུ་ཟུང་འབྲེལ། ཚོང་ར་ནུས་ལྡན་དང་སྲིད་གཞུང་གོ་ཆོད་ཟུང་འབྲེལ། གང་ནུས་ཅི་ནུས་དང་རང་ནུས་གང་ལྕོགས་ཟུང་འབྲེལ་བཅས་བྱེད་པ་དང་། ཉེན་ཁ་གོ་སྐབས་སུ་སྒྱུར་མཁས་པོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱེད་དགོས།
     (གཉིས།) སྔོན་དཔག་གི་དམིགས་འབེན་གཙོ་བོ།
     གོང་དུ་བརྗོད་པའི་སྤྱིའི་བླང་བྱ་དང་ལས་ཀའི་བསམ་ཕྱོགས་ལྟར། དཔལ་འབྱོར་ཆོས་ཉིད་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལ་བརྩི་འཇོག་བྱེད་པ་དང་། རྒྱལ་སྤྱི་རྒྱལ་ནང་གཉིས་དང་། འཕྲལ་ཕུགས་གཉིས། དགོས་མཁོ་དང་སྒྲུབ་ཐུབ་ཚོད་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ་བཏོན་པ་འདི་ལྟ་སྟེ།
     —སྔོན་ལ་དམིགས་བསལ་གྱིས་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་བྱས་ནས་དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཧུར་ཐག་བྱེད་དགོས། བསམ་བློ་གཏོང་ཡུལ་གཙོ་བོ་ནི། གོ་ལ་ཧྲིལ་བོའི་རིམས་ནད་དང་དཔལ་འབྱོར་གནས་བབ་ལ་ངེས་གཏན་མེད་པའི་རང་བཞིན་ཧ་ཅང་ཆེན་པོ་ཡོད་པས། རང་རྒྱལ་འཕེལ་རྒྱས་འགྲོ་རྒྱུ་དེ་སྔོན་དཔག་བྱེད་དཀའ་བའི་ཤུགས་རྐྱེན་གཏོང་བྱེད་ཀྱི་རྒྱུ་རྐྱེན་ཁ་ཤས་ལ་ཕྲད་ཡོད་པ་དང་། དཔལ་འབྱོར་འཕར་སྣོན་ཡོང་བའི་དམིགས་འབེན་ལ་གྲངས་ཚད་ཀྱི་བླང་བྱ་མ་བཏོན་ན། ཕྱོགས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་དང་བཀོད་སྒྲིག་མུ་མཐུད་དུ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པར་ཁྲིད་སྟོན་བྱེད་པ་དང་། མིག་སྔར་ཕྲད་པའི་འགལ་བ་གཙོ་བོ་དང་། དཀའ་ངལ། གནད་དོན་བཅས་ལ་དམིགས་ཏེ། ལས་ཀའི་གཙོ་གནད་དེ་“འགན་སྲུང་དྲུག་”གི་ལས་འགན་དོན་འཁྱོལ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དུ་འཇོག་པར་ཕན་ཐོགས་ཡོད། དེ་དང་ཆབས་ཅིག་ད་ལོའི་དཔལ་འབྱོར་འཕར་ཚད་ལ་གྲངས་ཚད་ཀྱི་དམིགས་ཚད་མི་འདོན་པ་དེས་དཔལ་འབྱོར་འཕར་མི་དགོས་པ་མཚོན་གྱི་མེད། སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་དང་གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པ་དང་། དབུལ་བྲལ་འགག་སྒྲོལ་གྱི་སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་ལེགས་འགྲུབ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ། དེ་བཞིན་ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་བ་བཅས་བྱེད་པ་ཚང་མར་དཔལ་འབྱོར་འཕར་སྣོན་གྱིས་འདེགས་སྐྱོར་བྱེད་དགོས།
     —གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་900ཡན་ལས་ཞུགས་གསར་འཕར་འབྱུང་བ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་སོ་སོར་6%ཡས་མས་དང་5.5%ཡས་མས་ཟིན་དགོས། བསམ་བློ་གཏོང་ཡུལ་གཙོ་བོ་ནི། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་ཀྱི་སྤྱི་འབོར་དེ་རིམས་ནད་ཀྱི་ཕོག་ཐུག་དང་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་ཀྱི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འོན་ཀྱང་གསར་དུ་འཚར་ལོངས་བྱུང་བའི་ངལ་རྩོལ་ནུས་ཤུགས་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་པའི་མཁོ་ཚད་ལ་བསམ་གཞིགས་བྱས་ཏེ། གཞི་ཁྱོན་ངེས་ཅན་ལྡན་པའི་ལས་ཞུགས་འཕར་ཚད་རྒྱུན་འཁྱོངས་བྱ་རྒྱུ་ནི་དགོས་ངེས་ཡིན་ལ་ཅིས་ཀྱང་འགྲུབ་པ་ཡང་བྱེད་དགོས་ཤིང་། ལས་ཞུགས་སྔོན་ལ་དམིགས་བསལ་བྱེད་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་ཀྱང་མཚོན་ཡོད། ལས་ཀ་ཤོར་ཚད་ཀྱི་ཐད་ནས་རིམས་ནད་ཀྱིས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་ཚད་ད་དུང་དུས་ཡུན་ངེས་ཅན་ཞིག་རྒྱུན་མཐུད་བྱེད་སྲིད་མོད། འོན་ཀྱང་གཞི་ཁྱོན་ཆེ་བའི་ལས་ཤོར་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཧུར་ཐག་བྱས་ནས་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ང་ཚོར་ཡིད་ཆེས་དང་ནུས་པ་ཡོད།
     —སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད་3.5%ཡས་མས་ཟིན་དགོས། བསམ་བློ་གཏོང་ཡུལ་གཙོ་བོ་ནི། 2019ལོའི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་བའི་མཇུག་མ་ཡར་གཟེངས་ཀྱི་ཤུགས་རྐྱེན་ཅུང་ཆེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཏེ། 2020ལོར་ད་དུང་རིན་གོང་འཕར་བའི་རྒྱུ་རྐྱེན་གསར་པ་ཁ་ཤས་ཡོད་པས། རིན་གོང་སྤྱིའི་ཆ་ནས་འཕར་བའི་གནོན་ཤུགས་སྔར་བཞིན་ཅུང་ཆེ། དུས་མཚུངས་སུ་3.5%ཡས་མས་ཀྱི་སྔོན་དཔག་དམིགས་འབེན་གྱིས་ཚོང་རའི་སྔོན་དཔག་བརྟན་པོ་ཡོང་བའི་དགོས་མཁོར་ཡང་ལྟ་རྟོག་བྱས་ཡོད།
     —སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བར་བྱེད་དགོས། བསམ་བློ་གཏོང་ཡུལ་གཙོ་བོ་ནི། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་དམིགས་འབེན་གྱི་བླང་བྱ་དང་འབྲེལ་མཐུད་བྱས་ཏེ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་བསྐང་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔར་ལས་ལེགས་པར་མཚོན་དགོས། དེ་དང་ཆབས་ཅིག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་སྡོད་དམངས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་རིམ་བཞིན་དོན་འཁྱོལ་བྱུང་བ་དང་བསྟུན་ནས།  2020ལོར་སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་སྔོན་དཔག་དམིགས་འབེན་མངོན་འགྱུར་བྱེད་པར་འདེགས་སྐྱོར་ཡོད།
     —ཕྱིར་གཏོང་ནང་འདྲེན་ཐད་བརྟན་བརླིང་ལ་སྐུལ་འདེད་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱེད་དགོས། བསམ་བློ་གཏོང་ཡུལ་གཙོ་བོ་ནི། 2020ལོར་ཕྱི་ཕྱོགས་ཉོ་ཚོང་འཕར་སྣོན་ཡོང་བར་དཀའ་ཁག་ཅུང་ཆེ་བས། ཕྱི་ཕྱོགས་ཉོ་ཚོང་བརྟན་བརླིང་ངང་གོང་དུ་འཕེལ་བ་དང་། ཚོང་རའི་སྔོན་དཔག་དང་ཁེ་ལས་ཀྱི་ཡིད་ཆེས་བརྟན་པོ་ཡོང་བར་འབད་པས་སྐུལ་འདེད་གཏོང་དགོས་ལ། ཕྱི་ཕྱོགས་ཉོ་ཚོང་གི་འགྲན་རྩོད་ལེགས་ཆ་གསར་པ་མགྱོགས་མྱུར་སྐྱེད་སྲིང་དང་། ཕྱི་ཕྱོགས་ཉོ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཡང་སྐུལ་འདེད་གཏོང་དགོས།
     —རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་བྱེད་ཚད་མུ་མཐུད་ཆག་ནས་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་དམིགས་འབེན་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས། བསམ་བློ་གཏོང་ཡུལ་གཙོ་བོ་ནི། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ནང་གཏན་འཁེལ་བྱས་པའི་རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་ཚད་15%དམའ་རུ་གཏོང་བའི་དམིགས་འབེན་ལས་འགན་གྱི་87.1%ལེགས་གྲུབ་བྱུང་ཡོད་ན་ཡང་། ད་ལོའི་ལས་འགན་སྔར་བཞིན་ཧ་ཅང་ལྗིད་པོ་ཡོད་པ་དང་། ལྷག་པར་དུ་རིམས་ནད་ཀྱིས་དཔལ་འབྱོར་འཕར་ཚད་ལ་ཤུགས་རྐྱེན་ཐེབས་ཚད་དེ་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་འཕར་ཚད་ལ་ཐེབས་པའི་ཤུགས་རྐྱེན་ལས་ཆེ་བ་ཡོད་ཤས་ཆེ་བས། འཆར་འགོད་ཀྱི་དམིགས་འབེན་ལས་འགན་ལེགས་གྲུབ་བྱེད་པར་དཀའ་སྤྱད་འབད་བརྩོན་བྱེད་དགོས། 
     (གསུམ།) སྲིད་ཇུས་ཀྱི་ཁ་ཕྱོགས་གཙོ་བོ།
     གོང་གསལ་དམིགས་འབེན་མངོན་འགྱུར་ཡོང་ཆེད་རིམས་ནད་ཀྱིས་འཛམ་གླིང་དཔལ་འབྱོར་ལ་བཟོས་པའི་ཤུགས་རྐྱེན་ལ་ཚོད་དཔག་གང་ལེགས་བྱས་ཏེ་གནད་འཁེལ་ཇུས་འདོན་གྱི་སྔོན་འགྲོའི་ཆ་རྐྱེན་འོག  སྤྱི་ཁོག་སྲིད་ཇུས་ཀྱི་སྙོམས་སྒྲིག་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཁོག་སྲིད་ཇུས་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་བརྟན་པོ་དང་དམངས་འཚོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། དུས་ཐུང་གི་ཕོག་ཐུག་དེ་འཕེལ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་ཏུ་འགྱུར་བ་སྔོན་འགོག་བཅས་བྱེད་དགོས།
     —དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པ་བྱེད་དགོས། 2020ལོར་ནོར་སྲིད་མཚལ་ཡིག་གི་ཚད་3.6%ཡན་ལྟར་བཀོད་སྒྲིག་བྱེད་པ་དང་། ནོར་སྲིད་མཚལ་ཡིག་གི་གཞི་ཁྱོན་ན་ནིང་ལས་སྒོར་དུང་ཕྱུར་ཁྲི་1འཕར་སྣོན་བྱེད་རྩིས་ཡོད། ཀྲུང་དབྱང་ནོར་སྲིད་ཀྱིས་རིམས་འགོག་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་1འགྲེམས་སྤེལ་བྱ་རྒྱུ་ཡིན་པ་དེ་ནོར་སྲིད་མཚལ་ཡིག་གི་ཁོངས་སུ་མི་བརྩི། གོང་བཀོད་བྱེད་ཐབས་རིགས་གཉིས་ལས་གསར་འཕར་བྱུང་བའི་མ་དངུལ་ཚང་མ་ས་གནས་ལ་སྤྲད་དེ་གཙོ་བོ་སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཚོང་རའི་བྱེད་པོ་གཙོ་བོ་འགན་སྲུང་བཅས་བྱེད་པ་དང་དེ་བཞིན་ཁྲལ་རིན་གཉིས་གཅོག་དང་བོགས་འཕྲི་སྐྱེད་གཅོག འཛད་སྤྱོད་རྒྱ་སྐྱེད་དང་དངུལ་འཇོག་སོགས་ལ་རྒྱབ་སྐྱོར་བྱེད་པར་བེད་སྤྱོད་གཏོང་རྩིས་ཡོད།  ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་སྒྱུར་ཤུགས་ཆེན་བྱེད་པ་དང་། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་འཕྲི་མཐའ་གཅིག་ཏུ་བྱེད་པ། མགྲོན་ཁང་དང་ཐོག་ཁང་། ཚོགས་ཁང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་གསར་རྒྱག་གཏན་འགོག རྒྱས་སྤྲོས་ཆུད་ཟོས་གཏན་འགོག་བཅས་བྱེད་དགོས། དེ་དང་དུས་མཚུངས་སུ་དབུལ་སྐྱོར་དང་། འོས་འགན་སློབ་གསོ། གཞི་རྩའི་རྒན་གསོ། གཞི་རྩའི་སྨན་བཅོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་སོགས་དམངས་འཚོའི་གཏོང་སྒོ་འཕར་སྣོན་ལས་ཉུང་འཕྲི་མི་གཏོང་བ་བཅས་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་འཁོར་སྔ་མའི་རྩིས་ཁུངས་སྤོས་པའི་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བེད་སྤྱོད་ཡག་པོ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ལས་འགན་ལེགས་འགྲུབ་དང་། རིམས་ནད་ཀྱིས་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་སེལ་བ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་ཀྱི་གཙོ་གནད་ལས་གཞི་སོགས་རྒྱབ་སྐྱོར་བྱེད་པའི་ཐད་དུ་སྤྱོད་དགོས། ནོར་སྲིད་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཆེ་ཙམ་ཐེབས་པའི་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རྩའི་དམངས་འཚོ་འགན་ལེན་དང་། གླ་ཕོགས་འགན་ལེན། འཁོར་སྐྱོད་འགན་ལེན་བཅས་བྱེད་དགོས།
     —དངུལ་ལོར་སྲིད་ཇུས་བརྟན་པོ་སྔར་བས་སྟབས་བསྟུན་འོས་འཚམ་བྱེད་དགོས། ཁྱབ་ཆེའི་དངུལ་ལོར་(M2)འདོན་སྤྲོད་བྱེད་འབོར་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་གཞི་ཁྱོན་བསགས་འབོར་གྱི་འཕར་ཚད་ན་ནིང་ལས་མངོན་གསལ་གྱིས་མཐོ་བར་ཁྲིད་སྟོན་བྱེད་དགོས། ཚོང་རའི་བཀོལ་སྤྱོད་ཡོངས་བསྒྲགས་དང་། སྐྱེད་ཀ་གཅོག་པ། ཚད་གཞི་དམའ་རུ་གཏོང་བ། དངུལ་བུན་བསྐྱར་དུ་གཏོང་བ། དུས་ཆད་སྐྱེད་ཀ་བསྐྱར་དུ་སྤྲོད་པ་སོགས་ཀྱི་ཡོ་བྱད་ཕྱོགས་བསྡུས་ཀྱིས་སྤྱད་དེ་འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་སྲུང་འཛིན་བྱེད་དགོས།  དངུལ་བུན་གྱི་སྐྱེད་ཀའི་ཚད་རྒྱུན་མཐུད་ངང་ཆག་རྒྱུར་ཁྲིད་སྟོན་བྱས་ཏེ་ཁེ་ལས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མངོན་གསལ་དོད་པོས་ཆག་པར་བྱེད་དགོས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱིས་དངུལ་བུན་གྱི་མ་སྐྱེད་འཇལ་སྤྲོད་དུས་འགྱང་བྱེད་པའི་སྲིད་ཇུས་ཡུན་སྲིང་བྱེད་པ་དང་། ཀུན་ཕན་ཅན་གྱི་དངུལ་བུན་ཆུང་ཕྲན་བསྲིང་འོས་བསྲིང་རྐྱང་བྱེད་པ་དང་། དཀའ་ངལ་ཅུང་ཆེ་བའི་ཁེ་ལས་ཆེ་འབྲིང་ཅན་ལ་གྲོས་མོལ་བྱས་ནས་ཡུན་སྲིང་བྱེད་དགོས།  དངོས་གཞིའི་དཔལ་འབྱོར་ལ་ཐད་སྦྲེལ་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་གསར་གཏོད་བྱས་ནས་མྱུར་བསྟུན་དངུལ་སྡུད་ལ་རྒྱབ་སྐྱོར་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཀུན་ཕན་ཅན་གྱི་ཡིད་རྟོན་དངུལ་བུན་ཆུང་ཕྲན་གཏོང་བར་སྐུལ་ལྕག་གཏོང་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་དང་། ཕྱི་རྒྱལ་གྱི་དངུལ་ལོར་གྲབས་གསོག་གི་གཞི་ཁྱོན་ལུགས་མཐུན་དང་འོས་འཚམ་སྲུང་འཛིན་བྱེད་དགོས། དངུལ་རྩ་བརྟན་ལྷིང་དང་ཉེན་ཁ་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་སྲུང་བ་བཅས་བྱེད་དགོས།
     —ལས་ཞུགས་སྔོན་ཐོབ་སྲིད་ཇུས་ཕྱོགས་ཡོངས་ནས་ཤུགས་ཇེ་ཆེར་གཏོང་དགོས། སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་བྱ་རྒྱུ་དེ་མངོན་གསལ་ཆེ་བའི་གནས་སུ་བཞག་སྟེ། ལས་ཞུགས་གནས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྲིད་ཇུས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་བསྡོམས་འབོར་བརྟན་དུ་གཏོང་བ། ལས་ཞུགས་གྲུབ་ཆ་ལེགས་སུ་གཏོང་བ། ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ས་གནས་དང་ཁེ་ལས་དང་མི་སྣ་མི་འདྲ་བ་རིགས་དབྱེ་ནས་རོགས་སྐྱོར་བྱེད་པ། གཞི་ཁྱོན་ལྡན་པའི་ལས་ཤོར་ཉེན་ཁ་སྔོན་འགོག་དང་སེལ་ཐབས་གང་ཐུབ་བཅས་བྱེད་དགོས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དེས་སྡོད་དམངས་ཀྱི་ལས་ཞུགས་འགན་སྲུང་བྱེད་པའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་འཚོལ་ཞིབ་བྱས་ནས་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མས་གསར་གཏོད་ལས་གཏོད་བྱེད་པར་སྐུལ་ལྕག་གཏོང་དགོས། སྟབས་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། གླ་རྒྱག་ཞིང་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལས་རིགས་ཐོབ་ཐང་ཁག་ཅིག་“སྔོན་ལ་ལས་ཐོག་ཏུ་སྐྱོད་པ་དང་། དེ་ནས་ཐོབ་ཐང་ལག་ཁྱེར་ལ་རྒྱུགས་སྤྲོད་པའི་”དུས་རིམ་རང་བཞིན་གྱི་བྱེད་ཐབས་སྤྱོད་པ་དང་། ལས་རིགས་རྩལ་ནུས་ཇེ་མཐོར་གཏོང་བའི་བྱ་སྤྱོད་ཀྱི་རྩིས་ཁོངས་སྤོས་པའི་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་དང་ལྷག་པར་དུ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལས་ཞུགས་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ལས་ཞུགས་གཅིག་ཀྱང་མེད་པའི་ཁྱིམ་ཚང་འགུལ་རྣམ་གཙང་སེལ་ཐུབ་པའི་འགན་ལེན་བྱེད་དགོས།
     —སྤྱི་ཁོག་སྲིད་ཇུས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་ཡོང་བར་ཤུགས་སྣོན་རྒྱག་དགོས།  སྲིད་ཇུས་སྔོན་ཚུད་ཞིབ་འཇུག་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་དང་། དངུལ་ལོར། ལས་ཞུགས་བཅས་ཀྱི་སྲིད་ཇུས་དེ་འཛད་སྤྱོད་དང་། དངུལ་འཇོག ཐོན་ལས། ས་ཁོངས་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བ་དང་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་པ་དང་། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཚོང་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་དང་མ་རྩ་འཇོག་པའི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་པ། མ་དངུལ་མཁོ་འདོན་ཕྱོགས་གཉིས་ཀར་ཁེ་ཕན་ཐོབ་པ་དང་། སྒྱུར་གྲངས་ཕན་འབྲས་ལྡན་པའི་ཁྱབ་ཁོངས་སུ་གཏོང་བར་ཁྲིད་སྟོན་བྱེད་པ། རྒྱལ་ནང་གི་དགོས་མཁོ་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོན་ལས་སྲིད་ཇུས་ཀྱིས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྲིད་གཞུང་གི་ཁྲིད་སྟོན་དང་ཚོང་རའི་ལམ་སྲོལ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་དང་། རང་ཚུགས་རང་བདག་དང་སྒོ་འབྱེད་མཉམ་ལས་གཉིས་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་འབྲེལ་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས། འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞིའི་རང་བཞིན་གྱི་གོ་གནས་ལ་ཤུགས་སྣོན་རྒྱག་པ་དང་།  དྲང་གཞག་འགྲན་རྩོད་ཀྱི་ལམ་ལུགས་ཁོར་ཡུག་བསྐྲུན་ནས་ཚོང་རའི་གསོན་ཤུགས་སྔར་བས་འཕེལ་བར་བྱེད་དགོས། ས་ཁོངས་སྲིད་ཇུས་ཀྱིས་ས་ཁུལ་ཁག་གི་བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ལས་གཞི་གལ་ཆེན་དང་སྲིད་ཇུས་གལ་ཆེན་གྱིས་སྣེ་ཁྲིད་དེ་ས་ཁོངས་འཐབ་ཇུས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་འབྱུང་ཁུངས་གསར་པ་གང་མགྱོགས་ཆགས་པར་བྱེད་དགོས།
     གསུམ། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ལས་འགན་གཙོ་བོ།
     2020ལོར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ཕྱོགས་དགུའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་རྒྱག་དགོས་ཏེ།
     (གཅིག)རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་རིམ་རང་བཞིན་གྱི་ཕན་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རིམས་ནད་མཐའ་གཅིག་ཏུ་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་དགོས། “ཕྱི་ནས་ནང་མཆེད་འགོག ནང་ནས་བྱེར་ཁྱབ་འགོག་”གི་སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ལྡན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་སྤྱོད་པ་དང་། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མུ་མཐུད་དུ་དམ་འཛིན་དངོས་འཛིན་ཞིབ་འཛིན་བྱེད་དགོས།
     གཅིག་ནི་རྒྱལ་ནང་གི་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་མཐའ་གཅིག་ཏུ་གཏོང་དགོས། དུས་ཐོག་ཏུ་ཤེས་རྟོགས་དང་། མགྱོགས་མྱུར་ཐག་གཅོད། གནད་འཁེལ་ལྟ་སྡོམ། སྲོག་སྐྱོབ་སྨན་བཅོས་ནུས་ལྡན་བཅས་བྱེད་པའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ཀྱི་སྔོན་འགོག་ཚོད་འཛིན་སྔོན་ཇུས་འཐུས་ཚང་དུ་གཏོང་ཞིང་དུས་ཐོག་ཏུ་ལག་བསྟར་བྱེད་པ་དང་།  ཚན་རིག་དང་མཐུན་པར་འགོག་ཟོན་བྱས་ཏེ་ཆད་སྐྱོན་མི་ཡོང་བ་བྱེད་དགོས། སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་དྲ་མཐིལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་བ་དང་། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་སྔོན་འགོག་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་དགོས། དོགས་ཡོད་ནད་པ་དང་གཏན་འཁེལ་ནད་པ་སྲོག་སྐྱོབ་སྨན་བཅོས་བྱེད་པའི་ལས་ཀ་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས།  དྲག་སྐྱེད་བྱུང་བའི་ནད་པ་དང་། ལོགས་བཀར་མང་ཚོགས། རིམས་འགོག་ལས་གནས་དང་པོའི་སྨན་དོན་མི་སྣ་བཅས་ཀྱི་སེམས་ཁམས་ཁྲིད་སྟོན་མུ་མཐུད་ཡག་པོ་བྱེད་དགོས། འགོག་སྨན་ཞིབ་འཇུག་གསར་སྤེལ་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས།
     གཉིས་ནི་ཕྱི་ནས་ནང་མཆེད་འགོག་པའི་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་དགོས།  མངའ་ཁོངས་ཕྱི་རུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། འགག་སྒོའི་གྲོང་ཁྱེར་གྱི་འགོག་སྲུང་འཛིང་རགས་བརྟན་སྲུང་མཐའ་གཅིག་ཏུ་བྱེད་པ་དང་། སྨན་བཅོས་ཐོན་ཁུངས་དང་སྲོག་སྐྱོབ་སྨན་བཅོས་སྟོབས་ཤུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། ནད་ཡམས་ཞིབ་བཤེར་དང་ཞིབ་དཔྱད་ཚད་ལེན་བྱེད་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  ཉེན་ཁའི་འབྱུང་ཁུངས་དང་ཉེན་ཁ་འབྱུང་གནས་མགྱོགས་མྱུར་ངང་དབྱེ་འབྱེད་དང་དོ་དམ་ཚོད་འཛིན་གནད་འཁེལ་བྱེད་དགོས། གཅིག་བསྡུས་ལོགས་བཀར་མི་སྣའི་བདེ་འཇགས་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། བདེ་ཐང་ལྟ་ཞིབ་ཚད་ལེན་དང་མི་ཆོས་ཐུགས་ཁུར་ཡག་པོ་བྱེད་དགོས།
     གསུམ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱེད་པ་དང་། ས་ཁོངས་ཀྱི་སྤྱི་པའི་འཕྲོད་བསྟེན་མྱུར་བསྟུན་འབྲེལ་གཏུག་ལམ་སྲོལ་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ།  མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་པ། བདེ་ཐང་གི་དར་གོས་འགྲུལ་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། རིམས་འགོག་དངོས་རྫས་ཕྱིར་གཏོང་བྱེད་པའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུང་དགོས། ཚན་ཞིབ་འགག་སྒྲོལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕན་ནུས་ཆེ་བའི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་འགོག་སྨན་ཞིབ་བཟོ་སོགས་ཀྱི་ཐད་གང་མགྱོགས་ཐོལ་བརྒལ་ཡོང་བ་བརྩོན་ལེན་བྱེད་དགོས།
     (གཉིས།) འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་བློ་ཐག་རྦད་ཆོད་ཀྱིས་ཡག་པོ་བརྒྱབ་ནས་དམིགས་འབེན་ལས་འགན་ཁག་དུས་བཅད་ལྟར་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྱི་ལས་འགན་དུས་བཅད་ལྟར་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བར་འགན་ལེན་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དུས་མཚམས་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་ཡོང་བ་འགན་ལེན། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་འགན་ལེན་བཅས་བྱེད་དགོས།
     གཅིག་ནི་དབུལ་བྲལ་འགག་སྒྲོལ་གྱི་རྒྱལ་ཕམ་རྟིང་རྩོད་དང་རྒྱལ་ཁ་ཕུ་ཐག་གཅོད་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་དང་། “ས་ཁུལ་གསུམ་དང་རང་སྐྱོང་ཁུལ་གསུམ་”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་མུ་མཐུད་དུ་དམིགས་ཏེ་དབུལ་ཞྭ་ཕུད་མེད་པའི་དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་ཚོར་སྒོ་བྱང་བཀལ་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ། ད་ལྟ་སྤྱོད་བཞིན་པའི་ཚད་གཞི་ལྟར་གྱི་ཞིང་གྲོང་གི་དབུལ་ཕོངས་མི་འབོར་ཡོངས་རྫོགས་དབུལ་བྲལ་བྱེད་པ་དང་། དབུལ་ཕོངས་རྫོང་ཡོངས་རྫོགས་ཀྱིས་དབུལ་ཞྭ་ཕུད་པ་འགན་ལེན་བཅས་བྱེད་དགོས། ལས་ཞུགས་དབུལ་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལས་གནས་སུ་བསྐྱར་དུ་ལོག་ནས་ལས་ཀ་བྱེད་པར་སྔོན་ལ་སྒྲིག་འཛུགས་བྱེད་དགོས། དབུལ་བྲལ་འགག་སྒྲོལ་གྱི་ལས་གཞི་ལས་ཐོན་བསྐྱར་ཚུགས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཁེ་ལས་ཀྱིས་དབུལ་ཕོངས་ས་ཁུལ་དང་ལྷག་པར་དུ་ཡིག་ཚགས་དང་ཁཱ་བཟོས་པའི་དབུལ་ཕོངས་དུད་ཁྱིམ་གྱི་མི་སྣ་དེ་ལས་མང་བ་བསྡུ་སྤྱོད་བྱ་རྒྱུར་སྐུལ་ལྕག་གཏོང་བ། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་གིས་ས་གནས་དེ་གའི་ལས་ཞུགས་བསྡུ་ལེན་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། འཛད་སྤྱོད་དབུལ་སྐྱོར་ཟབ་སྤེལ་དང་། ཐོན་འཚོང་འབྲེལ་མཐུད་རྩ་འཛུགས་ཡག་པོ་བྱེད་པ། རིམས་ནད་སོགས་ཀྱིས་བཟོས་པའི་དབུལ་ཕོངས་ས་ཁུལ་གྱི་ཞིང་ལས་ཐོན་རྫས་འཚོང་དཀའ་བའི་གནད་དོན་ཐག་གཅོད་བཅས་བྱེད་དགོས། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོན་ལས་ཀྱི་རོགས་སྐྱོར་མ་དངུལ་དང་ཡིད་རྟོན་དངུལ་བུན་འབོར་ཉུང་དབུལ་སྐྱོར་གྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ། ས་གནས་ཀྱིས་ད་ལོ་གནས་ཚུལ་ལ་གཞིགས་ནས་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྲིད་ཇུས་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་ཆོག་པ། ཐོན་ལས་དབུལ་སྐྱོར་ལས་གཞིའི་བྱ་དགའ་དང་གསབ་དངུལ་སྤྲོད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། ཞིང་གྲོང་གི་འཐུང་ཆུའི་བདེ་འཇགས་དབུལ་བྲལ་འགག་སྒྲོལ་གྱི་“མཇུག་སྒྲིལ་”ལས་གྲྭ་ལས་ཐོན་བསྐྱར་ཚུགས་དང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ལོ་སྟོད་དུ་གཞི་རྩའི་ཐོག་ལས་མཇུག་སྒྲིལ་བའི་ལས་དོན་ཚང་མ་ལེགས་གྲུབ་ཡོང་བ་འགན་ལེན་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱེད་ཐབས་ཞིབ་ཕྲ་དང་དོན་འཁྱོལ་བྱེད་པ། བདེ་འགོད་ཁུལ་ཆེ་གྲས་ཀྱི་ལེ་ལག་ཚང་བའི་སློབ་གསོ་དང་སྨན་བཅོས་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་རྐྱང་བྱེད་པ་བཅས་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། སློབ་གསོའི་དབུལ་སྐྱོར་འགག་སྒྲོལ་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་ཀ་གཏིང་ཟབ་ཏུ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། ཞིང་གྲོང་གི་སྡོད་ཁང་ཉེན་ཅན་བསྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་དུད་ཚང་དབུལ་པོའི་སྡོད་ཁང་གི་བདེ་འཇགས་ལ་འགན་ལེན་ཡོད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས། རྒུད་གསབ་ལས་སྤྲོད་ཀྱི་འཛུགས་སྐྲུན་ཁྱབ་ཁོངས་དང་། ལག་བསྟར་བྱེད་ཁོངས། ཕན་ཆ་ཐོབ་ཡུལ་བཅས་རྒྱ་སྐྱེད་དགོས། རིམས་ནད་ཀྱི་རྐྱེན་གྱིས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོར་གྱུར་པའི་མི་འབོར་ལ་རོགས་སྐྱོར་ཡག་པོ་བྱས་ཏེ་གཞི་རྩའི་འཚོ་བར་གནོད་པ་མི་ཐེབས་པའི་འགན་ལེན་བྱེད་དགོས། ངལ་རྩོལ་ནུས་ཤུགས་མེད་པའི་དམིགས་བསལ་དབུལ་ཕོངས་མི་འབོར་ལ་སྤྱི་ཚོགས་འགན་སྲུང་གི་མཐའ་སྐྱོང་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། འགན་སྲུང་བྱེད་དགོས་རིགས་ཚང་མ་འགན་སྲུང་གང་ཐུབ་བྱེད་དགོས། དམིགས་འཛུགས་དབུལ་སྐྱོར་ཟབ་སྤེལ་བྱེད་དགོས། གསར་བརྗེ་གནས་གཞིའི་ས་ཁུལ་རྙིང་པའི་དབུལ་བྲལ་འགག་སྒྲོལ་དང་དར་རྒྱས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས། དབུལ་ཞྭ་ཕུད་པའི་རྫོང་ལ་རོགས་སྐྱོར་སྲིད་ཇུས་གཙོ་བོ་མུ་མཐུད་དུ་ལག་བསྟར་བྱེད་དགོས། བལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་པའི་ཡུན་ཕན་ལམ་སྲོལ་ཞིབ་འཇུག་གིས་འཛུགས་སྐྱོང་བྱེད་དགོས།
     གཉིས་ནི་སྦགས་བཙོག་འགོག་བཅོས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་ཇེ་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་དང་། འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་སྐྱོང་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་ཀྱི་ནུས་རྒྱུ་གཙང་མའི་དྲོད་ལེན་གྱི་ཡུན་ཕན་ལམ་སྲོལ་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ངར་ལྕགས་ལས་རིགས་ཕྱིར་འབུད་ཧ་ཅང་ཉུང་བར་བསྒྱུར་བཀོད་བྱེད་པའི་གཞི་ཁྱོན་རྒྱ་སྐྱེད་པ།  ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྕགས་ལམ་གྱི་ཆེད་སྤྱོད་ལམ་ཐིག་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཟོག་འདྲེན་“གཞུང་ལམ་ནས་ལྕགས་ལམ་དུ་བསྒྱུར་བར་”མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཕྱོད་དེ་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་དམིགས་འབེན་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་བཅོས་དང་། གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་བཅོས་སྐྱོང་། པོ་ཧའེ་རྒྱ་མཚོའི་ཕྱོགས་བསྡུས་བཅོས་སྐྱོང་། ཞིང་ལས་དང་ཞིང་གྲོང་གི་སྦགས་བཙོག་བཅོས་སྐྱོང་། ཆུ་ཁུངས་ས་ཁུལ་སྲུང་སྐྱོང་བཅས་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། འབྲི་ཆུ་དང་རྨ་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ་གལ་ཆེན་ཁག་ཅིག་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྦགས་བཙོག་ཐེབས་པའི་རྨོ་ཞིང་དང་སྦགས་བཙོག་ཐེབས་པའི་ས་ཆ་བདེ་འཇགས་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ལས་གྲྭ་གལ་ཆེན་གྱི་ཆེད་དོན་འཛུགས་སྐྲུན་ཉམས་གསོའི་འཆར་འགོད་སྒྲིག་བཟོ་བྱེད་པ་དང་། ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་འཐུས་ཚང་དུ་གཏོང་བ། ནགས་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭའི་མ་ལག་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ས་འོག་གི་ཆུ་ཚད་བརྒལ་སྔོག་འདོན་བྱས་པ་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་རེའི་ཆུ་སྤྱོད་ཚད་1.2%ཆག སྐྱེ་ཁམས་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཚད་གཞི་དང་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་བཟོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྐྱིན་གསབ་ལམ་སྲོལ་འཐུས་ཚང་བཟོ་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་སྐྱིན་གསབ་སྲོལ་ཡིག་འཆར་ཟིན་འགོད་པ། སྐྱེ་ཁམས་ཕྱོགས་བསྡུས་སྐྱིན་གསབ་ཚོད་ལྟ་བྱེད་པ་བཅས་བྱེད་དགོས། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱེད་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཧུར་བརྩོན་གྱིས་ཁ་གཏད་འཇལ་བ་དང་། རྒྱལ་ཡོངས་ཀྱི་ཐཱན་ཚོང་རའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་ལག་རྩལ་ཁྱབ་གདལ་གཏོང་བའི་དཀར་ཆག་ཁྱབ་སྤེལ་བྱེད་པ་དང་། གླིང་ཁུལ་གྱི་ཁོར་ཡུག་སྦགས་བཙོག་ཕྱོགས་གསུམ་པས་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་དང་། སྨན་བཅོས་སྙིགས་རོ། ཉེན་ཅན་ཟོག་རོ་སྡུད་རུབ་གཙང་བཅོས་སོགས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གྱིས་གསབ་དགོས། གད་སྙིགས་རིགས་དབྱེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། མྱུར་སྐྱེལ་ཐུམ་སྒྲིལ་གྱི་སྦགས་བཙོག་དང་ཚོང་ཟོག་ཚད་བརྒལ་ཐུམ་སྒྲིལ་ལ་ཞིབ་འཇུག་གིས་བཅོས་སྐྱོང་བྱེད་པ། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་སེལ་བྱེད་ཚད་ཇེ་མཐོ་རུ་གཏོང་བ་བཅས་བྱེད་དགོས།
     གསུམ་ནི་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་བརྟན་སྲུང་བྱེད་དགོས། གོ་ལ་ཧྲིལ་པོའི་དངུལ་རྩའི་ཚོང་ར་དང་ཚོང་ཟོག་ཆེ་རིགས་ཀྱི་ཚོང་རའི་གཡོ་འགུལ་ལས་འབྱུང་སྲིད་པའི་ནང་འདྲེན་རང་བཞིན་གྱི་ཉེན་ཁར་དོ་སྣང་ཆེན་པོ་བྱེད་པ་དང་། རྒྱལ་ཁོངས་ལས་བརྒལ་བའི་མ་དངུལ་འཁོར་རྒྱུག་གི་ཉེན་ཟོན་སྔོན་བརྡ་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། བཀན་ཤིང་སྤྱོད་ཚད་ཅུང་མཐོ་བ་དང་ཁེ་སྤོགས་ལེན་ནུས་ཅུང་ཞན་པའི་ལས་རིགས་དང་ཁེ་ལས་ཀྱི་འཁོར་རྒྱུག་རང་བཞིན་གྱི་ཉེན་ཁར་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱས་ཏེ་མ་དངུལ་སྦྲེལ་ཐག་ཆད་པ་ལས་བྱུང་བའི་འབྲེལ་མཐུད་ཚུར་སྣང་མི་ཐོན་པ་བྱེད་དགོས། ཉེན་ཁ་འབྱུང་ཉེན་ཆེ་བའི་དངུལ་རྩའི་སྒྲིག་གཞིའི་ཉེན་ཁ་མུ་མཐུད་དུ་སྒྲིག་རིམ་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་དགོས། བུན་འཛིན་ཚོང་ར་བརྟན་པོ་ཡོང་བར་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བུན་འཛིན་ཆིངས་འགལ་ཐག་གཅོད་ལམ་སྲོལ་འཐུས་ཚང་ཇེ་མགྱོགས་སུ་གཏོང་བ། སྔ་ཙམ་ནས་ངོས་འཛིན་དང་། སྔ་ཙམ་ནས་སྔོན་བརྡ། སྔ་ཙམ་ནས་ཤེས་རྟོགས། སྔ་ཙམ་ནས་ཐག་གཅོད་བཅས་བྱེད་པའི་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་དགོས། དངུལ་ཁང་གི་དུས་བཅད་ལྟར་སྡུད་མི་ཐུབ་པའི་དངུལ་བུན་ཞིབ་རྩིས་གཙང་དག་བཟོ་བའི་སྲིད་ཇུས་ལག་བསྟར་དང་། ཚོང་རའི་བྱེད་པོ་གཙོ་བོ་དུས་བཅད་ལྟར་སྡུད་མི་ཐུབ་པའི་དངུལ་བུན་ཐག་གཅོད་བྱེད་པར་ཞུགས་རྒྱུར་སྐུལ་ལྕག་གཏོང་དགོས། དངུལ་རྩའི་ལས་ཁུངས་སླར་གསོ་དང་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དངུལ་ཁང་གིས་ཐབས་ལམ་མང་པོར་བརྟེན་ནས་མ་རྩ་ཁ་གསབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ས་གནས་སྲིད་གཞུང་གི་གསོག་འབོར་མངོན་མེད་བུ་ལོན་བརྟན་པོའི་ངང་སེལ་དགོས། “ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་བྱ་མིན་”ཞེས་པའི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པའི་ས་ཁང་བདག་ཁོངས་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཡུན་ཕན་ལམ་སྲོལ་བརྟན་པོའི་ངང་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ས་རིན་བརྟན་པོ་དང་། ཁང་གོང་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བ་བྱེད་དགོས།
     (གསུམ།) ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ཏེ། རྒྱལ་ནང་གི་ཚོང་ར་སྟོབས་ལྡན་ཆགས་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རིམས་ནད་ཀྱིས་ཐེབས་པའི་ཕོག་ཐུག་དང་ཤུགས་རྐྱེན་ལ་དམིགས་ཏེ། རྒྱལ་ནང་གི་ཚོང་རའི་འདོན་སྤྲོད་དང་དགོས་མཁོའི་མི་མངོན་པའི་ནུས་པ་སྔོག་འདོན་དང་སྐུལ་སློང་གཏིང་ཟབ་བྱེད་པ། ནང་མཁོས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     གཅིག་ནི་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་གློད་གྲོལ་གཏོང་དགོས། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དམིགས་སར་འབྱོར་བའི་སྔོན་འགྲོའི་ཆ་རྐྱེན་འོག་རིགས་ཁག་གི་ཚོང་ཁང་དང་ཚོང་རའི་ཚོང་སྒོ་སླར་འབྱེད་དང་ལས་རིགས་སླར་གསོ་བྱེད་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། དྲ་ཕྱིའི་འཛད་སྤྱོད་མགྱོགས་མྱུར་ངང་ཁ་གསབ་བྱེད་པར་སྐུལ་སྤེལ་གཏོང་དགོས། དྲ་ཐོག་འཛད་སྤྱོད་སྐྱེད་སྲིང་དང་རྒྱ་ཆེར་གཏོང་བ་དང་། དྲ་སྦྲེལ་དང་འཛད་སྤྱོད་ཀྱི་རིགས་སྣ་ཚོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། སྨན་བཅོས། རྒན་གསོ། ཁྱིམ་སྲིད། རིག་གནས་ཡུལ་སྐོར། ལུས་རྩལ་སོགས་ཞབས་ཞུའི་འཛད་སྤྱོད་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་སྤེལ་དང་། དྲ་སྦྲེལ་ལ་བརྟེན་པའི་ཕྱི་ཚོང་སྡེབ་སྐྱེལ་དང་དྲ་འབོད་གླ་འཁོར་སོགས་ལས་རྣམ་གསར་པར་སྔར་བས་རྒྱབ་སྐྱོར་བྱེད་དགོས། བདེ་ཐང་ཆེན་པོའི་ཐོན་ལས་འཕེལ་རྒྱས་གཏོང་དགོས། གློག་རྡུལ་ཚོང་ལས་དང་མྱུར་སྐྱེལ་ལས་རིགས་ཞིང་གྲོང་དུ་ཁེབས་ཚད་རྒྱ་སྐྱེད་གཏོང་བ་དང་། བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་འདྲེན་པ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འདྲེན་ལམ་ཤར་བགྲོད་བྱེད་དགོས། 5Gདྲ་རྒྱ་འཛུགས་སྐྲུན་དང་ལྗོངས་རྣམ་ཉེར་སྤྱོད་ཇེ་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་གསར་པའི་བཀོད་པ་འཐུས་ཚང་དུ་གཏོང་བ། རབ་མཐོ་གསལ་བརྙན་ལམ་དང་རྟོག་བཟོའི་དོན་དངོས་སོགས་གསར་དར་འཛད་སྤྱོད་ལ་སྐུལ་འདེད་བཅས་བྱེད་དགོས། རླངས་འཁོར་འཛད་སྤྱོད་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། མཇུག་རླངས་ཕྱིར་འབུད་དངོས་འཇལ་མཇུག་འབྲས་རྒྱལ་ཁབ་ཀྱི་ཚད་རིམ་དྲུག་པར་སླེབས་པའི་ནང་འདྲེན་མཉམ་གཤིབ་རླངས་འཁོར་ནང་འདྲེན་ཆོག་པར་བྱེད་དགོས། པེ་ཅིན་ཐེན་ཅིན་ཧའོ་པེ་སོགས་གཙོ་གནད་ས་ཁུལ་དུ་རྒྱལ་ཁབ་ཀྱི་ཚད་རིམ་གསུམ་པ་དང་དེའི་མན་གྱི་ཕྱིར་འབུད་ཚད་གཞིའི་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གསེས་འདོར་བྱས་པར་བྱ་དགའ་དང་གསབ་དངུལ་འོས་འཚམ་སྤྲོད་དགོས། རླངས་འཁོར་དང་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་སོགས་ཀྱི་འཛད་སྤྱོད་ལ་དངུལ་རྩའི་རྒྱབ་སྐྱོར་ཇེ་ཆེར་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཁྱིམ་སྤྱོད་གློག་ཆས་རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་ལྕག་གཏོང་དགོས། ཁྱིམ་སྤྱོད་གློག་ཆས་རྙིང་ཧྲུལ་ཕྱིར་སྡུད་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རིག་ནུས་ཐོན་རྫས་དང་། མངག་བཀོད་ཅན་གྱི་ཐོན་རྫས། ལྗང་མདོག་ཐོན་རྫས་བཅས་འདོན་སྤྲོད་བྱེད་རྒྱ་ཆེ་རུ་བཏང་ནས་ལྗང་མདོག་འཛད་སྤྱོད་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་ཀྱི་གྲོང་ཁྱེར་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ས་ཁོངས་ཀྱི་འཛད་སྤྱོད་ལྟེ་གནས་འགའ་ཤས་ཆགས་པར་བྱེད་དགོས། “རིག་ལྡན་ཚོང་སྐོར་”འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། རིག་གནས་ཡུལ་སྐོར་དང་ཚོང་ལས་ཀྱི་འཛད་སྤྱོད་འདུས་ཁུལ་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་དང་སྤྲོ་གསེང་ཞིང་ལས་སླར་གསོ་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།  མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ལྕག་གཏོང་དགོས། བར་སྣང་དམའ་གྲས་ཀྱི་ཚོད་འཛིན་གོ་རིམ་ལྡན་པའི་སྒོ་ནས་ལྷོད་ཡངས་གཏོང་བ་དང་། སྤྱི་སྤྱོད་མཁའ་འགྲུལ་དྲ་རྒྱ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་སྤྱི་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་ཟོག་འགྲེམས་ལྟེ་གནས་དང་། རྒྱལ་ཁབ་ཀྱི་རྐང་འཛིན་འཁྱག་ཕྲེང་ཟོག་འགྲེམས་རྟེན་གཞི། ཚོང་ཟོག་འགྲོ་རྒྱུག་དྲ་རྒྱ་བཅས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་པ་དང་། འཁྱག་ཕྲེང་ཟོག་འགྲེམས་དང་། རིག་ལྡན་ཟོག་འགྲེམས། རྒྱལ་སྤྱིའི་ཟོག་འགྲེམས། འདོན་སྤྲོད་སྦྲེལ་ཐག་བཅས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གློག་རྡུལ་ཚོང་ལས་དང་མྱུར་སྐྱེལ་ཟོག་འགྲེམས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རྐང་ཐང་ཁྲོམ་གཞུང་བསྒྱུར་བཀོད་མཐོར་འདེགས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། འཛད་སྤྱོད་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫུས་ཞན་ཚོང་ཟོག་དང་། དབང་གནོད་འདྲ་བཟོ་སོགས་ཀྱི་གནད་དོན་བཅོས་སྐྱོང་ཤུགས་ཆེན་བྱེད་པ། ཞིང་གྲོང་གི་ཚོང་ཟོག་འཁོར་རྒྱུག་བྱེད་པའི་ཚོང་རའི་སྒྲིག་ལམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་བ། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་མ་ལག་འཐུས་ཚང་བཟོ་བ་བཅས་བྱས་ཏེ་བདེ་འཇགས་བློ་བདེའི་འཛད་སྤྱོད་ཁོར་ཡུག་བསྐྲུན་དགོས།
      གཉིས་ནི་ཕན་ནུས་ལྡན་པའི་དངུལ་འཇོག་རྒྱ་སྐྱེད་ཧུར་ཐག་བྱེད་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་སྒོར་དུང་ཕྱུར་6000གཏོང་རྒྱུའི་བཀོད་སྒྲིག་བྱས་ནས་ལོ་གོང་མ་ལས་སྒོར་དུང་ཕྱུར་224འཕར་བར་བྱ་རྒྱུ། ལོ་ཧྲིལ་པོར་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.75བཀོད་སྒྲིག་བྱས་ནས་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་1.6འཕར་བར་བྱ་རྒྱུ། “དངུལ་འཇོག་ལས་གཞིའི་རྗེས་སུ་འབྲང་བའི་”བླང་བྱ་ལྟར། ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་ལས་གཞི་བཀོད་སྒྲིག་ཡག་པོ་བྱ་རྒྱུ་དང་། ཁེ་འབབ་ངེས་ཅན་ཡོད་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལས་གཞི་ལ་གཅིག་བསྡུས་ཐོག་རྒྱབ་སྐྱོར་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་དང་། སྐྱེ་དངོས་བདེ་འཇགས། མྱུར་བསྟུན་དངོས་ཟོག་འགན་ལེན། དངོས་ཟོག་དང་ནུས་ཁུངས་གྲབས་གསོག  ཟོག་འགྲེམས་སྒྲིག་བཀོད། ཞིང་ནགས་ཆུ་བེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་པར་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་སྒྲིག་བཀོད་གསར་གྲས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་སྲིད་ཇུས་དང་ཡིག་ཆ་དངོས་སུ་འདོན་དགོས། 5Gདང་། དངོས་ཟོག་དྲ་སྦྲེལ། རླངས་འཁོར་དྲ་སྦྲེལ། བཟོ་ལས་དྲ་སྦྲེལ། མིས་བཟོས་རིག་ནུས། གཞི་གཅིག་ཅན་གྱི་གཞི་གྲངས་ཆེན་པོའི་ལྟེ་གནས་སོགས་གཞི་རྩའི་འཛུགས་སྐྲུན་གསར་པར་མ་དངུལ་འཇོག་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་བསྒྱུར་བཀོད་ཡག་པོ་བྱེད་པ་དང་། སྡེ་ཁུལ་གྱི་ཆུ་དང་། གློག སོལ་རླངས། བགྲོད་ལམ། འཕྲིན་གཏོང་སོགས་ལེ་ལག་ཚང་བའི་དམངས་ལ་སྟབས་བདེ་སྐྲུན་པའི་སྒྲིག་བཀོད་གཙོ་གནད་ཐོག་བསྒྱུར་བཀོད་རིམ་སྤོར་བྱེད་པ། ཆ་རྐྱེན་འཛོམས་པར་གློག་སྐས་སྒྲིག་སྦྱོར་དང་རླངས་འཁོར་འཇོག་སའི་སྒྲིག་བཀོད་སྡེབ་འཛུགས་བཅས་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་རླངས་འཁོར་འཇོག་ས་དང་གློག་གསོག་སྒྲིག་བཀོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད། སོལ་འདོན་རྡིབ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་། རང་ཚུགས་བཟོ་གཏེར་ཁུལ་དང་གྲོང་ཁུལ་གྱི་བཟོ་ལས་ཁུལ་རྙིང་པ་གནས་སྤོ་བསྒྱུར་བཀོད་སོགས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེ་རུ་གཏོང་དགོས། སྤྱིལ་ཁྱིམ་ཁུལ་བསྒྱུར་བཀོད་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ཀྱི་ལས་གྲྭའི་ལས་གཞི་གལ་ཆེན་165དང་རྒྱལ་ཁབ་ཀྱི་ས་ཁོངས་འཐབ་ཇུས་གལ་ཆེན་གྱི་ལས་གཞི་གལ་ཆེན་ལག་བསྟར་ཡག་པོ་བྱེད་དགོས། གཙང་རྒྱུད་མྱུར་བགྲོད་ལྕགས་ལམ་དང་མཚོ་རྒྱུད་མྱུར་བགྲོད་ལྕགས་ལམ་ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲོན་བོད་ལྕགས་ལམ་ལས་འགོ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གཙོ་གནད་གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་མུ་ཁྱུད་ཀྱི་གྲོང་ཁྱེར་བར་དང་གྲོང་ཁོངས་(མཐའ་)ཀྱི་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། འཛུགས་སྐྲུན་བྱེད་བཞིན་པའི་ཆུ་བེད་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ཆུ་བེད་ལས་གྲྭ་གལ་ཆེན་ཁག་ཅིག་ལས་འགོ་གསར་དུ་འཛུགས་དགོས། ལྟེ་བའི་གནམ་གྲུ་ཐང་གསར་སྐྲུན་དང་། སྤོ་སྐྲུན། བཅོས་སྐྲུན་རྒྱས་སྐྲུན་བཅས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ཡན་ལག་གནམ་གྲུ་ཐང་དང་སྤྱི་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་དཀྱུས་མ། ཞིང་གྲོང་གི་གཞུང་ལམ་དང་ནང་ཁུལ་ཆུ་བོའི་ཆུ་ཐོག་སྐྱེལ་འདྲེན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། “རྒྱུ་རྐྱེན་གཙོ་བོ་ལས་གཞིའི་རྗེས་སུ་འབྲང་བ་”རྒྱུན་འཁྱོངས་བྱས་ནས། ལས་གཞིའི་ས་ཆ་བེད་སྤྱོད་དང་། རྒྱ་མཚོ་བེད་སྤྱོད། ནུས་ཁུངས་བདེ་སྤྱོད་སོགས་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་། དངུལ་འཇོག་ལས་གཞི་གལ་ཆེན་ལ་ལྗང་མདོག་བགྲོད་ལམ་གཏོད་དགོས། དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེ་རུ་གཏོང་བ་དང་། སྲིད་གཞུང་གི་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་(PPP)བྱེད་སྟངས་ཚད་ལྡན་དང་གསར་གཏོད་བྱེད་པ། དམངས་ཁྲོད་ཀྱི་མ་རྩ་ཞན་ཆ་གསབ་པ་དང་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པར་ཞུགས་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་སུ་གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་པའི་རྟོན་བཅོལ་ཐེབས་རྩའི་(REITs) ཚོད་ལྟ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། དམངས་ཁྲོད་ཀྱི་མ་དངུལ་འཇོག་པ་ཚུད་པའི་སྤྱི་ཚོགས་ཀྱི་མ་རྩ་རིགས་མི་འདྲ་བ་ཁག་གི་ཧུར་ཐག་རང་བཞིན་འདོན་སྤེལ་གང་ལེགས་བྱས་ནས་གསོག་འཇོག་རྒྱུ་ནོར་གང་འགབ་ཅི་སྤྱོད་བྱེད་དགོས། 
     གསུམ་ནི་སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བར་ཤུགས་རྒྱག་དགོས། རིམས་ནད་ཀྱི་ཆ་འཕྲིན་ཁྱབ་སྒྲོག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། མུ་མཐུད་དུ་ཁྲིམས་དང་བསྟུན་པ་དང་། ཡོངས་བསྒྲགས། ཕྱི་གསལ་ནང་གསལ། དུས་ཐོག ཡང་དག་པ་བཅས་ཡོང་ཐུབ་པ་བྱེད་དགོས། འགོས་ནད་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་དྲིལ་སྒྲོག་དང་སློབ་གསོ་གཏོང་ཤུགས་ཇེ་ཆེ་རུ་གཏོང་བ་དང་། རིམ་པ་མང་ཞིང་ཚགས་དམ་པའི་སྒོ་ནས་དབང་གྲགས་ལྡན་པའི་ཆ་འཕྲིན་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྔར་ལས་ལེགས་པ་བྱེད་དགོས། སྲིད་ཇུས་ཀྱི་བརྟན་བརླིང་རང་བཞིན་དང་སྔོན་དཔག་རང་བཞིན་ཇེ་མཐོར་གཏོང་བ་དང་། སྲིད་ཇུས་ཀྱི་དམིགས་འབེན་དོ་དམ་དང་ཐབས་ཇུས་གལ་ཆེན་ཡོངས་བསྒྲགས་བྱེད་པའི་ལམ་སྲོལ་འཐུས་ཚང་བཟོས་ནས་སྲིད་ཇུས་ཀྱི་གསལ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས། སྡེ་ཚན་དབར་དང་། ཀྲུང་དབྱང་དང་ས་གནས་དབར་གྱི་སྲིད་ཇུས་མཉམ་འགུལ་ལ་སྐུལ་སྤེལ་གཏོང་བ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་དང་། དམིགས་འབེན། དུས་རིམ། དབྱེ་མཚམས་བཅས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། སྔོན་དཔག་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་བྱེད་ཐབས་གསར་གཏོད་བྱེད་པ། ཆ་འཕྲིན་ཁྱབ་སྤེལ་དང་སྲིད་ཇུས་གསལ་འགྲེལ་ཡག་པོ་བྱེད་པ། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་པའི་གནད་དོན་ལ་དུས་ཐོག་ཏུ་ལན་འདེབས་པ་བཅས་བྱས་ཏེ་ཚོང་རའི་བྱེད་པོ་གཙོ་བོའི་ཡིད་ཆེས་སྲ་བརྟན་གཏོང་དགོས།
     (བཞི།) འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཐོན་ལས་སྦྲེལ་ཐག་དང་འདོན་སྤྲོད་སྦྲེལ་ཐག་གི་ཆུ་ཚད་བརྟན་པོའི་ངང་མཐོར་འདེགས་གཏོང་དགོས། དངོས་གཞིའི་དཔལ་འབྱོར་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བཏང་ནས། རང་རྒྱལ་གྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བརྟན་འཇགས་རང་བཞིན་དང་འགྲན་རྩོད་ནུས་པ་མཐའ་འཁྱོངས་བྱེད་དགོས།
     གཅིག་ནི་ཁེ་ལས་རིགས་ཁག་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་གཏོང་དགོས། ཁེ་རོགས་དཀའ་སེལ་སྲིད་ཇུས་ཀྱི་འགྲོ་ལུགས་ཁག་སྟབས་བདེ་རུ་གཏོང་བ་དང་། སྲིད་གཞུང་གིས་ཁེ་ལས་དང་འབྲེལ་བ་ཡོད་པའི་དོན་དག་དྲ་ཐོག་ནས་སྒྲུབ་གང་ཐུབ་བྱེད་དགོས། མཚམས་སྦྱོར་ཞབས་ཞུའི་གྲོན་དངུལ་བསྡུ་བ་གཙང་བཤེར་དང་དག་ཐེར་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་སྒྲིག་འགལ་གྲོན་དངུལ་བསྡུ་བ་སྣ་ཚོགས་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་བྱེད་དགོས། ཁེ་ལས་ཀྱི་ནུས་ཁུངས་སྤྱོད་པ་དང་། དྲ་བ་སྤྱོད་པ། ཟོག་འགྲེམས། ཁང་གླ་སོགས་ཀྱི་མ་གནས་ཇེ་དམའ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་ཟད་གྲོན་ཆེ་བ་ཕུད་པའི་བཟོ་ལས་ཆེན་པོ་དང་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་5%ཇེ་དམའ་རུ་གཏོང་བའི་སྲིད་ཇུས་ད་ལོའི་ལོ་མཇུག་བར་དུ་ཕྱིར་འགྱང་བྱེད་དགོས། གཤོང་ཆེའི་དྲ་བ་དང་ཆེད་སྐུད་ཀྱི་འགྲོ་གྲོན་ཆ་སྙོམས་ཀྱིས་15%ཇེ་དམའ་རུ་གཏོང་བ་བཅས་བྱེད་དགོས། གཞུང་དབང་ཁང་པའི་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། རིགས་མི་འདྲ་བའི་ཁང་བདག་གིས་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བའམ་ཡང་ན་སྤྲོད་དུས་ཕྱིར་འགྱང་བྱེད་པར་སྐུལ་ལྕག་གཏོང་དགོས། སྲིད་གཞུང་སྒྲིག་གཞི་དང་གཞུང་དབང་ཁེ་ལས་ཀྱིས་དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་ལ་ཁྲ་དངུལ་དུས་འགྱང་ཆད་ལུས་ཐེབས་པ་གཙང་འཇལ་བྱེད་པའི་ལས་འགན་དུས་བཀག་ནང་ལེགས་འགྲུབ་བྱེད་དགོས། དངུལ་ཁང་གིས་དངོས་གཞིའི་དཔལ་འབྱོར་ལ་ཁེ་སྤྲོད་བྱེད་པར་ཁྲིད་སྟོན་བྱེད་པ་དང་། ཚོང་ལས་དངུལ་ཁང་གིས་ནད་ཡམས་ཀྱི་ངན་རྐྱེན་ཐེབས་ཚད་ཅུང་ཆེ་བའི་ས་ཁུལ་གྱི་ཁེ་ལས་དང་སྡེབ་ཚོང་སིལ་ཚོང་། ཞག་སྡོད་བཟའ་བཏུང་། དངོས་ཟོག་སྐྱེལ་འདྲེན། རིག་གནས་རོལ་རྩེད་ཡུལ་སྐོར།  ཕྱི་ཚོང་སོགས་ལས་རིགས་ཀྱི་ཁེ་ལས་ལ་བསྡུར་ཚད་ངེས་ཅན་གྱི་དངུལ་བུན་སྐྱེད་ཀ་དུས་རིམ་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་གཏོང་བར་སྐུལ་ལྕག་གཏོང་དགོས། ལས་གཏོད་ཁག་ཐེག་གི་དངུལ་བུན་གྱི་སྐྱེད་གསབ་སྲིད་ཇུས་ལེགས་སྒྱུར་བྱེད་པ་དང་། ཁེ་ལས་ཆུང་ཕྲན་ལ་ཡིད་རྟོན་དངུལ་བུན་གཏོང་བ་དང་མུ་མཐུད་དུ་དངུལ་བུན་གཏོང་བའི་བསྡུར་ཚད་ཇེ་མཐོ་རུ་གཏོང་བ། ཐོག་མའི་དངུལ་བུན་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཁེ་ལས་ཆུང་ཕྲན་ལ་གཏོང་བའི་ཀུན་ཕན་ཅན་གྱི་དངུལ་བུན་འཕར་ཚད་40%ལས་མཐོ་བ་བཅས་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་སྒོར་དུང་ཕྱུར་3000གི་དངུལ་རྩའི་བུན་འཛིན་ཆུང་ཕྲན་འགྲེམས་སྤེལ་བྱས་ནས་དངུལ་བུན་ཆུང་ཕྲན་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཀུང་སིའི་ཡིད་རྟོན་རིགས་ཀྱི་བུན་འཛིན་གྱི་དངུལ་སྡུད་ངོ་མ་དེ་ལོ་གོང་མ་ལས་སྒོར་དུང་ཕྱུར་ཁྲི་1འཕར་བར་ཁྲིད་སྟོན་བྱེད་དགོས། ཁེ་ལས་ཆུང་ཕྲན་གྱིས་ལོ་ཧྲིལ་པོར་རྩིས་ཁྲའི་དངུལ་བསྡུ་སྒོར་དུང་ཕྱུར་8000བསྡུ་དགོས་པར་སྐུལ་འདེད་གཏོང་དགོས། རིམས་ནད་ལ་ཁ་གཏད་འཇལ་བའི་ཚན་རྩལ་ཅན་གྱི་ཁེ་ལས་ཆུང་འབྲིང་གིས་མ་དངུལ་བསྡུ་རུབ་བྱེད་པར་མ་རྩའི་ཚོང་རས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་གཏོང་བར་སྐུལ་ལྕག་གཏོང་དགོས། ཁེ་ལས་ཆེན་པོས་བསྡུས་དངུལ་སྤྱད་དེ་དངུལ་སྔོན་སྤྲོད་ཀྱི་རྣམ་པའི་ཐོག་ནས་སྟོད་སྨད་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་དངུལ་སྨར་སྤྲོད་པར་སྐུལ་ལྕག་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་དམངས་གཉེར་ཁེ་ལས་བརྟན་པོའི་ངང་འཕར་སྣོན་དང་རིགས་སྒྱུར་རིམ་སྤོར་ལ་རྒྱབ་སྐྱོར་བྱེད་པའི་བསམ་འཆར་གཏན་འབེབས་བྱས་ནས། ས་གནས་ཀྱིས་ཚོང་ར་ཅན་གྱི་བྱེད་ཐབས་སྤྱད་དེ་དཀའ་གནས་སུ་ལྷུང་བའི་སྤུས་ལེགས་དམངས་གཉེར་ཁེ་ལས་ལ་དཀའ་སེལ་ཁེ་རོགས་བྱེད་པར་སྐུལ་ལྕག་གཏོང་དགོས།
     གཉིས་ནི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་ལས་རིགས་ལ་དུས་ཡུན་རིང་འབྲིང་གི་དངུལ་བུན་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་དང་། རྩེར་སོན་སྒྲིག་ཆས་བཟོ་སྐྲུན། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་རིམ་སྤོར། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བའི་ལས་གྲྭ་ལག་བསྟར་ཡག་པོ་བྱེད་པ་དང་། ལག་རྩལ་བསྒྱུར་བཀོད་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། རིག་ནུས་བཟོ་སྐྲུན་ལས་གྲྭ་ལག་བསྟར་དང་། བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དུ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་འཆར་ཞིབ་འཇུག་གིས་གཏན་འབེབས་བྱེད་དགོས།  ངར་ལྕགས་ཁེ་ལས་ཀྱི་“བསྐྱར་སྒྲིག་སྐུལ་འདེད་དང་རིགས་སྒྱུར་སྐུལ་སྤེལ་”ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྡོ་སྣུམ་རྫས་འགྱུར་ཐོན་ལས་ཀྱི་བཀོད་པ་མུ་མཐུད་ལེགས་སྒྱུར་བྱེད་པ། མི་འབོར་མང་འདུས་ཁུལ་གྱི་ཉེན་ཡོད་རྫས་འགྱུར་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་མུ་མཐུད་དུ་གནས་སྤོ་དང་བསྒྱུར་བཀོད་བྱེད་པ་བཅས་བྱེད་དགོས། ལྗང་མདོག་བཟོ་སྐྲུན་ལས་གྲྭ་ལག་བསྟར་བྱེད་དགོས། ངར་ལྕགས་གྲུབ་ཆའི་སྒྲིག་སྦྱོར་རྣམ་པའི་བཟོ་སྐྲུན་ཁྱབ་གདལ་བཏང་ནས་རིག་ནུས་བཟོ་སྐྲུན་དང་འཛུགས་སྐྲུན་བཟོ་ལས་ཅན་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བཟོ་ལས་གྲོང་ཁྱེར་རྙིང་པ་དང་ཐོན་ཁུངས་ཅན་གྱི་གྲོང་ཁྱེར་གྱི་ཐོན་ལས་རིགས་སྒྱུར་རིམ་སྤོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་གསོ་སྐྱོང་བྱེད་པའི་ཚོད་ལྟའི་དཔེ་སྟོན་སྤེལ་དགོས། 
     གསུམ་ནི་ཐོན་ལས་སྦྲེལ་ཐག་དང་འདོན་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། ཟོག་འགྲེམས་སྐྱེལ་འདྲེན་དྲ་རྒྱ་འཐུས་ཚང་དང་ཤར་བགྲོད་ཐུབ་རྒྱུར་ཤུགས་རྒྱག་པ་དང་། ཁེ་ལས་ཀྱིས་འགག་རྩའི་དངོས་རྫས་དང་དངོས་ཟོག་གྲབས་གསོག་མང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་དགོས། ཐོན་ལས་སྐྱེ་ཁམས་གཙོ་ཁྲིད་ཅན་གྱི་ཁེ་ལས་གསོ་སྐྱོང་ཤུགས་ཆེན་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཁག་ཅིག་གསོ་སྐྱོང་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་གི་གཅིག་འདུས་ནུས་སྣང་ཇེ་ཆེར་གཏོང་དགོས། “ཆེད་མཁས་སྤུས་ལེགས་ཁྱད་ལྡན་དཔེ་གསར་”གྱི་ཁེ་ལས་ཆུང་འབྲིང་ཁག་ཅིག་གསོ་སྐྱོང་བྱེད་དགོས། འདོན་སྤྲོད་སྦྲེལ་ཐག་གི་བདེ་འཇགས་ཉེན་ཁར་དཔྱད་དཔོག་ཞིབ་འཇུག་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སྒྱུར། མྱུར་བསྟུན་གསོག་འཇོག་མང་དུ་གཏོང་བ་བཅས་བྱས་ནས་འདོན་སྤྲོད་སྦྲེལ་ཐག་གི་མཉེན་ཆ་དང་བརྟན་འཇགས་རང་བཞིན་སྔར་བས་ཇེ་ཆེ་རུ་གཏོང་དགོས། བཟོ་ལས་དྲ་སྦྲེལ་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། བཟོ་ལས་དྲ་སྦྲེལ་ལས་སྟེགས་ཀྱི་མ་ལག་འཛུགས་པ། བཟོ་ལས་དྲ་སྦྲེལ་ལས་སྟེགས་དབར་གྱི་ཚད་ལྡན་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞབས་ཞུ་ཅན་གྱི་བཟོ་སྐྲུན་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཀྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། དེང་རབས་ཟོག་འགྲེམས། བརྟག་བཤེར་ཞིབ་དཔྱད་དཔང་དཔྱད་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་དགོས། 
     བཞི་ནི་སྒུལ་ནུས་གསར་པ་གསོ་སྐྱོང་དང་རྒྱ་ཆེར་གཏོང་བར་ཤུགས་རྒྱག་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གཏོང་བའི་ལས་གྲྭར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་གཏོད་དང་སྤྱི་པའི་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱག་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་གསར་གཏོད་བྱེད་དགོས། “དྲ་ཐོག་ནས་གྲངས་ཀ་བེད་སྤྱོད་དང་རིག་ནུས་སྩོལ་བ་”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲངས་ཀ་ཅན་དུ་རིགས་སྒྱུར་རོགས་ཟླའི་བྱ་སྤྱོད་དང་། ཁེ་ལས་ཆུང་འབྲིང་གི་གྲངས་ཀ་ཅན་གྱི་ནུས་སྤྲོད་ཆེད་དོན་བྱ་སྤྱོད། གྲངས་ཀའི་དཔལ་འབྱོར་གྱི་ལས་རྣམ་གསར་པ་གསོ་སྐྱོང་བྱ་སྤྱོད་བཅས་སྤེལ་བ།  གྲངས་ཀའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། བཟོ་སྐྲུན་དང་ཚོང་དོན་འཁོར་རྒྱུག་སོགས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གཙོ་གནད་ཁྱབ་ཁོངས་གྲངས་ཀ་ཅན་དུ་རིགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བ། གྲངས་ཀའི་ཚོང་དོན་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་གྲངས་ཀའི་འདོན་སྤྲོད་སྦྲེལ་ཐག་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་དགོས། རྒྱལ་ཁབ་ཀྱི་གཞི་གྲངས་ཆེན་པོའི་འཐབ་ཇུས་དང་། “དྲ་སྦྲེལ་+”གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་ལྡན་གྲོང་ཁྱེར་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། 5Gབཀོལ་སྤྱོད་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྐྱེ་དངོས་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྐྱེ་དངོས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། སྐྱེ་དངོས་འགའ་ཞིག་གཅིག་བསྡུས་ཀྱིས་འཕེལ་རྒྱས་གཏོང་བའི་མཐོ་ས་སྐྱེད་སྲིང་བཅས་བྱེད་དགོས། རིག་ནུས་བཟོ་སྐྲུན་དང་། མི་མེད་སྐྱེལ་སྤྲོད། དྲ་ཐོག་འཛད་སྤྱོད། སྨན་བཅོས་བདེ་ཐང་། འཕྲུལ་ཆས་མི་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། 
     ཚོང་ལས་མཁའ་སྐྱོད་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། མཁའ་སྐྱོད་ཐོན་ལས་སྦྲེལ་ཐག་ཇེ་རིང་དུ་གཏོང་བ། 
     འཕྲིན་གཏོང་དང་། ཕྱོགས་སྟོན། རྒྱང་ཚོར་སོགས་འཁོར་སྐར་བེད་སྤྱོད་རྒྱ་སྐྱེད་གཏོང་དགོས། རྒྱལ་ཁབ་ཀྱི་ཆིང་ནུས་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་འགོད་བཟོ་དགོས། ནུས་ཁུངས་གསར་པའི་རླངས་འཁོར་དང་ནུས་གསོག་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། རིག་ནུས་རླངས་འཁོར་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། གཏིང་ཟབ་ཐག་རིང་གི་རྒྱ་མཚོའི་བཤོར་འཛིན་དང་གསོ་སྤེལ་སྒྲིག་ཆས་གསར་གཏོད་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། དེང་རབས་ཅན་གྱི་རྒྱ་མཚོའི་འབྲོག་ར་འཛུགས་སྐྲུན་བྱེད་དགོས།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་6པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

  ལྔ་ནི་འབྲུ་རིགས་བདེ་འཇགས་དང་ཞིང་ཞོར་ཐོན་རྫས་ཚོང་རའི་འདོན་སྤྲོད་ལ་འགན་སྲུང་བྱེད་པར་ཤུགས་སྣོན་དགོས། ཞིང་ལས་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་ལ་ཞིང་ཆེན་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་དང་། “ཚལ་སླེ་”ལ་གྲོང་ཁྱེར་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་གསལ་པོ་དངོས་ཐོག་ཏུ་འབབ་དགོས། རེས་སྐོར་གསར་པའི་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཀྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་རྩ་གནད་དང་། དུས་སྐབས་གསར་པའི་ཞིང་ལས་ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་དང་གྲུབ་ཚུལ་ལེགས་སྒྲིག་འཆར་འགོད་སྒྲིག་བཟོ་བྱེད་པ་དང་། གོ་ལ་ཧྲིལ་པོའི་རིམས་ནད་ཀྱི་ཤུགས་རྐྱེན་འོག་རང་རྒྱལ་འབྲུ་རིགས་བདེ་འཇགས་ཀྱི་ཁ་གཏད་འཇལ་བའི་ཇུས་གཞི་བཟོ་བ། འབྲུ་རིགས་བདེ་འཇགས་འགན་སྲུང་སྐོར་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ། འབྲུ་རིགས་སྤུས་ལེགས་ཀྱི་ལས་གྲྭར་སྐུལ་འདེད་གཏིང་ཟབ་གཏོང་བ། སྲན་ཆེན་དར་སྤེལ་འཆར་གཞི་མུ་མཐུད་དུ་ལག་བསྟར་བཅས་བྱེད་དགོས། ལྗང་མདོག་སྤུས་ལེགས་ཀྱི་འབྲུ་སྣུམ་ཐོན་རྫས་འདོན་སྤྲོད་ཇེ་མང་དུ་བཏང་སྟེ། ཞིང་པའི་ཡོང་འབབ་འཕར་སྣོན་དང་། ཁེ་ལས་ཀྱི་ཕན་ཁེ་འཕར་སྣོན། འཛད་སྤྱོད་མཁན་ལ་དངོས་ཕན་འཐོབ་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཇུགས་སྐྲུན་ཏན་ཏིག་བྱེད་པ་དང་། བྱང་ཤར་ས་ནག་སྲུང་སྐྱོང་རང་བཞིན་གྱིས་རྨོ་འདེབས་བྱེད་པའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ། དེང་རབས་ཀྱི་འདེབས་ལས་དང་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ནུས་པ་མཐོར་འདེགས་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་པ། ནད་འབུའི་གནོད་འཚེར་ལྟ་སྐུལ་ཚད་འཇལ་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཞིང་ཆས་ལ་གསབ་དངུལ་སྤྲོད་པའི་སྲིད་ཇུས་འཐུས་ཚང་གཏོང་དགོས། 
     ཞིང་གྲོང་གི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་ལས་ཚན་རྩལ་མི་སྣ་སྐྱེད་སྲིང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གྲྭ་སྣ་ཚོགས་མཉམ་འབྲེལ་དང་མཉམ་སྒྲུབ་ཀྱིས་ཞིང་ལས་ཤེས་ལྡན་མི་སྣ་རིམ་པ་མཐོ་གྲས་གང་མགྱོགས་གསོ་སྐྱོང་བཅས་བྱས་ཏེ། འབྲུ་རིགས་བདེ་འཇགས་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། འབྲུ་རིགས་“ཐོན་སྐྱེད་ཉོ་སྒྲུབ་གསོག་འཇོག་ལས་སྣོན་ཉོ་ཚོང་”བཅས་མཉམ་སྡེབ་མཉམ་འགུལ་མ་ལག་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཚོང་རར་ལྟ་ཞིབ་ཚད་ལེན་དང་། ཉེན་བརྡ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་པ་བཅས་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་གསོག་འཇོག་གི་བདེ་འཇགས་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། དབྱར་ཁའི་འབྲུ་རིགས་བཀར་འཇུག་མི་ཤོང་བའི་འགལ་བ་ཧུར་ཐག་གིས་སེལ་བ་བཅས་བྱེད་དགོས། ཞིང་ལས་འགན་ལེན་གྱི་ཁག་ཐེག་གྲོན་དངུལ་ལ་ཁ་གསབ་བྱེད་པའི་སྲིད་ཇུས་དོན་འཁྱོལ་དམ་འཛིན་བྱེད་དགོས། གྲོ་དང་འབྲས་སོབ་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་ཚོང་ར་ཅན་གྱི་ཉོ་སྒྲུབ་ཐོག་ཁ་གསབ་སྣོན་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིང་བལ་དམིགས་འབེན་རིན་གོང་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། ཕག་པ་ཐོན་སྐྱེད་རྒྱུན་མཐུད་ངང་དམ་འཛིན་བྱེད་པ་དང་། ཧྥེ་གླིང་གི་ཕག་པའི་རིམས་ནད་དང་ནད་སློང་ཤུགས་ཆེ་བའི་འདབ་ཆགས་ཆམ་རིམས་སོགས་རིམས་ནད་ཚབས་ཆེན་ལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་བྱེད་པར་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། ཕྱུགས་ལས་དང་ཆུ་ཐོན་དངོས་རིགས་གསོ་སྐྱོང་ལས་རིགས་སྤུས་འདེགས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་པ། འོ་མའི་ལས་རིགས་དར་རྒྱས་གཏོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། ཞིང་ལས་ཐོན་རྫས་མཛོད་ཉར་སོས་ཉར་གྱི་འཁྱག་ཕྲེང་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ལག་བསྟར་བྱེད་པ། ཞིང་གྲོང་གི་གློག་རྡུལ་ཚོང་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་གལ་ཆེན་ནང་འདྲེན་དང་སྣ་མང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་བྱེད་པ་དང་། སྡོད་དམངས་ཀྱི་འཚོ་བའི་ཉེར་མཁོའི་དངོས་པོ་འདོན་སྤྲོད་འགན་ལེན་དང་བཀོད་གཏོང་ལེགས་པོར་སྒྲུབ་པ། འབྲུ་སྣུམ་ཤ་སྒོང་སིལ་ཏོག་སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་རྒྱུ་སྤུས་བདེ་འཇགས་དང་འདོན་སྤྲོད་གཏན་འཇགས་ཡོང་བར་འགན་སྲུང་བཅས་བྱེད་དགོས། 
     དྲུག་ནི་ནུས་ཁུངས་བདེ་འཇགས་འགན་སྲུང་བྱེད་པར་ཤུགས་སྣོན་དགོས། རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས། གློག་ཤུགས་བཅས་ཐོན་སྐྱེད་འདོན་སྤྲོད་གསོག་འཇོག་ཕྱིར་འཚོང་བཅས་བྱེད་པའི་མ་ལག་དང་རྡོ་སྣུམ་གསོག་འཇོག་རྟེན་གཞི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། རྡོ་སོལ་གློག་རྡོ་སྣུམ་སོལ་རླངས་བཅས་འཁོར་རྒྱུག་སྙོམས་སྒྲིག་བྱེད་པར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཕྱི་ནང་གི་མཁོ་འདོན་གྱི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་ཁ་གཏད་འཇལ་བའི་སྔོན་ཇུས་འཐུས་ཚང་བཟོ་བ་དང་། མཁོ་འདོན་སྤྱིའི་ཆ་ནས་དོ་མཉམ་དང་ཚོང་ར་གཏན་འཇགས་ངང་འཁོར་རྒྱུག་བྱེད་པར་འགན་ལེན་བྱེད་དགོས། རྡོ་སྣུམ་དང་སོལ་རླངས་རྩད་ཞིབ་གསར་སྤེལ་ལས་དོན་མུ་མཐུད་དུ་ལེགས་པོར་སྒྲུབ་པ་དང་། རྡོ་སྣུམ་དང་སོལ་རླངས་གཏེར་ལས་བཅས་ཀྱི་དབང་ཆའི་ས་མཚམས་འགྲན་རྩོད་དང་ནང་བཤུག་གཏོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། སྣུམ་རླངས་སྦུག་དྲ་དང་གསོག་འཇོག་ལས་གྲྭ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། སྣུམ་རླངས་སྦུག་དྲའི་འཁོར་རྒྱུག་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་བཟོ་བ། སྦུག་དྲའི་སྒྲིག་བཀོད་འདྲ་མཉམ་སྒོས་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྡོ་སོལ་དང་གློག་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་བྱེད་པར་ཤུགས་སྣོན་པ་དང་། ཆུ་གློག་ཧུར་ཐག་དང་བརྟན་པོའི་ངང་འཕེལ་རྒྱས་གཏོང་བ། སྔོན་ཐོན་ཉིང་གློག་བདེ་འཇགས་ངང་འཕེལ་རྒྱས་གཏོང་བ། རླུང་གློག་སྐུལ་འོད་གློག་འདོན་ལུགས་མཐུན་གྱིས་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱེད་པ། འགྱུར་རྡོ་མིན་པའི་ནུས་ཁུངས་དེ་འཕར་འབོར་གཙོ་བོར་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སླར་སྐྱེ་རུང་བའི་ནུས་ཁུངས་གློག་ཤུགས་བསྡུ་ཉར་གཙང་སེལ་དང་བེད་སྤྱོད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་བཟོ་བ་དང་། རང་ས་དང་ཉེ་སར་བསྡུ་ཉར་གཙང་སེལ་བྱེད་པའི་དཔེ་དབྱིབས་གསར་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཞིང་ཆེན་དང་ས་ཁུལ་བརྒལ་བའི་གློག་སྐྱེལ་རྒྱུ་ལམ་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱེད་པ་དང་། ནུས་ཁུངས་མ་ལག་ལྡན་པའི་ངང་སྐྱེལ་གཏོང་དང་སྙོམས་སྒྲིག་ནུས་པ་མཐོར་འདེགས་གཏོང་དགོས། གློག་ཤུགས་མྱུར་བསྟུན་མ་ལག་འཛུགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། མགྱོགས་མྱུར་གྱིས་དང་ལེན་བྱེད་པའི་ནུས་པ་ཇེ་མཐོ་རུ་གཏོང་དགོས། གློག་ཤུགས་ཉོ་ཚོང་སྒྲིག་གཞི་རང་རྐྱ་འཕེར་བ་དང་ཚད་ལྡན་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཚོང་ར་འཛུགས་པ། གཉེར་སྐྱོང་རང་བཞིན་གྱི་གློག་ཤུགས་སྤྱོད་མཁན་གྱི་གློག་འདོན་པ་དང་སྤྱོད་པའི་འཆར་གཞི་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པ། འཕར་འབོར་གློག་སྦྱོར་སྒྱུར་བཅོས་ཚོད་ལྟ་དོན་འཁྱོལ་དང་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གློག་དྲའི་ཁེ་ལས་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་། ཇུས་འགོད། ཨར་སྐྲུན་སོགས་འགྲན་རྩོད་རང་བཞིན་གྱི་ལས་སྒོ་སྒྱུར་བཅོས་གཏིང་ཟབ་གཏོང་དགོས།
     (ལྔ།) གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱེད་པའི་ནུས་པ་ཇེ་ཆེ་རུ་གཏོང་དགོས། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོ་དང་ཤེས་ལྡན་མི་སྣའི་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཚན་རིག་གི་སྙིང་སྟོབས་དང་ལག་བཟོ་བའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ། ངལ་རྩོལ་གཟི་བརྗིད་ལྡན་པའི་སྤྱི་ཚོགས་ཀྱི་དར་སྲོལ་དང་ཡག་ཐོག་ཡག་བརྩེགས་ཀྱི་ལས་བཀུར་གོམས་སྲོལ་བསྐྲུན་པ། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་པ་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས།
     གཅིག་ནི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱ་རྒྱུའི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཛུགས་སྐྱོང་བྱེད་དགོས། ཚན་རྩལ་ཆེད་དམིགས་ལས་གཞི་གལ་ཆེན་སྐས་རིམ་བཞིན་མཇུག་མཐུད་བྱེད་པའི་འབྲེལ་ཡོད་ལས་དོན་སྤེལ་རྒྱུ་དང་། ཚན་རྩལ་གསར་གཏོད་2030—ལས་གཞི་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ལས་རིགས་ཡོངས་ཀྱིས་རང་རྒྱལ་ནས་ཐོན་པ་བཀོལ་སྤྱོད་བྱེད་པར་ཁ་ཕྱོགས་པའི་རྨང་གཞིའི་རོགས་འདེགས་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་དགོས། རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་བཟོ་བ་དང་། ཚོང་ར་ཅན་གྱི་ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་གསར་པ་འཕེལ་རྒྱས་སུ་གཏོང་བ། ཁེ་ལས་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་སྐུལ་ལྕག་གཏོང་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ནུས་ཤུགས་མཐོར་འདེགས་ཇེ་མགྱོགས་སུ་གཏོང་བ་དང་། གཞུང་དབང་ཁེ་ལས་ཀྱི་ལག་རྩལ་གསར་གཏོད་གནས་ཚུལ་དཔྱད་ཞིབ་ལམ་སྲོལ་དུ་འཇུག་རྒྱུར་ཞིབ་འཇུག་བྱེད་དགོས། ལག་རྩལ་སྒྲིག་ཆས་གལ་ཆེན་ཐོག་མ་དང་། རྒྱུ་ཆ་གསར་པ་དཀོན་པའི་རིགས་ཞིབ་འཇུག་གསར་བཟོ། འགག་རྩ་དང་ཐུན་མོང་རང་བཞིན་གྱི་ལག་རྩལ་ལས་སྟེགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། གསར་གཏོད་ཐོན་རྫས་བེད་སྤྱོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུའི་སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རིག་ཚན་མང་པོའི་སྟོབས་ཤུགས་ཕྱོགས་བསྡུས་ཀྱིས་ཚན་ཞིབ་འགག་སྒྲོལ་བྱེད་པ་དང་། ཏོག་གསར་གློ་ཚད་ཀྱི་འགོས་ཁུངས་དང་ནད་སྐྱེད་རྐྱེན་རྩ་ཁྱབ་སྤེལ་སོགས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། སྨན་རྫས་དང་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་དང་མྱུར་བསྟུན་ཐོན་སྐྱེད་བྱེད་ནུས་ཇེ་ཆེ་རུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ་དང་། སྐྱེ་དངོས་བདེ་འཇགས་ཀྱི་ཚན་རྩལ་འགག་སྒྲོལ་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས། རྒྱལ་ཁབ་ཀྱི་ལག་རྩལ་བདེ་འཇགས་དོ་དམ་གྱི་རྩིས་ཁྲའི་ལམ་ལུགས་འཐུས་ཚང་ཇེ་མགྱོགས་སུ་གཏོང་དགོས།
     གཉིས་ནི་གསར་གཏོད་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།  སྐོར་ཐེངས་གསར་པའི་རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་ཚན་རྩལ་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པའི་འཆར་འགོད་བཟོ་དགོས། རྨང་གཞིའི་ཞིབ་འཇུག་དང་། ཐོག་མའི་གསར་གཏོད། རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཚོད་ལྟ་ཁང་མགྱོགས་མྱུར་སྒྲིག་འཛུགས་བྱེད་པ། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་མ་ལག་བསྐྱར་སྒྲིག་བྱེད་པ། རིག་གཞུང་ཚན་ཁག་ལས་བརྒལ་བ་དང་། རོགས་ལས་ཆེན་པོ། དྲག་ཚད་ཆེ་བ་བཅས་ཀྱི་མཉམ་ལས་གསར་གཏོད་ཀྱི་རྨང་གཞིའི་ལས་སྟེགས་གང་མགྱོགས་འཛུགས་དགོས། ཚན་རྩལ་གསར་གཏོད་ལྟེ་གནས་དང་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་། ཚན་སློབ་ཀྱི་རྨང་གཞིའི་སྒྲིག་བཀོད། རྒྱལ་ཁབ་ཀྱི་ཐོན་ལས་གསར་གཏོད་ལྟེ་གནས། ལས་གྲྭ་ཞིབ་འཇུག་ལྟེ་གནས། ལག་རྩལ་གསར་གཏོད་ལྟེ་གནས། བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ལྟེ་གནས། འདོན་སྤྲོད་སྦྲེལ་ཐག་གི་ཚན་རྩལ་གསར་གཏོད་ལྟེ་གནས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས། གཙོ་གནད་ལས་གཞིའི་འགག་སྒྲོལ་ལ་“ཁས་ལེན་དམག་སྤྱི་”ལག་བསྟར་བྱེད་དགོས། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་ལམ་སྲོལ་སྒྱུར་བཅོས་དང་། གསར་གཏོད་སྦྲེལ་ཐག་ཐོགས་མེད། གསར་གཏོད་ལ་སྐུལ་ལྕག་གཏོང་བ་དང་ཕམ་ཁ་ལ་གུ་ཡངས་བྱེད་པའི་ཚན་རིག་ཞིབ་འཇུག་ཁོར་ཡུག་སྐྲུན་པ་བཅས་བྱེད་དགོས། ཆེད་དོན་གྲུབ་འབྲས་གལ་ཆེན་ཐོན་ལས་ཅན་དུ་འགྱུར་བར་རྒྱབ་སྐྱོར་བྱེད་པའི་ཆ་འགྲིག་སྲིད་ཇུས་བཟོ་བ་དང་། གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣ་རིགས་དབྱེ་གདེང་འཇོག་གི་མ་ལག་ཆ་ཚང་གཏོང་དགོས། རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་དང་མཐོ་གསར་ཁུལ་གྱི་གསར་གཏོད་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
     གསུམ་ནི་གསར་གཏོད་ལས་གཏོད་གསར་སྐྲུན་བཅས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྐོར་ཐེངས་གསར་པའི་ཕྱོགས་ཡོངས་ཀྱི་གསར་གཏོད་སྒྱུར་བཅོས་བྱེད་པའི་ཚོད་ལྟ་ལག་བསྟར་བྱེད་དགོས། ཁེ་ལས་ཀྱིས་བྱེད་པོ་དང་ཚོང་རས་ཕྱོགས་སྟོན་བྱེད་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བྱས་པའི་ལག་རྩལ་གསར་གཏོད་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་རིགས་ཁག་གི་བྱེད་པོའི་རྒྱུན་འཁོར་གསར་གཏོད་ལ་རྒྱབ་སྐྱོར་བྱེད་དགོས། གཉིས་གཏོད་དཔེ་སྟོན་རྟེན་གཞི་ཁག་ཅིག་འཛུགས་པ་དང་གཉིས་གཏོད་ལ་འདེགས་སྐྱོར་བྱེད་པའི་ལས་སྟེགས་ཀྱི་ལས་གཞི་ཁག་ཅིག་ལག་བསྟར་བྱེད་དགོས། དཔེ་སྟོན་རྟེན་གཞིའི་“སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་”གྱི་ཆེད་དོན་བྱ་སྤྱོད་སྤེལ་དགོས། ལས་གཏོད་དངུལ་འཇོག་ཁྱབ་ཁོངས་ཀྱི་སྒྲིག་སྲོལ་ལམ་སྲོལ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། སྙོལ་ཆས་དང་མཉམ་གཏོད་བར་སྟོང་སོགས་གསར་གཏོད་ལས་གཏོད་ཞབས་ཞུའི་སྒྲིག་གཞིར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཞིབ་འཇུག་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་གཏོད་ཀྱི་ཁག་ཐེག་དངུལ་བུན་གཏོང་ཡུལ་རྒྱ་ཆེ་རུ་གཏོང་བ། སྤུས་ལེགས་ལས་གཞིར་ལྡོག་པའི་ཁག་ཐེག་བྱེད་དགོས་པའི་བླང་བྱ་མེད་པར་བཟོ་བ། གཙོ་གནད་ཚོགས་སྤྱིའི་ལས་གཏོད་བྱ་ཡུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
     (དྲུག) ཚོང་ར་ཅན་གྱི་སྒྱུར་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་སྔར་བས་སྤེལ་དགོས། སྒྱུར་བཅོས་གཏིང་ཇེ་ཟབ་ཏུ་སྤེལ་བའི་བྱེད་ཐབས་དངོས་སུ་དམ་འཛིན་བྱས་ཏེ་འདོན་པ་དང་། འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་སེལ་གང་ཐུབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།
     གཅིག་ནི་“གཤམ་སྤྲོད་དོ་དམ་ཞབས་ཞུ་”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། 《ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་》ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ས་གནས་སོ་སོའི་ཕན་ནུས་མཐོ་བའི་ཞབས་ཞུའི་ཁེ་ལས་ཀྱི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་བསྡོམས་དང་ཁྱབ་གདལ་གཏོང་དགོས། ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་དམིགས་ཚད་མ་ལག་དང་གདེང་འཇོག་བྱེད་ཐབས་འཐུས་ཚང་དུ་བཏང་ནས་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར། རྒྱལ་ཁབ་རིམ་པའི་ཁུལ་གསར་བཅས་ཁག་ཅིག་ཏུ་དུས་བཀག་ལྟར་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་དགོས། ས་གནས་ཁག་གིས་ཁེ་ལས་འཛུགས་གཉེར་“དྲ་གཅིག་ཀུན་སྒྲུབ་”ཀྱི་ལས་སྟེགས་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཞིབ་མཆན་འགོད་པ་དང་ཐོ་འགོད་ཀྱི་འགྲོ་ལུགས་སྔར་བས་སྟབས་བདེ་རུ་བཏང་སྟེ། ཁེ་ལས་འཛུགས་གཉེར་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་བསྒྲུབ་ཐུབ་པར་བྱེད་དགོས། ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ཐོ་འགོད་བྱེད་པའི་གཉེར་སྐྱོང་ས་གནས་ཀྱི་ཚད་བཀག་གློད་དེ།  ལས་སྐྲུན་མཁན་མི་འདྲ་བ་ཁག་གིས་ཐོ་འགོད་གཉེར་སྐྱོང་བྱེད་པར་སྟབས་བདེ་བསྐྲུན་ཏེ།  དུས་ཐོག་ཏུ་རོགས་སྐྱོར་སྲིད་ཇུས་ལོངས་སྤྱོད་དུ་འཇུག་དགོས། “འཛིན་དཔང་དབྱེ་འབྱེད་”ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་དབྱང་དང་ས་གནས་ཀྱིས་གཏན་འཁེལ་བྱས་པའི་སྲིད་འཛིན་ཆོག་འཐུས་དང་དེ་བཞིན་གྲབས་ཐོ་འགོད་པ་དང་། ཐོ་འགོད། ལོ་བཤེར། ངོས་འཛིན་སོགས་ཀྱི་དོན་དག་སྔར་བས་ཉུང་འཕྲི་བྱེད་དགོས། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་དང་། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་གསལ་ཐོའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་ཞིང་། མ་དངུལ་འཇོག་པའི་ལས་གཞིའི་ཚབ་རྟགས་གཅིག་གྱུར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཤིབ་སྦྲེལ་ཞིབ་མཆན་འགོད་ཐབས་ཁྱབ་སྤེལ་དང་། ཁས་ལེན་ལམ་ལུགས་ཀྱི་སྒྱུར་བཅོས་ཇུས་འགོད་བྱས་ནས། ལས་གཞི་དོན་འཁྱོལ་གྱི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་དགོས། “འཆར་མང་གཅིག་སྒྲིལ་”རྨང་གཞིར་བྱས་ཏེ། འཆར་འགོད་སྤྱོད་སའི་“ཞིབ་མཆན་མང་པོ་གཅིག་སྒྲིལ་”དང་“ལག་ཁྱེར་མང་པོ་གཅིག་སྒྲིལ་”གྱི་སྒྱུར་བཅོས་ཟབ་སྤེལ་དང་། “ཚད་ལེན་མང་པོ་གཅིག་སྒྲིལ་”དང་“ཞིབ་དཔྱད་མང་པོ་གཅིག་སྒྲིལ་”ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གི་ཉོ་སྒྲུབ་སྐོར་གྱི་བཅའ་ཁྲིམས་དང་ཚད་བཏོན་སྒྲུབ་འགན་སྤྲོད་ལེན་སྐོར་གྱི་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་ལས་དོན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། ཚོང་རའི་ལྟ་སྐུལ་དོ་དམ་ཁྱབ་ཁོངས་སུ་འབྲེལ་ཡོད་སྡེ་ཁག་གིས་“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག་”གི་ལྟ་སྐུལ་དོ་དམ་ཡོངས་ཁེབས་བྱེད་དགོས། སྤྱི་པའི་ཐོན་ཁུངས་ཀྱི་ཉོ་ཚོང་ཚོང་ར་སྐྱོན་བྲལ་རིམ་ལྡན་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གློག་རྡུལ་ཅན་གྱི་ཉོ་ཚོང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། “དྲ་སྦྲེལ་+སྲིད་དོན་ཞབས་ཞུ་”ཟབ་སྤེལ་དང་། རྒྱལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་“དྲ་ཚིགས་གཅིག་”གང་མགྱོགས་གཏོད་པ། ཁྲལ་དོན་སྒྲུབ་པའི་དོན་དག་དང་ཁྲལ་འཇལ་དུས་ཚོད་སྔར་བས་ཉུང་འཕྲི་གཏོང་བ། འགྱུར་ལྡན་རྒྱུ་ནོར་སྣ་ཚོགས་ཐོ་འགོད་དང་ཁེ་དབང་ཁག་ཐེག་ཐོ་འགོད་མ་ལག་སྡེབ་སྒྲིག་བཅས་བྱས་ནས་སྲིད་དོན་ཞབས་ཞུའི་ཕན་ནུས་ཟམ་མི་ཆད་པར་མཐོར་འདེགས་གཏོང་དགོས། ཡིད་རྟོན་ཁས་ལེན་ལམ་ལུགས་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། “ཡིད་རྟོན་དངུལ་བུན་གཏོང་སླ་བའི་”ལས་དོན་ཟབ་ཏུ་སྤེལ་ནས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ལས་རིགས་མཐུན་ཚོགས་ཚོང་ཚོགས་དང་སྲིད་འཛིན་ལས་ཁུངས་དབར་འབྲེལ་ཐག་གཅོད་པའི་སྒྱུར་བཅོས་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱེད་དགོས།
     གཉིས་ནི་ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་དགོས། དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཐུས་ཚང་མགྱོགས་སུ་གཏོང་བའི་བསམ་འཆར་ལག་བསྟར་བྱེད་དགོས། ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་པའི་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ནས་ལག་བསྟར་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་སྒྲིལ་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་འཛུགས་པ་དང་། རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བགོ་སྒྲིག་བྱེད་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་སྤེལ་བ། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་ནས་ཚོང་རར་ཞུགས་འཐུས་ལྷུག་ཏུ་གཏོང་བའི་ཚོད་ལྟ་སྤེལ་རྒྱུ་དང་། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོའི་ཆོག་འཐུས་དོན་ཚན་ལ་དྲ་ཐོག་ནས་ལྟ་སྐུལ་དོ་དམ་དང་ཕྱོགས་བསྡུས་དཔྱད་དཔོག་བྱེད་པར་འཚོལ་ཞིབ་བྱས་ནས་ལག་བསྟར་བྱེད་དགོས། ས་གནས་ཀྱིས་ཚོང་རར་ཞུགས་འཐུས་ཀྱི་མངོན་མེད་འགོག་རྐྱེན་རྩིས་ཁྲ་འཛུགས་པར་སྐུལ་འདེད་བཏང་ནས་དམངས་གཉེར་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་ཞུགས་འཐུས་འགོག་རྐྱེན་གཙོ་བོར་བཟུང་ནས་མེད་པར་བཟོ་དགོས། འགྲན་རྩོད་སྲིད་ཇུས་ཀྱི་མཛུབ་ཁྲིད་བསམ་འཆར་ཞིབ་འཇུག་བྱས་ཏེ་བཟོ་བ་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་ལག་བསྟར་ཞིབ་སྲོལ་བཟོ་བཅོས་བྱས་ནས་འཐུས་ཚང་དུ་གཏོང་དགོས། རིགས་ཁག་གི་ཐོན་དབང་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་གཏན་འབེབས་ལ་ཤུགས་སྣོན་རྒྱག་དགོས། དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་འཐུས་ཚང་དུ་གཏོང་བ་དང་། དམངས་གཉེར་ཁེ་ལས་དང་དམངས་གཉེར་ཁེ་ལས་པའི་ཁྲིམས་མཐུན་གྱི་རྒྱུ་ནོར་བདག་དབང་དང་གཉེར་སྐྱོང་བྱེད་དབང་ལ་སྲུང་སྐྱོང་བྱེད་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཁེ་ལས་ཀྱི་ཚོང་ལས་གསང་བ་སྲུང་ཤུགས་ཆེ་རུ་གཏོང་དགོས། ཤེས་བྱའི་ཐོན་དབང་ལ་གནོད་པ་བྱས་པར་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་གི་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཆེད་ཁེ་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་7པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     གསུམ་ནི་གཞུང་དབང་མ་རྩ་དང་གཞུང་དབང་ཁེ་ལས། གཙོ་གནད་ལས་རིགས་བཅས་ཀྱི་སྒྱུར་བཅོས་ཇེ་མགྱོགས་སུ་གཏོང་དགོས། གཞུང་དབང་ཁེ་ལས་སྒྱུར་བཅོས་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་འགོད་གཏན་ལ་ཕབ་ནས་ལག་བསྟར་བྱེད་པ་དང་། གཞུང་དབང་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་བཏང་ནས་མ་རྩ་དོ་དམ་གཙོ་བོར་གྱུར་པའི་གཞུང་དབང་རྒྱུ་ནོར་ལ་ལྟ་སྐུལ་དང་དོ་དམ་བྱེད་པའི་སྒྲིག་སྲོལ་ཆགས་པར་བྱེད་དགོས། དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ཧུར་ཐག་གིས་ཟབ་སྤེལ་དང་། ཚོད་ལྟ་ཁག་བཞི་ཟབ་ཅིང་ཞིབ་པར་བྱས་ཏེ། གཞུང་དབང་ཁེ་ལས་ཀྱི་དབང་བའི་ལམ་ལུགས་འདྲེས་མའི་སྒྱུར་བཅོས་ཟབ་སྤེལ་བྱེད་པའི་ལག་བསྟར་བསམ་འཆར་བཟོས་ནས་དངོས་སུ་འདོན་དགོས། ཚོང་ར་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་བའི་འཕར་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་མ་རྩ་འཇོག་པའི་ཀུང་སི་སྲོལ་རྒྱུན་ཐོན་ལས་ཚོང་ར་ཅན་དུ་བསྐྱར་སྒྲིག་བྱེད་པར་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས། གཞུང་དབང་ཁེ་ལས་ཀྱི་ལས་འཁྱུར་མི་སྣའི་སྤྱི་ཚོགས་ཅན་གྱི་དོ་དམ་ལ་སྐུལ་འདེད་གང་མགྱོགས་བྱེད་པ་དང་། སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པ་དབྱེ་ཕྲལ་གཞི་རྩའི་ཐོག་ལེགས་གྲུབ་བྱེད་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་དགོས། 
     བཞི་ནི་ནོར་ཁྲལ་དང་། དངུལ་རྩ། རིན་གོང་བཅས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་ཀྱི་དོན་གཅོད་དབང་མཚམས་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་བྱེད་པའི་སྒྱུར་བཅོས་ཏན་ཏིག་བྱས་ཏེ། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཛད་སྤྱོད་དཔྱ་ཁྲལ་བསྡུ་བའི་ལྷུ་ཚིགས་ཕྱིར་སྣུར་བྱེད་པ་མ་ཟད་བརྟན་པོའི་ངང་ས་གནས་ལ་གཤམ་སྤྲོད་བྱེད་དགོས། རྨང་མེད་སྔོན་རྩིས་འདུ་ཤེས་འཚོལ་ཞིབ་དང་བཀོལ་སྤྱོད་བྱས་ཏེ། གཏོང་སྒོ་སྲ་འགྱུར་དང་རེངས་འགྱུར་གྱི་གནས་བབ་མེད་པར་བཟོ་དགོས། གཞུང་དབང་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ནང་སྣོན་འཇུག་བྱེད་ཚད་སྔར་བས་ཇེ་མཐོར་གཏོང་དགོས། དངུལ་རྩའི་འདོན་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་སྤེལ་ཏེ། དངུལ་བསྡུ་གྲུབ་ཚུལ་དང་དངུལ་རྩའི་སྒྲིག་གཞིའི་མ་ལག ཚོང་རའི་མ་ལག ཐོན་རྫས་མ་ལག་བཅས་ལེགས་སྒྱུར་བྱེད་དགོས་པ་དང་། གསོག་འབོར་འཕར་ཆག་གི་སྐྱེད་ཚད་དངུལ་བུན་གྱི་རིན་གོང་གཏན་འབེབས་ཀྱི་ཚད་གཞི་བརྗེ་སྒྱུར་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ལས་སྐྲུན་ཁག་སྒྱུར་བཅོས་བྱེད་པ་དང་སྦྲགས་ཚོད་ལྟའི་ས་གནས་ཐོ་འགོད་ལམ་ལུགས་ཀྱི་སྤྱིའི་ལག་བསྟར་ཇུས་གཞི་དངོས་སུ་འདོན་པ་དང་། ཐད་ཀར་མ་དངུལ་བསྡུ་སྒྲིལ་དང་ལྷག་པར་དུ་རྐང་དབང་དངུལ་བསྡུའི་བསྡུར་ཚད་མུ་མཐུད་མཐོ་རུ་གཏོང་དགོས། ལྟ་སྐུལ་དོ་དམ་གྱི་དུས་འཁོར་གཉིས་པའི་གློག་སྐྱེལ་གློག་སྦྱོར་གྱི་རིན་གོང་སྒྱུར་བཅོས་ལེགས་འགྲུབ་དང་། སྤྱི་སྤྱོད་བྱ་གཞག་གི་རིན་གོང་སྒྱུར་བཅོས་ཟབ་སྤེལ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཐུང་ཆུ་དང་། གློག སོལ་རླངས། དྲོད་རླངས་བཅས་འདོན་སྤྲོད་ལས་རིགས་ཀྱི་རིན་དངུལ་བསྡུ་རིགས་གཙང་བཤེར་དང་ཚད་ལྡན་བཟོ་བ། སོལ་སྦར་གློག་འདོན་གྱི་རིན་གོང་འགྲུབ་པའི་ལམ་སྲོལ་སྒྱུར་བཅོས་དོན་འཁྱོལ། ཆ་རྐྱེན་འཛོམས་སར་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་ཐད་ཁྱད་པར་ཡོད་པའི་རིན་བསྡུའི་སྲིད་ཇུས་འཚོལ་ཞིབ་སྒོས་ཁྱབ་སྤེལ་གཏོང་བར་སྐུལ་ལྕག་གཏོང་བ་དང་། གློག་རིན་དང་ཆུ་རིན་གྱི་སྒྱུར་བཅོས་མུ་མཐུད་ཟབ་སྤེལ་བྱེད་དགོས། སྣུམ་རླངས་སྦུག་དྲའི་རིན་གོང་འགྲུབ་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
     (བདུན།)གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་སྐྱེད་སྲིང་བྱས་ནས་རྒྱ་སྐྱེད་གཏོང་དགོས། ས་གནས་ཁག་གི་བསྡུར་མངོན་བཟང་ཆ་འདོན་སྤེལ་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་དོན་འཁྱོལ་དང་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་དགོས།
     གཅིག་ནི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་དན་འཁྱོལ་ཞིབ་སྒྲུབ་བྱེད་དགོས། ས་ཁོངས་མཐུན་སྦྱོར་ངང་གོང་དུ་སྤེལ་བའི་ལམ་སྲོལ་གསར་པ་དོན་འཁྱོལ་བྱས་ཏེ། ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་ཆགས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བྱང་ཤར་ས་ཁུལ་ཕྱོགས་ཡོངས་དང་ཆ་ཡོངས་ནས་དར་རྒྱས་ཡོང་བར་རྒྱབ་སྐྱོར་དང་། དབུས་རྒྱུད་ས་ཁུལ་དར་སྤེལ་གཏོང་བའི་སྲིད་ཇུས་མ་ལག་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཤར་རྒྱུད་ས་ཁུལ་སྔོན་ལ་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞུང་ཨན་ཁུལ་གསར་གྱི་གཙོ་གནད་འཛུགས་སྐྲུན་ལས་གཞི་ལག་བསྟར་མགྱོགས་སུ་གཏོང་བ། པེ་ཅིན་གྱི་རྒྱལ་སའི་བྱེད་ནུས་མིན་རིགས་ཁ་འགྲེམས་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་དག་ཐེར་ཡོ་བསྲང་དང་མ་ལག་ཚང་བའི་སྲུང་སྐྱོང་ཉམས་གསོ་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གང་མགྱོགས་འཛུགས་པ་དང་ནང་ལོགས་ཆུ་བོའི་གྲུ་གཟིངས་བསྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བ། ཧེང་ཆིན་དང་ཧོ་ཐའོ་སོགས་ཀྱི་མཉམ་ལས་ལས་སྟེགས་གལ་ཆེན་འཛུགས་སྐྲུན་གང་མགྱོགས་བཅས་བྱེད་དགོས། ཚད་གཞི་མཐོན་པོས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྐྱེ་ཁམས་ལྗང་མདོག་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་འགྲིམ་འགྲུལ་གཞི་གཅིག་ཅན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཧུང་ཆའོ་ཡི་རྒྱལ་སྤྱིའི་སྒོ་འབྱེད་ལྟེ་གནས་འཛུགས་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་སྒྲིག་བཟོ་དང་གཏན་འབེབས་ལག་བསྟར་བྱེད་པའི་ལས་དོན་དམ་འཛིན་བྱས་ནས་ལེགས་པར་བསྒྲུབ་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་བསྐྲུན་དགོས། ནུབ་རྒྱུད་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ཁ་གཏད་རོགས་སྐྱོར་ཟབ་ཏུ་སྤེལ་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་རིམ་པའི་ཁུལ་གསར་དང་གསར་སྤེལ་ཁུལ་སོགས་ཀྱི་བྱེད་ནུས་ལས་སྟེགས་གསར་གཏོད་དང་རིམ་སྤོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཐོན་ཁུངས་རྣམ་པའི་ས་ཁུལ་གྱི་དཔལ་འབྱོར་རིགས་སྒྱུར་དང་བཟོ་ལས་གྲོང་ཁྱེར་རྙིང་པ་གསར་སྒྱུར་བསྒྱུར་བཀོད་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། ཧྲན་ཞིས་ནུས་ཁུངས་གསར་བརྗེའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་དགོས། ཐོན་ལས་སྤོ་སྒྱུར་དང་དུ་ལེན་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་མུ་མཐུད་སྐུལ་འདེད་དང་། ཆ་རྐྱེན་འཛོམས་པའི་སྐམ་སའི་དབུས་ཁུལ་གྱི་གྲོང་ཁྱེར་དུ་བཟོ་སྐྲུན་ལས་རིགས་རྩེར་སོན་གྱི་རྟེན་གཞི་ཁག་ཅིག་བསྐྲུན་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གང་མགྱོགས་བྱེད་པའི་བསམ་འཆར་གཏན་འབེབས་བྱེད་དགོས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། 《རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་འཆར་འགོད་རྩ་གནད་(2021—2035)》སྒྲིག་བཟོ་བྱེད་དགོས།

པར་རིས། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།(ཆེད་བཀོད་རེའུ་མིག་8པ།) ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

     ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ཡག་པོ་བྱེད་པ་དང་། ལས་ཞུགས་འགན་སྲུང་དང་།  དམངས་འཚོ་འགན་སྲུང་། འཁོར་སྐྱོད་འགན་སྲུང་།  ཐོན་སྐྱེད་སྦྲེལ་ཐག་དང་འདོན་སྤྲོད་སྦྲེལ་ཐག་བརྟན་འཇགས་ངང་འཁོར་སྐྱོད་བཅས་ལ་རྒྱབ་སྐྱོར་བྱས་ནས། ཧུའུ་པེ་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་བྱེད་པའི་རྒྱུན་ལྡན་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས། 
     གཉིས་ནི་མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་སྡོད་དམངས་ཅན་དུ་འགྱུར་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཆ་འགྲིག་སྲིད་ཇུས་སྔར་ལས་འཐུས་ཚང་དུ་གཏོང་བ། ཐེམ་ཁོངས་མིན་པའི་མི་འབོར་དུང་ཕྱུར་1གྲོང་ཁྱེར་དུ་ཁྱིམ་གཞིས་ཆགས་པའི་དམིགས་འབེན་ལེགས་གྲུབ་ཡོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་ཆེས་ཆེ་བས་མཐོ་སྣེའི་རྒྱུ་རྐྱེན་གཙོ་བོ་བགོ་སྒྲིག་བྱེད་ནུས་དང་རྒྱལ་སྤྱིའི་འགྲན་རྩོད་བྱེད་ནུས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱས་ཏེ། བྱེད་ནུས་གཙོ་བོ་མིན་རིགས་ཕྱི་ཕྱོགས་སུ་ཁ་འགྲེམས་མགྱོགས་མྱུར་གཏོང་དགོས། ཞིང་ཆེན་ལྟེ་གནས་དང་ས་ཁུལ་རིམ་པའི་གྲོང་ཁྱེར་སོགས་གྲོང་ཁྱེར་ཆེ་འབྲིང་གིས་གྲོང་ཁྱེར་གྱི་བྱེད་ནུས་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་སྤེལ། སྤྱི་པའི་ཞབས་ཞུའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། འཚོ་སྡོད་དང་ལས་གཉེར་ལ་འཚམ་པའི་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། རྫོང་མཁར་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཁོར་ཡུག་གི་གཙང་སྦྲ་དང་། གྲོང་ཁྱེར་གྱི་སྤྱི་སྤྱོད། སྤྱི་པའི་ཞབས་ཞུ། ཐོན་ལས་ཆ་འགྲིག་སོགས་ཁྱབ་ཁོངས་ཀྱི་ཆད་སྐྱོན་དང་ཞན་ཆ་བསབས་ཏེ། ཞིང་པའི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་རྫོང་མཁར་དུ་ཕྱིན་ནས་ལས་ཞུགས་དང་གཞིས་འཛུགས་པའི་དགོས་མཁོ་དང་འཚམ་མཐུན་བྱེད་དགོས། འབྲི་ཆུའི་དབུས་རྒྱུད་དང་། ཀྲུང་ཧྭ་དབུས་རྒྱུད། ཀོན་ཀྲུང་བདེ་ཐང་། ཧྲན་ཏུང་ཕྱེད་གླིང་། བྱང་ཁུལ་མཚོ་ཁུག་སོགས་གྲོང་ཁྱེར་ཁྱུ་ཚོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་དང་། གྲོང་ཁྱེར་ཁྱུ་ཚོགས་གཙོ་བོའི་འགྲིམ་འགྲུལ་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཡིན་པའི་ལས་གཞི་ཁག་ཅིག་འགོ་བརྩམས་ཏེ། གྲོང་ཁྱེར་ཁྱུ་ཚོགས་དང་ལྟེ་བའི་གྲོང་ཁྱེར་གྱིས་ཕྱོགས་བསྡུས་ཐེག་ནུས་དང་ཐོན་ཁུངས་ལེགས་བསྒྱུར་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་མཉེན་ཤུགས་ཇེ་ཆེར་གཏོང་བ། རིག་ལྡན་གྲོང་ཁྱེར་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད། གྲོང་ཁྱེར་གྱི་གཞི་གྲངས་ཀླད་པ་བཟོ་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་མ་ལག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་བའི་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་དང་འཚོལ་ཞིབ་ལ་ཁྲིད་སྟོན་བྱེད་དགོས། 
     གསུམ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་རིམ་གྱིས་སྐུལ་འདེད་བཏང་ནས་དབུལ་བྲལ་བྱས་འབྲས་སྲ་བརྟན་དུ་གཏོང་དགོས། ཞིང་གྲོང་གི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་ལས་ཐོན་རྫས་ལས་སྣོན་གླིང་འཛུགས་སྐྲུན་ལ་རྒྱབ་སྐྱོར། དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་གང་མགྱོགས་བྱེད་པ། ཞིང་གྲོང་གི་ཐོན་ལས་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་བའི་དཔེ་སྟོན་གླིང་དང་། ཞིང་ལས་ཐོན་ལས་ཀྱི་སྟོབས་ལྡན་གྲོང་རྡལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་དགེ་མཚན་ལྡན་ཁུལ་བཅས་ཁག་ཅིག་སྐྲུན་པ། གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་ཅིག་སྐྱེད་སྲིང་བྱེད་པ། མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལས་རིགས་དང་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་གཏོང་བ། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་དཔེ་གསར་འཕེལ་རྒྱས་མགྱོགས་མྱུར་གཏོང་བ་བཅས་བྱས་ཏེ།ཞིང་ལས་སྤུས་རྟགས་ཇེ་ཆེ་ཇེ་རྒྱས་སུ་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་གོང་སྤེལ་ལ་སྤྱོད་བྱའི་ས་ཞིང་འགན་སྲུང་སྲིད་ཇུས་འཐུས་ཚང་གཏོང་དགོས། ཐུན་མོང་དཔལ་འབྱོར་གྱི་དངོས་ཤུགས་ཇེ་ཆེར་གཏོང་དགོས། དེང་རབས་ཞིང་ལས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞིང་ཆུ་གཏོང་ཁུལ་ཆེ་འབྲིང་ཅན་འཕྲོ་མཐུད་འཛུགས་སྐྲུན་ཆ་འགྲིག་དང་ཆུ་བསྲི་སྒྱུར་བཀོད་དུས་ལྟར་ལེགས་གྲུབ་བྱེད་དགོས། ཞིང་གྲོང་གི་གློག་དྲ་རིམ་སྤོར་བསྒྱུར་བཀོད་དང་གཞུང་ལམ་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞིང་གྲོང་ས་ཁུལ་དུ་གཤོང་ཚད་ཆེ་བའི་དྲ་བ་དང་སྒུལ་བདེའི་འཕྲིན་གཏོང་དྲ་བ་ཁྱབ་ཚད་མགྱོགས་སུ་གཏོང་དགོས། རིམས་ནད་འགོག་བཅོས་བྱ་རྒྱུ་འཇུག་སྒོ་བྱས་ཏེ། ཡོངས་ཁྱབ་རང་བཞིན་གྱི་གྲོང་ཚོའི་གཙང་སྦྲའི་བྱེད་སྒོ་ཟབ་སྤེལ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་ཞིང་གྲོང་གི་གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་དང་། འཚོ་བའི་གད་སྙིགས་དང་བཙོག་ཆུ་གཙང་སེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་གྲོང་གི་སྡོད་གནས་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ལས་འགན་ལེགས་འགྲུབ་བྱེད་དགོས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་འདེགས་སྐྱོར་མ་ལག་འཚོལ་ཞིབ་བྱས་ནས་འཛུགས་པ། ཞིང་ལས་ཁ་གཏིང་གཉིས་ཀྱི་སྦགས་བཙོག་ལ་ལྟ་ཞིབ་ཚད་ལེན་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། རྫོང་ཁོངས་ཀྱི་གྲོང་སྡེའི་བར་སྟོང་བཀོད་སྒྲིག་གི་འཆར་འགོད་ལེགས་པོར་བཟོས་ནས། འཆར་མང་གཅིག་ཏུ་སྒྲིལ་བའི་དངོས་སྤྱོད་རང་བཞིན་གྱི་གྲོང་སྡེའི་འཆར་འགོད་མགྱོགས་མྱུར་སྒྲིག་བཟོ་བྱེད་དགོས། ཞིང་གྲོང་གི་ཆུ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟའི་རྫོང་སྐྲུན་འགོ་བརྩམ་དགོས། ཞིང་གྲོང་གི་ནུས་ཁུངས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞིང་ལས་ཀྱི་སྙིགས་རྫས་ནུས་ཁུངས་ཅན་དང་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་དགོས། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་འཛུགས་པའི་ཚོད་ལྟའི་དཔེ་སྟོན་ཟབ་སྤེལ་བྱེད་དགོས།
     (བརྒྱད།) ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་སྐྲུན་གང་མགྱོགས་བྱས་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་ཤུགས་རྐྱེན་ངན་པར་ཁ་གཏད་ཧུར་ཐག་གཅོག་པ་དང་། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་གྱི་སྤྱི་ཡོངས་གཏན་འཇགས་ཡོང་བར་བྱེད་དགོས།
     གཅིག་ནི་ཕྱིར་གཏོང་ནང་འདྲེན་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། སྣ་མང་ཅན་གྱི་ཚོང་ར་གསར་འབྱེད་ཤུགས་ཆེན་བྱེད་པ་དང་། ཁེ་ལས་ཀྱིས་དྲ་ལམ་བརྒྱུད་ནས་གྲོས་མོལ་དང་འགྲེམས་སྟོན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་དང་ཚོང་ར་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པ། ཕྱིར་གཏོང་ཁེ་ལས་ཀྱིས་རྒྱལ་ནང་གི་ཚོང་ར་གསར་གཏོད་ཧུར་ཐག་བྱེད་པར་རྒྱབ་སྐྱོར་དང་བསྔགས་སྐུལ་དང་། ཕྱི་མཁོ་ཉུང་དུ་འགྲོ་བའི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་འཇལ་བ་བཅས་བྱེད་དགོས། རྒྱལ་ཁོངས་ལས་བརྒལ་བའི་གློག་རྡུལ་ཚོང་ལས་དང་ཚོང་རའི་ཉོ་སྒྲུབ་ཉོ་ཚོང་སོགས་ལ་རྒྱབ་སྐྱོར་བྱེད་པའི་ཕྱི་ཕྱོགས་ཉོ་ཚོང་གི་ལས་རྣམ་གསར་པ་དང་མ་དཔེ་གསར་པ་འཕེལ་རྒྱས་གང་མགྱོགས་གཏོང་དགོས། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཆུ་ཚད་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས། སྐོར་ཐེངས་གསར་པའི་ཞབས་ཞུའི་ཉོ་ཚོང་གི་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟར་སྐུལ་འདེད་གཏོང་དགོས། ལས་སྣོན་ཉོ་ཚོང་འཕེལ་རྒྱས་བརྟན་པོ་ཡོང་བར་བྱེད་དགོས། ཉེན་ཁར་ཚོད་འཛིན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག དུས་ཐུང་གི་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ལས་སྒོ་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱེད་པ་མ་ཟད་གྲོན་ཚད་ཀྱང་དམའ་རུ་གཏོང་རྒྱུ་དང་། དུས་ཡུན་འབྲིང་རིང་གི་སྲིད་ཇུས་རང་བཞིན་གྱི་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཆེད་དམིགས་བཀོད་སྒྲིག་ལག་བསྟར་བྱེད་དགོས། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་གཉེར་པར་ཧུར་ཐག་གིས་གྲ་སྒྲིག་བྱེད་དགོས། རྒྱལ་སྤྱིའི་ཟོག་འགྲེམས་མཁོ་སྤྲོད་སྦྲེལ་ཐག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་ཟོག་འདྲེན་ཤར་གཏོང་ཐུབ་པར་འགན་སྲུང་བྱེད་དགོས།
     གཉིས་ནི་ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་ཧུར་ཐག་བྱེད་དགོས། ཕྱི་ཚོང་དངུལ་འཇོག་གི་བཅའ་ཁྲིམས་དང་ཆ་འགྲིག་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཇེ་ཉུང་དུ་ཆེས་ཆེར་གཏོང་བ་དང་། ཞབས་ཞུའི་ལས་རིགས་དང་། དངུལ་རྩའི་ལས་རིགས། བཟོ་སྐྲུན་ལས་རིགས། ཞིང་ལས་བཅས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་ཇེ་ཟབ་ཏུ་གཏོང་དགོས། ཚོང་པ་འགུག་པ་དང་ཚོང་པའི་སམས་པ་བད་ལ་འགོད་པ་དང་ཚོང་པ་བརྟན་འཇགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཐོན་ལས་དཀར་ཆག་གི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། ཕྱི་རྒྱལ་གྱི་མ་དངུལ་ལས་གཞི་གལ་ཆེན་ཁག་ཅིག་དོན་ཐོག་ཏུ་འཁྱོལ་བར་མུ་མཐུད་སྐུལ་འདེད་གཏོང་དགོས། ཞབས་ཞུ་ལས་རིགས་ཀྱིས་སྒོ་འབྱེད་ཚོད་ལྟ་རྒྱ་སྐྱེད་བཏང་ནས་སྤེལ་བའི་ཉམས་མྱོང་ཁྱབ་གདལ་གཏོང་དགོས། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ནང་དང་རྒྱལ་ཕྱིའི་མ་རྩའི་ཁེ་ལས་ལ་འདྲ་མཉམ་ཐོག་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་ཁག་ཐེག་བྱེད་དགོས། རང་རེའི་དངུལ་འཇོག་ཁོར་ཡུག་དང་སྲིད་ཇུས་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གོ་རིམ་ལྡན་པའི་ངང་ནང་འདྲེན་ཐུབ་པར་བྱེད་དགོས། ཕྱི་རྒྱལ་གྱི་དངུལ་བུན་དང་དུས་ཡུན་འབྲིང་རིང་གི་ཕྱི་བུན་སོགས་མ་གནས་དམའ་བའི་མ་དངུལ་གྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ནས་ཕྱི་བུན་གྱི་གྲུབ་ཚུལ་ལེགས་སྒྱུར་དང་ཕྱི་བུན་གྱི་ཉེན་ཁར་སྔོན་འགོག་བྱེད་དགོས།
     གསུམ་ནི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་དགོས། གཙོ་གནད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དབར་དངོས་སྒྲུབ་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། ཉེ་འཁོར་རྒྱལ་ཁབ་དང་ཕན་ཚུན་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཀྲུང་གོ་མོང་གོལ་ཨུ་རུ་སུ་དང་། ཀྲུང་གོ་དང་ཕ་ཁི་སི་ཐན། ཀྲུང་གོ་དང་དབུས་ལྷོ་ཕྱེད་གླིང་བཅས་ཀྱི་དཔལ་འབྱོར་བར་ཁྱམས་སོགས་ཀྱི་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་གཏོང་དགོས། ཀྲུང་ཡོབ་འཆར་ཅན་མེ་འཁོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གཞི་གྲངས་ཀྱི་དར་གོས་འགྲུལ་ལམ་འཛུགས་པའི་མཉམ་ལས་ཟབ་མོ་བྱེད་དགོས། མི་ཆོས་ཀྱི་སྤེལ་རེས་བྱ་རྒྱུར་སྐུལ་མ་བཏང་ནས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་སྤྱིའི་ས་ཁོངས་ཕལ་པའི་མཉམ་ལས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས།
     བཞི་ནི་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་མཐོ་ས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། དཔལ་འབྱོར་དམིགས་བསལ་ཁུལ་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་བྱེད་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་ཚོད་ལྟའི་ལས་འགན་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལ་སྒྱུར་བཅོས་ཀྱི་རང་བདག་དབང་ཆ་སྔར་བས་ཆེ་བ་སྤྲད་དེ། སྤུས་ཚད་མཐོ་ཞིང་འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་དེ་བས་མང་བ་འཐོབ་པར་བྱེད་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི་ཁྱབ་བསྒྲགས་དང་ལག་ལེན་བསྟར་དགོས། ཐོག་མའི་དུས་རིམ་གྱི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལས་ཀ་ཏན་ཏན་ཏིག་ཏིག་གིས་དམ་འཛིན་བྱེད་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་རྒྱལ་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་འགྲེམས་སྤེལ་བྱེད་དགོས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཕྱོགས་བསྡུས་ཁྲལ་མེད་ས་ཁུལ་འཕར་འཛུགས་བྱེད་དགོས།  མཐའ་རྒྱུད་གསར་སྤེལ་དང་སྒོ་འབྱེད་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མཐའ་རྒྱུད་གཙོ་གནད་གསར་སྤེལ་སྒོ་འབྱེད་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། 
     ལྔ་ནི་རྒྱལ་ཁོངས་ཕྱིར་དངུལ་འཇོག་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཁེ་ལས་བྱེད་པོ་གཙོ་བོ་ཡིན་པ་རྒྱུན་འཁྱོངས་དང་། རིགས་དབྱེ་ཁྲིད་སྟོན་འཐུས་ཚང་དུ་གཏོང་བ། རྒྱལ་ཁོངས་ཕྱིར་མ་དངུལ་འཇོག་པའི་གྲུབ་ཚུལ་ལེགས་སྒྱུར་བཅས་བྱེད་དགོས། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་བརྟན་པོའི་ངང་སྤེལ་བ་དང་། སྣ་མང་ཅན་གྱི་ཚོང་ར་གསར་འབྱེད་བྱས་ཏེ། སྒྲིག་ཆས་དང་། ལག་རྩལ། ཞབས་ཞུ། སྤུས་རྟགས། ཚད་གཞི་བཅས་“ཕྱི་རུ་སྐྱོད་པར་”སྐུལ་ཁྲིད་བྱེད་དགོས། རྒྱལ་ཁོངས་ཕྱིར་མ་དངུལ་འཇོག་པའི་སྲིད་ཇུས་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཇུས་འགོད་དང་། བློ་འདྲི། རྩིས་གཉེར། ངོས་འཛིན། བཅའ་ཁྲིམས་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དག་རྒྱལ་སྤྱི་ཅན་དུ་འགྱུར་བའི་འཕེལ་རྒྱས་གང་མགྱོགས་གཏོང་བར་ཁོར་ཡུག་བཟང་པོ་སྐྲུན་པ་དང་། ཁེ་ལས་ཀྱིས་ཡུལ་བབ་དང་བསྟུན་ནས་རྒྱལ་ཕྱིའི་མཛོད་ཁང་འཛུགས་པར་སྟབས་བདེ་བསྐྲུན་དགོས། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། ཁེ་ལས་ཀྱིས་རྒྱལ་ཁོངས་ཕྱིར་ལུགས་མཐུན་གྱི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་བྱེད་པ་དང་། ཁེ་ལས་ཀྱི་རྒྱལ་ཁོངས་ཕྱིའི་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། མངའ་ཁོངས་ཕྱིའི་ཉེན་ཁ་འགོག་ཟོན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། 
      དྲུག་ནི་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་(WTO)སོགས་ཕྱོགས་མང་སྒྲིག་གཞིའི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་དགོས། ཆུ་ཚད་སྔར་ལས་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་(RCEP)ལ་དུས་ལྟར་མིང་རྟགས་འགོད་ཐུབ་པའི་བརྩོན་ལེན་བྱེད་པ་དང་། ཀྲུང་གོ་ལྗར་པན་ལྷོ་ཁོ་རི་ཡ་སོགས་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་མོལ་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས།
     (དགུ།)དམངས་འཚོའི་མཐའ་སྐྱོང་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོར་འགན་སྲུང་བྱེད་དགོས། རིམས་ནད་ལས་བྱུང་བའི་དམངས་འཚོའི་གནད་དོན་ལ་དམིགས་ཏེ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་བྱས་ནས་ཐག་གཅོད་ནུས་ལྡན་ཐུབ་པར་འགན་སྲུང་བྱེད་དགོས། 
     གཅིག་ནི་ལས་ཞུགས་ཐབས་བརྒྱ་ཇུས་སྟོང་གིས་བརྟན་དུ་གཏོང་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ཁེ་ལས་ཆུང་འབྲིང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ལས་གནས་བརྟན་དུ་གཏོང་བར་རྒྱབ་སྐྱོར་དང་ཁེ་ལས་ཀྱི་ལས་མི་ཉུང་ཕྲི་གཏོང་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཏན་སྡོད་མི་འབོར་ཡོངས་ལ་སྤྱི་པའི་ལས་ཞུགས་ཞབས་ཞུས་ཁེབས་པར་སྐུལ་འདེད་བཏང་སྟེ། ལས་ཤོར་ཐོ་འགོད་ཐབས་ལམ་ཐོགས་མེད་ཡོང་བ་དང་། ལས་མི་མཉམ་སྤྱོད་དང་ལས་ཞུགས་འགན་ལེན་སོགས་ཞབས་ཞུ་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་པ། ཚོང་གཉེར་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་སྒྲིག་གཞི་སོགས་ཚོང་ར་ཅན་གྱི་ཞབས་ཞུ་སྟོབས་ཤུགས་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས། སློབ་བསྡུ་དང་དམག་མི་བསྡུ་གྲངས་མང་དུ་གཏོང་བའི་འཆར་གཞི་འགྲེམས་སྤེལ་བྱས་རིགས་གང་མགྱོགས་ཀྱིས་དོན་འཁྱོལ་བྱེད་དགོས་པ་དང་། གཞུང་དབང་ཁེ་ལས་ཀྱིས་ད་ལོ་དང་སང་ལོ་གཉིས་ཀྱི་རིང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་བསྡུ་གདན་ཞུ་བྱེད་པའི་གཞི་ཁྱོན་བསྟུད་མར་རྒྱ་སྐྱེད་གཏོང་དགོས། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་ལས་ཞུགས་སུ་བསྐྱོད་པར་བསྔགས་སྐུལ་བྱེད་པ་དང་། “རོགས་གསུམ་སྐྱོར་གཅིག་”འཆར་གཞི་སོགས་གཞི་རིམ་ལ་ཞབས་ཞུ་བྱེད་པའི་ལས་གཞི་དང་ལྟ་སྦྱོང་ལག་ལེན་བསྟར་ཁྱོན་རྒྱ་སྐྱེད་གཏོང་དགོས། ལས་གཏོད་ཀྱིས་ལས་ཞུགས་ལྡབ་འགྱུར་གྱིས་འཕར་བར་བྱེད་པའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་གྲོང་གི་གསར་གཏོད་དང་ལས་གཏོད་ཀྱི་སྣེ་ཁྲིད་པ་གསོ་སྐྱོང་བྱེད་པའི་བྱ་འགུལ་ལག་ལེན་བསྟར་བ་དང་། གླ་རྒྱག་ཞིང་པ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་མི་སྣ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ། ཐབས་ལམ་སྣ་མང་སྒོས་ལས་ཞུགས་སྟབས་བསྟུན་ཡོང་བར་སྐུལ་འདེད་གཏོང་དགོས། སྐོར་སྐྱོད་ཁྲོམ་ཚོང་པའི་ཚོང་གཉེར་བྱེད་གནས་ལུགས་མཐུན་འཛུགས་དགོས། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞིང་གྲོང་གི་ངལ་རྩོལ་པ་གང་ཐུབ་ཀྱིས་རང་སའམ་ཉེ་ས་ཁུལ་དུ་ལས་ཞུགས་བྱེད་པར་བསྡུ་དགོས། སྤྱི་པའི་ལས་རིགས་ལག་རྩལ་གསོ་སྐྱོང་གི་རྨང་གཞི་ལས་སྟེགས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ལས་རིགས་ལག་རྩལ་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མུ་མཐུད་དུ་སློབ་འཕར་མ་ཐུབ་པའི་ལོ་དེའི་དམའ་འབྲིང་དང་མཐོ་འབྲིང་མཐར་ཕྱིན་སློབ་མ་དང་། ཐོ་འགོད་ལས་ཤོར་ལོ་གཞོན་དག་ངལ་རྩོལ་ཞུགས་གྲབས་ལམ་ལུགས་ནང་ཞུགས་པར་སྐུལ་སློང་བྱེད་དགོས། ད་ལོ་དང་སང་ལོ་གཉིས་ལ་ལས་རིགས་ལག་རྩལ་གསོ་སྐྱོང་མི་ཐེངས་ཁྲི་3500ཡན་ལ་སླེབས་དགོས་པ་དང་། ལོ་གསུམ་གྱི་ནང་མི་ཐེངས་གྲངས་ཁྲི་5000གསོ་སྦྱོང་བྱེད་པའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་དགོས། མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭས་སློབ་མ་ཁྲི་200རྒྱ་སྐྱེད་བཏང་ནས་བསྡུ་དགོས།
     གཉིས་ནི་སྤྱི་པའི་འཕྲོད་བསྟེན་གྱི་ཆད་སྐྱོན་གང་མགྱོགས་གསབ་དགོས། སྤྱི་པའི་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་ལུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ལ་ནོར་སྲིད་ནས་གསབ་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་འོས་འཚམ་གཏོང་བ། སྤྱི་པའི་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་དང་གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་བྱེད་དགོས། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་མྱུར་བསྟུན་དོ་དམ་མ་ལག་འཐུས་ཚང་བཟོ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ནུས་པ་ཆེར་གཏོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཞིང་ཆེན་ཁག་ཚང་མར་སྐྱེ་དངོས་བདེ་འཇགས་ཀྱི་རིམ་པ་གསུམ་པའི་ཆུ་ཚད་ལ་སླེབས་པའི་ཚོད་ལྟ་ཁང་ཡོད་པ་བརྩོན་ལེན་བྱེད་དགོས། འགོས་ནད་འགོག་བཅོས་ཀྱི་ཆེད་ཚན་སྨན་ཁང་དང་ཕྱོགས་བསྡུས་སྨན་ཁང་གི་འགོས་ནད་ཚན་ཁག་དང་དབུགས་ལམ་ཚན་ཁག་གཙོ་རྐང་ཡིན་པ་དང་། སྨན་བཅོས་སྨན་ཁང་གཞན་དག་ནི་གྲ་སྒྲིག་རུ་ཁག་ཡིན་པའི་སྐུལ་སློང་ལམ་སྲོལ་འཛུགས་པ་དང་། རྒྱལ་ཁབ་ཀྱི་རིམས་ནད་ཚབས་ཆེན་སྐྱོབ་བཅོས་རྟེན་གཞི་འཆར་འགོད་དང་བཀོད་སྒྲིག་བྱེད་དགོས། གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། “དྲ་སྦྲེལ་+སྨན་བཅོས་བདེ་ཐང་”གོང་དུ་སྤེལ་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་སྨན་བཅོས་ཞབས་ཞུ་སྒྲུབ་ནུས་ཇེ་ཆེར་གཏོང་དགོས། རིམ་དབྱེ་ནད་བརྟག་སྨན་བཅོས་སྐུལ་སྤེལ་གཏོང་དགོས། ནད་པ་དང་སྨན་པའི་འབྲེལ་བ་ཞི་མཐུན་འཛུགས་སྐྱོང་བྱེད་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་དར་སྤེལ་གཏོང་དགོས།  ཀྲུང་ལུགས་གསོ་རིག་སྨན་བཅོས་ཀྱི་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་དགོས། དམངས་ཡོངས་ཀྱིས་སྔོན་འགོག་བདེ་སྲུང་བྱེད་པར་སྔར་བས་སྐུལ་སྤེལ་གཏོང་བ་དང་། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་སྤེལ་དགོས།
     གསུམ་ནི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་གཅིག་གྱུར་འཆར་འགོད་ཀྱི་རིམ་པ་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་ས་ཁུལ་དང་གྲོང་ཁྱེར་རིམ་པ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་འཚོལ་ཞིབ་བྱས་ཏེ་སྤེལ་བར་བསྔགས་སྐུལ་བྱེད་དགོས། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་འཛུགས་དགོས། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བེད་སྤྱོད་ཕན་འབྲས་མཐོ་རུ་གཏོང་བ་དང་། བསྡོམས་འབོར་གྱི་སྔོན་རྩིས་དོ་དམ་འཐུས་ཚང་དུ་གཏོང་བ། སྨན་བཅོས་ཞབས་ཞུའི་ཁྱད་ཆོས་མི་འདྲ་བ་དང་མཐུན་པའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་ཁྱབ་སྤེལ་གཏོང་བ། དམིགས་བཙུགས་སྨན་བཅོས་སྒྲིག་གཞིའི་གྲུབ་འབྲས་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། ཡུལ་གཞན་དུ་སྨན་བཅོས་བྱེད་སྐབས་ཐད་ཀར་རྩིས་རྒྱག་པའི་ལས་ཀ་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་30མཐོ་རུ་གཏོང་རྒྱུ། སྨན་རྫས་དཀོན་རིགས་འདོན་སྤྲོད་འགན་སྲུང་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་དང་། སྨན་བཅོས་འགན་བཅོལ། གསོ་སྨན་བཅས་ཀྱི་མཉམ་འགུལ་སྒྱུར་བཅོས་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ཏེ་སྨན་རྫས་གཅིག་བསྡུས་ཀྱིས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པའི་སྨན་རྫས་སྣ་རིགས་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་སྒོ་ནས་རྒྱ་སྐྱེད་གཏོང་བ་དང་། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ཏེ་རིན་ཐང་ཆེ་བའི་སྨན་བཅོས་ལ་མཁོ་བའི་རྒྱུ་ཆ་གཅིག་བསྡུས་ཀྱིས་ཉོ་སྒྲུབ་བྱེད་པའི་ཚོད་ལྟ་སྤེལ་དགོས། ལས་ཤོར་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་ལས་རྨས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་པ་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་དགོས། རྒན་གསོའི་འགན་བཅོལ་ལ་རྒྱལ་ཡོངས་གཅིག་གྱུར་ཐོག་སྐུལ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ལས་བཟོ་བའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཞིང་ཆེན་རིམ་པས་གཅིག་གྱུར་གཏོང་ལེན་བྱེད་པ་མངོན་འགྱུར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་འོས་འཚམ་ངང་མཐོ་རུ་གཏོང་དགོས། སྤྱི་ཚོགས་འགན་བཅོལ་དུས་མཚམས་རང་བཞིན་གྱི་ཆག་ཡང་དང་རྩ་ཆག་གཏོང་བ་དང་། སྤྲོད་འཇལ་ཕྱིར་སྣུར་བྱེད་པ་དང་། གྲོན་ཚད་གཅོག་པའི་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་པ་འགན་ལེན་བཅས་བྱེད་དགོས། གཞུང་དབང་མ་རྩ་ཁག་ཅིག་སྤྱི་ཚོགས་ཐེབས་རྩའི་ཁ་གསབ་ཏུ་སྤྱོད་པ་མགྱོགས་སུ་གཏོང་དགོས། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་གང་མགྱོགས་འཛུགས་པ་དང་། ཁེ་ལས་(ལས་སྒོ་)ཀྱི་ལོ་དངུལ་དང་སྨན་བཅོས་འགན་བཅོལ་ཁ་གསབ་འཕེལ་རྒྱས་ཤུགས་ཆེར་གཏོང་བ་དང་། རྒན་གསོའི་འགན་བཅོལ་གྱི་གཙོ་རྟེན་གསུམ་པ་འཛུགས་པ་དང་དེ་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས། ལས་ཤོར་འགན་བཅོལ་གྱི་འགན་སྲུང་བྱེད་རྒྱ་ཇེ་ཆེར་བཏང་སྟེ། འགན་བཅོལ་ནང་ཞུགས་ཡུན་ལོ་གཅིག་མི་ལོང་བའི་གླ་རྒྱག་ཞིང་པ་སོགས་ལས་ཤོར་མི་སྣ་ཚང་མ་རྒྱུན་སྡོད་ས་གནས་ཀྱི་འགན་སྲུང་ནང་འཇུག་དགོས། དམའ་སྲུང་འགན་སྲུང་བྱེད་རྒྱ་ཇེ་ཆེར་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་བསྲུང་འོས་བསྲུང་རྐྱང་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཤོར་པ་དང་ཕ་ཡུལ་དུ་ཕྱིར་ལོག་མི་སྣ་ཆ་རྐྱེན་འཛོམས་རིགས་དུས་ཐོག་ཏུ་དམའ་སྲུང་སོགས་སྐྱོབ་རོགས་ཁྱབ་ཁོངས་སུ་འཇུག་དགོས།  གཞུང་དོན་དུ་རང་སྲོག་ཤོར་བའི་མི་སྣའི་འཆི་གོད་གྱོང་གསབ་ལས་དོན་ཡག་པོ་བསྒྲུབ་དགོས། བུད་མེད་དང་།  བྱིས་པ། རྒན་རྒོན། དབང་བོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས།  ཞིང་གྲོང་གི་གཞིས་སྲུང་བྱིས་པ་དང་། བུད་མེད། རྒན་རྒོན་བཅས་ལ་སེམས་ཁུར་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་འཛུགས་པར་སྐུལ་འདེད་གཏོང་བ་དང་། བོགས་གཏོང་སྡོད་ཁང་འཛུགས་སྐྲུན་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྡོད་ཁང་འགན་སྲུང་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་དགོས།
     བཞི་ནི་སྡོད་དམངས་ཀྱི་ཡོང་སྒོ་བརྟན་པོར་འཕར་ཐུབ་པ་བྱས་ནས་གཙོ་གནད་ཚོགས་སྤྱིའི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་དགོས།  སྡོད་དམངས་ཀྱི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་འཕར་བའི་སྔོན་དཔག་སྔར་བས་བརྟན་པར་བྱེད་པ་དང་། རྒྱལ་བུན་དང་ས་གནས་སྲིད་གཞུང་གི་བུན་འཛིན་དེ་མ་དངུལ་འཇོག་མཁན་མི་སྒེར་ལ་འགྲེམས་གྲངས་ཇེ་མང་དུ་འོས་འཚམ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་སྡོད་དམངས་ཀྱི་སྤོ་སྒྱུར་རང་བཞིན་གྱི་ཡོང་སྒོ་ཇེ་མཐོར་གཏོང་བར་སྐུལ་ལྕག་གཏོང་དགོས། ཡོང་འབབ་བགོ་བཤའི་གཙོ་གནད་ཁྱབ་ཁོངས་ལ་སྒྱུར་བཅོས་གཏོང་བར་གཅིག་གྱུར་ཐོག་སྐུལ་འདེད་བྱེད་པ་དང་། གླ་ཕོགས་ཀྱི་ཁྲིད་སྟོན་ཚད་གཞི་དང་ཁེ་ལས་ཀྱི་གླ་རྔན་བརྟག་དཔྱད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཕྱིར་ཐོན་གླ་རྒྱག་ཞིང་པས་རྒྱུན་སྡོད་བྱེད་སར་གྲོང་ཁྱེར་དང་གྲོང་བརྡལ་གྱི་ཐེམ་ཐོའི་མི་འབོར་དང་འདྲ་མཉམ་གྱི་ལས་ཞུགས་ལས་གཏོད་སྲིད་ཇུས་མྱོང་ཐུབ་པའི་འགན་སྲུང་བྱེད་པ་དང་། གླ་རྒྱག་ཞིང་པའི་ངལ་རྩོལ་ཐོབ་ཆའི་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བྱས་ནས། གླ་རྒྱག་ཞིང་པའི་གླ་ཕོགས་འགྱང་ཆད་གསར་དུ་འབྱུང་བ་འགོ་ཁུངས་ནས་བཀག་འགོག་བྱེད་པ་དང་། གྲོང་ཁྱེར་དུ་འོངས་པའི་གླ་རྒྱག་ཞིང་པ་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་ལ་འདྲེས་ཐུབ་པར་སྐུལ་འདེད་བྱེད་དགོས། གཙོ་གནད་ཞིང་ལས་ཐོན་རྫས་དང་གཙོ་གནད་དུས་སྐབས་ཀྱི་རིན་གོང་ལེགས་སྒྲིག་གི་ལས་དོན་ཡག་པོར་སྒྲུབ་པ་དང་། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བ་དང་དམ་སྦྲེལ་བྱས་ནས་མཉམ་འགུལ་བྱེད་པའི་ལམ་སྲོལ་ལག་བསྟར་ཡག་པོ་བྱེད་པ་དང་། དཀའ་ངལ་ཆེ་བའི་མང་ཚོགས་ལ་མཐའ་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལམ་སྲོལ་སྔར་བས་གཅིག་གྱུར་སྒོས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམའ་སྲུང་ཚད་གཞི་བརྟན་པོའི་ངང་མཐོ་རུ་གཏོང་བ། དམའ་སྲུང་ལག་བསྟར་བྱེད་པ་སོགས་སྐྱོབ་རོགས་སྲིད་ཇུས་དང་དབུལ་སྐྱོར་སྲིད་ཇུས་སྦྲེལ་མཐུད་ལ་མུ་མཐུད་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས། 
     ལྔ་ནི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་དངོས་སུ་འདོན་པར་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ཞབས་ཞུའི་ལས་ཁུངས་ཚད་ལྡན་ཅན་དུ་འགྱུར་བའི་ཚོད་ལྟར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་གསོར་མ་དངུལ་གཏོང་བ་གཏན་འཇགས་དང་། མ་དངུལ་གཏོང་བའི་གྲུབ་ཚུལ་ལེགས་སྒྱུར། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། སློབ་གྲྭའི་བར་བཅས་ཀྱི་ཧེ་བག་ཇེ་ཆུང་དུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་སྲོལ་སྲ་བརྟན་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འོས་འགན་སློབ་གསོའི་སློབ་གྲྭའི་འཛིན་གྲྭར་སློབ་མ་མང་ཐལ་ཆེ་བ་ཐག་གཅོད་ཧུར་ཐག་བྱེད་དགོས། ཞང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་རྫོང་མཁར་གྱི་སློབ་གྲྭ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། མཉམ་འོངས་བུ་ཕྲུག་གི་འོས་འགན་སློབ་གསོའི་སློབ་ཞུགས་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། དམིགས་བསལ་སློབ་གསོ་དང་མུ་མཐུད་སློབ་གསོ་ལེགས་པར་བསྒྲུབ་དགོས། ཐབས་ལམ་མང་པོར་བརྟེན་ནས་ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སྤུས་ལེགས་དང་ཀུན་ཕན་ཡིན་པའི་སློབ་སྔོན་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། དམངས་སྒྲུབ་བུ་བཅོལ་ཁང་གི་དཀའ་ངལ་སེལ་བར་རོགས་རམ་བྱེད་དགོས། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་བ་དང་། དབུལ་ཕོངས་ས་ཁུལ་གྱི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་བཅོས་བྱེད་དགོས། དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་གསོ་དང་ཞིབ་འཇུག་སློབ་མའི་སློབ་གསོ་བརྟན་ཐོག་འཕེལ་རྒྱས་གཏོང་དགོས། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། མཐོ་རིམ་སློབ་གྲྭས་ཞིང་གྲོང་དང་དབུལ་ཕོངས་ས་ཁུལ་ནས་སློབ་མ་བསྡུ་ཁྱོན་ཇེ་ཆེར་གཏོང་དགོས། མཐོ་རིམ་སློབ་གསོ་དཀྱུས་མའི་དངོས་གཞི་དང་ཆེད་སྦྱོང་ཚན་ཁག་གིས་སློབ་མ་ཁྲི་920བསྡུ་བ་དང་། ཞིབ་འཇུག་སློབ་མ་ཁྲི་111.4བསྡུ་དགོས། རྒྱལ་ཁབ་ཀྱི་ཐོན་སློབ་མཉམ་འདྲེས་འཛུགས་སྐྲུན་གྱི་ཚོད་ལྟར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སློབ་གསོ་ཆ་འཕྲིན་ཅན་དུ་སྐུལ་འདེད་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཀུན་ཕན་རྒན་གསོ་དང་ཀུན་ཕན་བཅོལ་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་སྤེལ་གཏོང་དགོས། རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རིག་གནས་ཡུལ་སྐོར་མཐོར་འདེགས་ལས་གྲྭ་མུ་མཐུད་ལག་བསྟར་བྱེད་པ་དང་། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རིག་གནས་སྒྲིག་བཀོད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དང་། གྲོང་གསེབ་ཀྱི་ཡུལ་སྐོར། གསར་བརྗེའི་གནས་གཞིའི་ཡུལ་སྐོར་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཧའེ་ནན་རྒྱལ་སྤྱིའི་ཡུལ་སྐོར་འཛད་སྤྱོད་ལྟེ་གནས་དང་། ཧེང་ཆིན་རྒྱལ་སྤྱིའི་སྤྲོ་གསེང་ཡུལ་སྐོར་གླིང་ཕྲན། ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་སོགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། “དྲ་སྦྲེལ་+ཡུལ་སྐོར་”གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། “སྣེ་ཁྲིད་མཁན་”གྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཁྱིམ་ལས་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་རྒྱ་སྐྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོགས་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མྱུར་བསྟུན་དོ་དམ་བྱེད་ནུས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ་དང་། འཐབ་ཇུས་ཀྱི་མྱུར་བསྟུན་དངོས་ཟོག་གྲབས་གསོག་བདེ་འཇགས་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་དགོས། རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར་མགྱོགས་སུ་གཏོང་བ་དང་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། སྡེ་ཁུལ་དོ་དམ་དང་ཞབས་ཞུའི་ལམ་སྲོལ་ཆ་ཚང་གཏོང་དགོས། གཞི་རིམ་གྱི་མྱུར་བསྟུན་ནུས་པ་ཇེ་ཆེར་གཏོང་དགོས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གཏིང་ཟབ་བྱེད་དགོས། ཟས་རིགས་དང་སྨན་རྫས་ཉེན་མེད་ཡོང་བར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་དགོས། ཉེན་མེད་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཉེན་མེད་ཐོན་སྐྱེད་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཡག་པོ་བྱེད་པ་དང་། ལས་འཛོལ་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་སྣ་ཚོགས་ཀྱི་ཆག་སྒོ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།
      “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཞང་ཀང་བས་ཞང་ཀང་སྐྱོང་བ།” “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཞང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་འདྲེས་པར་རྒྱབ་སྐྱོར་དང་སྐུལ་འདེད་བརྟན་པོ་གཏོང་དགོས། རྒྱལ་སྤྱིའི་དངུལ་རྩ་དང་། སྐྱེལ་འདྲེན། ཉོ་ཚོང་ལྟེ་གནས་བཅས་ཡིན་པའི་ཞང་ཀང་གི་ལེགས་ཆར་གཞི་ཚུགས་པ་དང་། ནང་ས་དང་ཞང་ཀང་བར་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་སྔར་བས་དམ་ཟབ་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག་(CEPA)གི་གྲོས་མཐུན་རབ་དང་རིམ་པ་དོན་འཁྱོལ་ཡག་པོ་བྱེད་དགོས། ཨའོ་མོན་གྱིས་འཛམ་གླིང་ཡུལ་སྐོར་སྤྲོ་གསེང་ལྟེ་གནས་དང་། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་སྐད་ཡིག་སྤྱོད་མཁན་རྒྱལ་ཁབ་ཀྱི་ཚོང་དོན་མཉམ་ལས་ཞབས་ཞུའི་ལས་སྟེགས་སོགས་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་ནས་སྤུན་ཟླ་ཐའེ་ཝན་པ་དང་ཐའེ་ཝན་གྱི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་དང་ཐོབ་ཐང་གཅིག་མཚུངས་འདོན་སྤྲོད་བྱེད་དགོས།
     ད་ལོ་ད་དུང་ལས་འགན་གལ་ཆེན་གཞན་ཞིག་ཡོད་པ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལག་ལེན་བསྟར་ཚུལ་ལ་ཕྱོགས་ཡོངས་ནས་དཔྱད་དཔོག་བྱས་པའི་རྨང་གཞིའི་ཐོག་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་དང་། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་《རྩ་གནད་》བཟོ་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི་”རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་དང་། ས་ཁོངས་ཀྱི་འཆར་འགོད། བར་སྟོང་གི་འཆར་འགོད། ས་གནས་ཀྱི་འཆར་འགོད་བཅས་བཟོ་བའི་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་《རྩ་གནད་ཀྱི་མ་ཟིན་》རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞིབ་བཤེར་གནང་བྱར་འབུལ་རྒྱུའི་གྲ་སྒྲིག་ཡག་པོ་བྱ་རྒྱུ་དེ་ཡིན།
     འཐུས་མི་རྣམ་པ། 
     2020ལོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལས་དོན་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཞིང་ལས་འགན་དཀའ་ཚེགས་ཆེ། ང་ཚོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བྱས་ཤིང་། “འདུ་ཤེས་བཞི་”ཇེ་ཆེར་གཏོང་བ་དང་། “གདེང་ཚོད་བཞི་”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ཀྱིས་དང་ལེན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་ལ་ནན་ཏན་གྱིས་ཉན་ཏེ། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། བདེན་འཚོལ་དངོས་གཉེར། རང་འགུལ་ངང་འགན་འཁྲི་འཁུར་བ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་དཔལ་འབྱོར་དམ་འཛིན་དང་། ཐོན་སྐྱེད་ལ་སྐུལ་འདེད། དགོས་མཁོ་རྒྱ་སྐྱེད་བཅས་ཤུགས་ཆེན་བྱེད་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་དམིགས་འབེན་དང་ལས་འགན་འབད་བརྩོན་གྱིས་ལེགས་འགྲུབ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་ཆེད་རྨང་གཞི་སྲ་ཞིང་བརྟན་པ་འདིང་དགོས།(ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་མཁོ་འདོན་བྱས།)

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།