རྔ་བའི་དགེ་འོས་སློབ་གླིང་གིས་བྱེད་ཐབས་མང་བོ་སྤྱད་དེ་སློབ་མའི་བདེ་འཇགས་འགན་བླངས།

རྩོམ་པ་པོ།   འོད་གསལ་མཚོ།དུས་ཚོད།   2020-06-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཟླ་6ཚེས་1ཉིན་གྱི་སྔ་དྲོ།རྔ་བའི་དགེ་འོས་སློབ་གླིང་གི་ལོ་རིམ་བཞི་བའི་སློབ་མ་ཚོ་སློབ་གྲྭར་ལོག སློབ་གྲྭའི་སྒོ་འགྲམ་དུ་བདེ་འཇགས་ཞིབ་བཤེར་གྱི་སྒྲིག་ཆས་ཆ་ཚང་ཡོད་པ་དང་།དགེ་རྒན་རྣམས་རིམས་ནད་འགོག་མཁན་དང་།བདེ་འཇགས་ཞིབ་བཤེར་པར་གྱུར་ནས། སློབ་གྲྭའི་དགེ་སློབ་རེ་རེ་བཞིན་ལུས་དྲོད་འཇལ་བ་དང་སློབ་གྲྭར་ཕྱིར་ལོག་མཁན་གྱི་སློབ་མར་ཐོ་འགོད་བྱེད་པ་སོགས་ཀྱི་ལས་དོན་ལ་བྲེལ་བཞིན་འདུག

          རིམས་ནད་བྱུང་རྗེས། ང་ཚོའི་སློབ་མ་ཚོ་ཁག་5ལ་བགོས་ནས་སློབ་གྲྭར་ལོག་པ་དང་། དེ་རིང་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་ཁག་དང་བོར་ཁྱོན་སློབ་མ་160ལྷག་སློབ་གྲྭར་ལོག་རྒྱུ་རེད། སློབ་མ་ཚོ་བདེ་འཇགས་ངང་སློབ་གྲྭར་ལོག་ཆེད། སློབ་གྲྭས་ཁྲེང་ཏུའུ་ཁྲ་ཏེན་ཙི་འགྲུལ་སྐྱེལ་ས་ཚིགས་དང་ཏུའུ་ཅང་ཡན་འགྲུལ་སྐྱེལ་ས་ཚིགས་སུ་དགེ་རྒན་བཀོད་སྒྲིག་བྱས་ནས་སློབ་མ་སྒུག་ཡོད་ཅེས་རྔ་བའི་དགེ་འོས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སློབ་གཙོ་ཤང་ཝུའུ་ཡིས་དེ་ལྟར་བཤད་པ།

          གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། སློབ་མ་ཚོ་བདེ་འཇགས་ངང་སློབ་གྲྭར་ལོག་ཆེད། སློབ་གྲྭའི་འགོ་ཁྲིད་དང་འབྲིང་རིམ་ལས་བྱེད་པ། སྲིད་འཛིན་ལས་སྒྲུབ་མི་སྣ། དགེ་རྒན་བཅས་ཟླ་3པའི་ཟླ་སྟོད་དུ་དུས་ཚོད་དང་ཁག་བགོས་ནས་སློབ་གྲྭར་ལོག་ནས་སློབ་མར་འབྲེལ་གཏུག་དང་སློབ་གྲྭར་ལོག་པའི་སློབ་མའི་ལུས་པོའི་བདེ་ཐང་གི་གནས་ཚུལ་དང་ཕྱིར་བསྐྱོད་པའི་གནས་ཚུལ་གསལ་རྟོགས་བྱས་ཏེ། སློབ་མ་བདེ་འཇགས་ངང་ལོག་པར་འགན་ལེན་བྱས་སོ།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།