ཆུ་ཆེན་རྫོང་གིས་སློབ་གྲྭའི་བཟའ་བཅའ་ལ་ཞིབ་གཤེར་བྱས།

རྩོམ་པ་པོ།   གྲགས་པ་བསྟན་འཛིན་གྱིས་བསྒྱུར།དུས་ཚོད།   2020-05-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་དགེ་སློབ་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱ་ཆེད། ཆུ་ཆེན་རྫོང་གིས་སློབ་གྲྭའི་ཟ་ཁང་གི་བཟའ་བཅར་ཞིབ་གཤེར་དོ་དམ་ལས་དོན་ཡག་པོ་བསྒྲུབས། ཉེ་ཆར། ཆུ་ཆེན་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁོངས་གཏོགས་ཀྱི་སློབ་ཁྲིད་སླར་གསོ་བྱས་པའི་སློབ་གྲྭ་དང་བུ་བཅོལ་ཁང་34 ལ་བཟའ་བཅའི་བདེ་འཇགས་ཞིབ་བཤེར་བྱས།

         རྒྱུས་ལོན་པ་ལྟར་ན། ད་ཐེངས་ཀྱི་བཟའ་བཅའི་བདེ་འཇགས་ཞིབ་བཤེར་དེ་རྫོང་དེའི་ཡུལ་ཚོ་དང་གྲོང་རྡལ་19ཡི་སློབ་གྲྭ་34དང་འབྲེལ་བའི་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་ལ་དམིགས་ཏེ། ཁྲིམས་ལུགས་ལག་བསྟར་མི་སྣས་འཕྲལ་མར་ཡུལ་དངོས་ནས་མཛུབ་སྟོན་བྱས་པར་མ་ཟད། དུས་བཀག་ནང་དག་ཐེར་ཡོ་བསྲང་བྱེད་པའི་འགན་དཀྲིས་པ་དང་། དག་ཐེར་བརྡ་ཐོ་ཁྱོན་བསྡོམས་25བཏང་བ་དང་། གྱོད་དོན་ཐོ་འགོད་དང་བརྟག་དཔྱད་1བྱས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།