ཨ་རིས་ཀྲུང་གོའི་ཕྱི་འགྲིམ་སློབ་མའི་ལམ་ཡིག་ཚོད་འཛིན་བྱས་པ།

རྩོམ་པ་པོ།   དུས་ཚོད།   2020-06-04   རྩོམ་ཁུངས།    མི་དམངས་དྲ་བ།

          ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་2ཉིན་བཤད་དོན། ཨ་རི་ཕྱོགས་ཀྱིས་གནས་ལུགས་མེད་པར་ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཨ་རིར་འགྲོ་བའི་ལམ་ཡིག་ཚོད་འཛིན་བྱས་པ་ནི་ལོ་རྒྱུས་ཀྱི་ལྡོག་ཕྱོགས་སུ་སྐྱོད་པ་ཡིན་པས། རང་གཞན་ཀུན་ལ་གནོད་བསྐྱལ་བ་རེད་ཅེས་བརྗོད། 
        ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་དྲི་བ་དྲིས་དོན། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕའེ་ཨོ་ཡིས་ཟླ་6ཚེས་1ཉིན་གསལ་བསྒྲགས་སྤེལ་ནས། ཐེ་རོམ་ཕུ་སྲིད་གཞུང་གིས་ཀྲུང་གོ་ཚུད་པའི་རྒྱལ་སྤྱིའི་སློབ་མ་དང་ཞིབ་འཇུག་མི་སྣས་ལེགས་སྐྱེས་གལ་ཆེན་བཞག་པར་མཐོང་ཆེན་བྱེད་བཞིན་ཡོད་མོད། འོན་ཀྱང་། ཀྲུང་གོས་ཨ་རིའི་རིག་གཞུང་དང་ཞིབ་འཇུག་ལས་ཁུངས་ནས་ཁྲིམས་འགལ་ངང་ཨ་རིའི་ལག་རྩལ་དང་ཤེས་བྱའི་བདག་དབང་ལེན་ཐབས་བྱས་ནས། རང་ཉིད་རྒྱལ་ཁབ་ཀྱི་དམག་དོན་ལ་བེད་སྤྱོད་པའི་དམིགས་ཡུལ་ལ་གུ་ཡངས་གཏན་ནས་བྱེད་རྒྱུ་མིན་ཞེས་བརྗོད་པར། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་ཅི་ཞིག་སྤེལ་རྒྱུ་ཡོད་དམ།
      “གནད་དོན་གཞན་པ་དང་འདྲ་བ། ཕེང་ཕའེ་ཨོ་ལ་རང་ཉིད་ཀྱི་ནོར་འཁྲུལ་བྱ་སྤྱོད་ལ་གཏམ་འཆལ་གྱིས་ཁ་གཡར་རྒྱུ་གོམས་ཡོད་པ་རེད།”ཀྲའོ་ལི་ཅན་གྱིས། ཀྲུང་གོའི་ཕྱི་འགྲིམ་སློབ་མ་སྤྱང་གྲུང་ལྡན་ལ་བརྩོན་སེམས་ཆེ། སྔོན་ནས་བཟུང་ཀྲུང་གོ་དང་ཨ་རིའི་ཚན་རྩལ་སློབ་གསོ་སྤེལ་རེས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེའི་ཟམ་པ་གལ་ཆེན་ཞིག་རེད། ཨ་རི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་དོན་སྤྱི་རྒྱ་ཆེར་བཏང་ནས། མ་ཉེས་ཁག་གཡོགས་བྱས་ནས་ཀྲུང་གོའི་ཕྱི་འགྲིམ་སློབ་མ་ཨ་རིར་བསྐྱོད་པའི་ལམ་ཡིག་ཚོད་འཛིན་ལག་བསྟར་བྱས་པ་ནི།  ཀྲུང་གོའི་ཕྱི་འགྲིམ་སློབ་མའི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པས། ན་གཞོན་མི་རབས་ཚུད་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀུན་གྱིས་མཛའ་བརྩེ་སྤེལ་རེས་བྱེད་པའི་ཐུན་མོང་གི་རེ་འདུན་དང་རྩ་བ་ནས་འགལ་བས། “འདི་ནི་ལོ་རྒྱུས་ཀྱི་ལྡོག་ཕྱོགས་སུ་སྐྱོད་པ་ཡིན་ཞིང་། རང་གཞན་གཉིས་ཀར་གནོད་བསྐྱལ་བ་རེད”ཟེར། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།