རང་ཁུལ་གྱིས་ཞིང་ཆེན་དང་ཁུལ་གྱི་གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་69.63བཏང་བ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-06-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        ཉེ་ཆར། གསར་འགོད་པས་ཁུལ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔའི་བར་དུ། རང་ཁུལ་གྱིས་ཞིང་ཆེན་དང་ཁུལ་གྱི་གཙོ་གནད་རྣམ་གྲངས་73ལས་68བསྐྱར་བསྐྲུན་བྱེད་མགོ་ཚུགས་ཤིང་། དེའི་ནང་མཐུད་སྐྲུན་རྣམ་གྲངས་54ཚང་མ་བསྐྱར་སྐྲུན་བྱས་ཡོད་ལ། ལས་མགོ་བསྐྱར་ཚུགས་ཐུབ་ཚད་100%ཟིན་ཡོད། རྣམ་གྲངས་19གསར་དུ་ལས་མགོ་ཚུགས་ནས་14ལས་མགོ་ཚུགས་པ་དང་ལས་མགོ་འཛུགས་ཚད་73.6%ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་69.63བཏང་ཡོད།
        ངོ་སྤྲོད་བྱས་པར་གཞིགས་ན། རང་ཁུལ་གྱི་ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་21དང་བསྐྱར་ལས་19བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་45.16བཏང་ནས་ལོ་འཁོར་གྱི་མ་འཇོག་25.2%ལེགས་གྲུབ་བྱུང་བ། ཞིང་ཆེན་གྱི་གཙོ་གནད་རྣམ་གྲངས་12ལ་རང་ཚུགས་དཔྱད་ཞིབ་བྱས་པར་མ་དངུལ་སྒོར་དུང་ཕྱུར་15.06བཏང་ཡོད། ལོ་འཁོར་གྱི་མ་འཇོག་31.6%ལེགས་གྲུབ་བྱུང་བ་དེ་ཟླ་བ་དང་པོ་ནས་བཞི་བའི་བར་ལས་བརྒྱ་ཆའི་གྲངས་15འཕར་ཡོད། ཁུལ་གྱི་གཙོ་གནད་རྣམ་གྲངས་52ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་24.47བཏང་ནས་ལོ་འཁོར་གྱི་མ་འཇོག་30.3%ལེགས་གྲུབ་བྱུང་ཡོད།
       མིག་སྔར། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)གི་གཙོ་གནད་རྣམ་གྲངས་360ལ་ལས་མགོ་བསྐྱར་ཚུགས་བྱས་ནས་མ་དངུལ་སྒོར་དུང་ཕྱུར་25.19བཏང་ཡོད་པ་རེད། ལོ་འཁོར་གྱི་མ་འཇོག་ལེགས་སྒྲུབ་བྱེད་ཚད་38.6%ཟིན་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།