རྔ་བ་རྫོང་འགྲིམ་འགྲུལ་ཁྲིམས་འཛིན་རུ་ཆེན་གྱིས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་འབྲེལ་བྱས་ནས་ཁྲིམས་འགལ་གཉེར་སྐྱོང་ཆེད་དོན་བཅོས་སྐྱོང་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-06-03   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཉེ་སྔོན།  རྔ་བ་རྫོང་འགྲིམ་འགྲུལ་ཁྲིམས་འཛིན་རུ་ཆེན་གྱིས་འགྲིམ་འགྲུལ་ཉེན་རྟོག་པ་དང་མཉམ་འབྲེལ་བྱས་ནས་ཁྲིམས་འགལ་གཉེར་སྐྱོང་ཆེན་དོན་བཅོས་སྐྱོང་ལས་ཀ་སྤེལ་ཏེ།

འགྲོ་ལམ་སྐྱེལ་འདྲེན་གྱི་ཁྲིམས་འགལ་གཉེར་སྐྱོང་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ་མི་དམངས་མང་ཚོགས་ཉེན་མེད་ངང་འགྲོ་སྐྱོད་ཐུབ་པར་འགན་ལེན་བྱས་ནས་རང་རེའི་རྫོང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཏེ།

           ཐེངས་འདིའི་ཆེད་དོན་བཅོས་སྐྱོང་གི་བྱེད་སྒོ་ལས། འགོ་ཁྲིད་ཚོ་ཆུང་གིས་ས་ཁུལ་ཁག་གིས་ཁྲིམས་འགལ་ངང་རླངས་འཁོར་གཉེར་སྐྱོང་བྱེད་པའི་ལམ་ཐིག་དང་འགྲོ་འོང་གི་དུས་ཚོད་སོགས་ལ་དམིགས་ནས།ཡུལ་བབ་དང་བསྟུན་ནས་རྡུང་རྡེག་གཏོང་བའི་ཇུས་གཞི་མི་འདྲ་བ་སྤྱད་དེ་དོགས་ཡོད་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་སྒེར་གྱི་རླངས་འཁོར་སོགས་ལ་རེ་རེ་བཞིན་དུ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པ་དང་། མི་སྣ་ཚད་ལས་བརྒལ་བ། ལག་ཁྱེར་མེད་པ། ཁྲིམས་འགལ་ངང་འགྲུལ་བ་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་སློབ་གསོ་བཏང་ཏེ་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་ཁྲིམས་འགལ་སྣང་ཚུལ་བཀག་འགོག་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

           བྱེད་སྒོ་སྤེལ་བའི་རིང་དུ།  རྔ་བ་རྫོང་འགྲིམ་འགྲུལ་ཁྲིམས་འཛིན་མི་སྣས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་དང་ཟུང་འབྲེལ་དམ་པོ་བྱས་ནས། ཁྲིམས་འཛིན་ནན་མོ་བྱས་ཏེ། མང་ཚོགས་ཀྱིས་མཉམ་འབྲེལ་ཁྲིམས་འཛིན་ལས་ཀར་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེན་པོ་བཏང་ནས། མི་ཀུན་གྱིས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་ཁོར་ཡུལ་བཟང་བོ་བསྐྲུན་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།