རྔ་བ་རྫོང་གིས་ནགས་ཚལ་མེ་འགོག་ཤེས་བྱ་སློབ་གྲྭར་སྤེལ།

རྩོམ་པ་པོ།   ཚེ་དཔག་ལྷ་མོ།དུས་ཚོད།   2020-05-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་ཆར། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ནགས་ཚལ་མེ་འགོག་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས། རྔ་བ་རྫོང་གི་སློབ་གྲྭ་ཁག་གིས་ནགས་ཚལ་མེ་འགོག་གི་བདེ་འཇགས་སློབ་གསོའི་བྱེད་སྒོ་ཧུར་ཐག་ངང་སྤེལ་ཞིང་། ནགས་ཚལ་མེ་འགོག་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་བརྒྱུད་རིམ་ནང་། སློབ་གྲྭ་ཁག་གིས་PPTཡི་ནགས་ཚལ་མེ་འགོག་སྐོར་གྱི་བརྙན་ཐུང་ཞིག་ལ་བལྟས་པ་བརྒྱུད་སློབ་གྲྭའི་ཚོགས་འདུ་དང་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས་སློབ་མར་ནགས་ཚལ་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་སློབ་གསོ་བཏང་བ་རེད། དཔྱད་ཡིག་སྤྲད་ནས་བྱིས་པ་ཚོར་དཔེ་ཀློག་བྱེད་དུ་འཇུག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྲུ་གུ་ཚོར་འབྲེལ་ཡོད་ཤེས་བྱའི་འཛིན་གྲྭ་ཁག་གི་སློབ་མ་ཚོར་ནག་པང་བེད་སྤྱོད་གང་ལེགས་བྱེད་དུ་བཅུག་པ་རེད། ནགས་ཚལ་མེ་འགོག་ནག་པང་ཚགས་པརལས་སློབ་མས་ནགས་ཚལ་མེ་སྐྱོན་སྔོན་འགོག་སློབ་གསོར་ཤུགས་སྣོན་རྒྱག་དགོས་ལ།  མེ་གསོད་མེ་འགོག་གི་དྲིལ་བསྒྲགས་དེ་སློབ་སྦྱོང་བྱེད་པའི་ཁྲོད་དུ་འདྲེས་པར་བྱ་དགོས། ནགས་ཚལ་མེ་ཟོན་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ནས་མེ་ཟོན་ཤེས་བྱའི་འགྲན་བསྡུར་ཐེངས་གཅིག་སྤེལ་ཏེ་སློབ་མ་ཚོས་མེ་ཟོན་ཤེས་བྱ་བློ་ལ་ངེས་ཐུབ་པ་བྱས།

         གོང་གསལ་བྱེད་སྒོ་སྣ་ཚོགས་སྤེལ་བར་བརྟེན། དགེ་སློབ་རང་ངོས་ཀྱི་ནགས་ཚལ་མེ་འགོག་གི་འདུ་ཤེས་དང་མེ་སྐྱོན་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། ནགས་ཚལ་མེ་འགོག་དེ་རི་བོ་ཐའེ་ཧྲན་ལས་ལྕི་བའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། སློབ་མ་ཚོས་ནགས་ཚལ་མེ་འགོག་ལ་ཤུགས་སྣོན་བརྒྱབ་ནས་ནགས་ཚལ་མེ་སྐྱོན་གཏན་འགོག་བྱེད་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་རེད། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།