འཛམ་ཐང་རྫོང་གིས་མང་ཚོགས་ཀྱིས་བཏུང་ཆུ་གཙང་མ་འཐུང་ཐུབ་པར་འགན་ལེན་བྱས།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-06-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

      མང་ཚོགས་ཀྱི་བཏུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད། ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་གྲོང་གསེབ་ཀྱི་བཏུང་ཆུ་གཙང་མ་དང་། གྲོང་གསེབ་ཀྱི་བཏུང་ཆུ་གཙང་མའི་ལས་གཞི་སྲ་བརྟན་མཐོར་འདེགས་སོགས་ལ་ལག་བསྟར་ཤུགས་ཆེན་བྱས་པ་དང་། རྫོང་ཡོངས་སུ་གཅིག་བསྡུས་ཀྱིས་བཏུང་ཆུ་མཁོ་འདོན་བྱེད་ས་116དང་། རང་འབབ་བཏུང་ཆུ་186། ཁྲོན་པ་717བཅས་བསྐྲུན་ཞིང་། རྫོང་དེའི་མི་ཁྲི་3.9809ཡི་བཏུང་ཆུ་གཙང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད།

      ད་ལོ་ནས་བཟུང་། འཛམ་ཐང་རྫོང་གིས་གྲོང་གསེབ་ཀྱི་བདེ་འཇགས་བཏུང་ཆུའི་ཚད་གཞིར་གཞིགས་ཏེ། ཕྱིར་མིག་ལྟ་བའི་ཡོངས་ཁྱབ་ཞིབ་བཤེར་ཆེན་པོ་སྤེལ་ནས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། མང་ཚོགས་ཀྱིས་བཏུང་ཆུ་གཙང་མ་འཐུང་ཐུབ་པར་འགན་ལེན་བྱས་ལ། མ་དངུལ་སྒོར་ཁྲི་400བཏང་ནས་འཛམ་ཐང་བར་མ་གྲོང་རྡལ་དང་ན་མདའ་གྲོང་རྡལ་གྱི་ཆུ་གཙང་བཟོའི་སྒྲིག་བཀོད(གྲ་སྒྲིག)དང་གཏོར་སྐྱོན་ཕོག་པའི་ཞོར་གཏོགས་སྒྲིག་བཀོད་ཉམས་གསོ་བྱེད་རྒྱུ་རེད། ད་དུང་སྦུག་དྲ་སྣུར་སྲིང་བྱས་ནས་གསར་དུ་བསྐྲུན་པའི་ཁྱིམ་ཚང་གི་བཏུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། སྨུག་ཕྱིའི་ཐིག་གི་འབུ་གསོད་ཆས་50དང་ཁ་ཐག་རིང་བའི་འབྲོག་ཁུལ་གྱི་འཁྱེར་བདེ་ཆུ་གཙང་སྒྲིག་ཆས་100སྒྲིག་སྦྱོར་བྱེད་རྩིས་ཡོད་པ་རེད་ལ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་བྱེད་ཚད་དང་དུད་ཚང་དུ་ཁྱབ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་མི་སེར་ཚང་མར་བཏུང་ཆུ་གཙང་མ་འཐུང་ཐུབ་དུ་འཇུག་རྒྱུ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།