འབར་ཁམས་གྲོང་ཁྱེར་གྱིས་རྨོག་ཞྭ་གྱོན་ཞིང་སྲུང་ཐག་རྒྱག་པའི་བདེ་འཇགས་སྲུང་སྐྱོང་གི་བྱེད་སྒོ་སྤེལ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-06-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

     འགྲིམ་འགྲུལ་དོ་དམ་མི་སྣས་གློག་སྒུལ་རྐང་འཁོར་བཞོན་མཁན་ལ་ཆར་གདུགས་བཀར་མི་ཆོག་པའི་སྐུལ་མ་བཏང་།

     རྨོག་ཞྭ་གྱོན་ཞིང་སྲུང་ཐག་རྒྱག་པའི་བདེ་འཇགས་སྲུང་སྐྱོང་གི་བྱེད་སྒོ་སྤེལ་བ་ནས་བཟུང་འབར་ཁམས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་དུ་གཅིག་སྡུད་བཅོས་སྒྲིག་བྱས་པ་རེད། 《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་》སོགས་འབྲེལ་ཡོད་གཏན་འབེབས་ལྟར། འགྲིམ་འགྲུལ་དོ་དམ་མི་སྣས་སྒྲིག་འགལ་བྱེད་མཁན་ལ་ཡུལ་དངོས་སུ་སློབ་གསོ་ཡོ་བསྲང་དང་། ལམ་མདོའི་བརྙན་ལམ་ནས་པར་རྒྱག་པ། དངུལ་ཆད་བཏང་ནས་སྐར་ཐོ་འགོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྦག་སྦག་འཁོར་ལོ་དང་གློག་སྒུལ་རྐང་འཁོར་བཞོན་མཁན་ལ་བདེ་འཇགས་རྨོག་ཞྭ་གྱོན་པ་དང་། རླངས་འཁོར་གྱི་ཁ་ལོ་བས་བདེ་འཇགས་སྲུང་ཐག་ཚད་ལྡན་དུ་གཏོང་དགོས།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།