ཁལ་གཡག

རྩོམ་པ་པོ།   རྒྱ་མཚོ།དུས་ཚོད།   2020-06-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།



       བོད་པ་རྣམས་ཀྱིས་ཅ་དངོས་འོར་འདྲེན་སྐབས་ཁལ་འགེལ་སའི་གཡག་ལ་ཁལ་གཡག་ཅེས་ཟེར་ལ། རི་མཐོན་པོ་དང་། ལ་གཟར་བོ་དང་། ལམ་དོག་མོ་གང་དུའང་ཐོགས་མེད་དུ་འགྲོ་ནུས་པར་ཡོད། འབྲོག་པ་ཚོ་དབྱར་ས་ནས་སྟོན་ས་དང་། སྟོན་ས་ནས་དགུན་ས་དང་། དགུན་ས་ནས་དཔྱིད་སར་རུ་སྤར་སྐབས་ཅ་དངོས་ཙམ་དུ་མ་ཟད། བྱིས་པ་ཆུང་ཆུང་རྣམས་ཀྱང་སླེའུ་བོར་བཞག་ནས་འགྲོ་བར་བྱེད་པས།ཁལ་གཡག་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་ཀུན་ལ་གྲགས་ཆེའོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།