དགོན་པའི་ཕྱི་རོལ་དུ་འགྲོ་མི་དགོས་པར“གཅིག་འཐུས་རྣམ་པའི”སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་པ།

རྩོམ་པ་པོ།   དུས་ཚོད།   2020-05-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

        དེ་རིང་ཧུང་ཡོན་རྫོང་སྨན་ཁང་གི་སྨན་པ་ང་ཚོའི་དགོན་པའི་ནང་དུ་ཡོང་ནས་སྨན་རིན་མི་དགོས་པར་ང་ཚོར་ནད་ལ་བལྟས། ཧུང་ཡོན་རྫོང་སྐྱ་མགོའི་དགོན་པའི་མི་དམངས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྔ་སེ་ནས་གྲྭ་ཁང་མདུན་དུ་ཡོང་ཏེ་གྲྭ་བ་ཚོར་བརྡ་ཐོ་བཏང་བ་རེད།

        ཉེ་སྔོན།  ཧུང་ཡོན་རྫོང་གི་སྨན་ཁང་རྫོང་ཡོངས་ཀྱི་དགོན་སྡེ་བཅུ་རུ་བསྐྱོད་དེ་གྲྭ་བ་ཚོར་རྒྱུན་མཐོང་གི་ནད་གཞི་དང་དཔེ་མཚོན་ནད་པར་སྐྱོན་བྲལ་བརྟག་དཔྱད་དང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ།

      འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བའི་རིང་རྫོང་སྨན་ཁང་གི་སྨན་པས་ས་གནས་ཐོག་ཏུ་གྲྭ་བ་ཚོས་སྨན་སྦྱིན་པ་དང་འབྲེལ་གྲྭ་བ་ཚོར་སྐྱོན་བྲལ་ཤེས་བྱ་དྲིལ་བསྒྲགས་བྱས་པས་གྲྭ་བ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཐུབ་པ་མ་ཟད། ལུས་པོའི་སྐྱོན་བྲལ་ལ་ཡང་འགན་ལེན་བྱས་ནས་གྲྭ་བ་ཚོར་དགོན་སྡེ་ནས་ཕྱི་རོལ་དུ་སོང་ཏེ་སྨན་པ་བསྟེན་མི་དགོས་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།