སྲིད་གཞུང་ལས་དོན་སྙན་ཞུ་མདོར་བསྡུས་མ།

རྩོམ་པ་པོ།   དུས་ཚོད།   2020-05-22   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


    སྤྱི་ཟླ5པའི་ཚེས22ཉིན། ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་ལས་དོན་སྙན་ཞུ་གནང་བ་དང་།  གཙོ་གནད་ནང་དོན་གཤམ་གསལ།

གཅིག ན་ནིང་དང་ལོ་འདི་ཚུན་གྱི་ལས་དོན་གྱི་ཕྱིར་དྲན།

     རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི99.1ཟིན་པ་དང་། བརྒྱ་ཆ6.1འཕར་བ།

     དུས་ཐུང་ནང་ནད་ཡམས་ཚོད་འཛིན་ཡག་པོ་ཐུབ་པ་དང་། མི་དམངས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཐུབ་ཡོད་པས། དེ་ནི་ལས་སླ་པོ་ཞིག་མིན་པ་དང་། དཀའ་ངལ་ཁྱད་བསད་ཀྱི་གྲུབ་འབྲས་ཤིག་ཡིན།

     སྤྱི་པའི་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་སོགས་ཀྱི་ཐད་ཉམ་ཞན་ལྷུ་ཚིགས་མི་ཉུང་བ་ཞིག་མངོན་པ།

གཉིས། ད་ལོའི་དམིགས་འབེན་གལ་ཆེན།

     ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཀྱི་ཞིབ་ཕྲའི་དམིགས་འབེན་བཏོན་མེད་པ།

     གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཕར་བའི་ལས་ཞུགས་མི་འབོར་ཁྲི900ཡན་ཟིན་པ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་བརྒྱ་ཆ6ཡས་མས་སུ་ཚོད་འཛིན་བྱ་རྒྱུ།

     ད་ལྟའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཚང་མ་དབུལ་གྲོལ་ཐུབ་པ་དང་། དབུལ་ཕོངས་རྫོང་ཚང་མས་དབུལ་ཞྭ་འབུད་ཐུབ་པ་བྱ་རྒྱུ།

གསུམ། ད་ལོའི་གཙོ་གནད་ལས་དོན་ཁག་གཅིག

     དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་སྔར་བས་དགེ་མཚན་ལྡན་ཞིང་ནུས་ཕྱོད་ཆེ་བར་འགྱུར་བ་བྱ་རྒྱུ།

     བརྟན་ལྷིང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་སྔར་བས་སྟབས་བསྟུན་དང་འཚམ་འཕྲོད་ཐུབ་པ་བྱ་རྒྱུ།

     ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་ཡག་པོ་བྱ་རྒྱུ།

     རིམས་འགོག་ཐད། སྔོན་འགོག་ཚོད་འཛིན་ནུས་པ་སྔར་བས་ཆེ་རུ་བཏང་ནས། རིམས་ནད་བསྐྱར་ལོག་རྒྱག་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུ། ཧུའུ་པེའི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ཡག་པོ་བྱ་རྒྱུ།

    ནོར་སྲིད་ཐད། ནོར་སྲིད་མཚལ་ཡིག་གཞི་ཁྱོན་ན་ནིང་ལས་སྒོར་དུང་ཕྱུར་ཁྲི1མང་དུ་གཏོང་རྒྱུ་དང་། རིམས་འགོག་གི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་ཁྲི1འགྲེམ་སྤེལ་བྱ་རྒྱུ།

    ཁྲལ་གྲོན་ཉུང་གཏོང་ཐད། ལོ་ཧྲིལ་པོར་སྔོན་རྩིས་བྱས་ན་ཁེ་ལས་ཀྱི་ཁུར་པོ་གསར་དུ་ཡང་གཏོང་བྱས་པའི་དངུལ་སྒོར་དུང་ཕྱུར་ཁྲི2.5ཟིན་པ་བྱ་རྒྱུ།

    ལས་ཞུགས་ཐད། ལས་ཞུགས་ཀྱི་ལུགས་མཐུན་མིན་པའི་ཚད་བཀག་མེད་པ་བཟོས་ནས། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འདོན་གང་ཐུབ་བྱ་རྒྱུ།

    གསར་གཏོད་ཐད། རེས་སྐོར་གསར་པའི་ཁྱོན་ཡོངས་གསར་གཏོད་བཅོས་བསྒྱུར་ཀྱི་ཚོད་ལྟ་གཏིང་ཟབ་ཏུ་གཏོང་རྒྱུ།

    འཛད་སྤྱོད་ཐད། གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་གྲོང་གསེབ་ཏུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། 5Gབཀོལ་སྤྱོད་རྒྱ་སྐྱེད་གཏོང་རྒྱུ།

   མ་འཇོག་ཐད། ས་གནས་སྲིད་གཞུང་ནས་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི3.75བཀོད་སྒྲིག་བྱ་རྩིས་ཡོད་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་ནས་མ་འཇོག་སྒོར་དུང་ཕྱུར6000བཀོད་སྒྲིག་བྱ་རྒྱུ།

   དངུལ་རྩའི་ཐད། ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཀུན་ཕན་རྣམ་པའི་དངུལ་བུན་གཏོང་བའི་གྲངས་འབོར་འཕར་ཚད་བརྒྱ་ཆ40ལས་མཐོ་བ་ཡོང་བ་བྱ་རྒྱུ།

   དབུལ་སྒྲོལ་འགག་གཏོར་ཐད། དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་ཚོ་ལྷག་མའི་འགག་གཏོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

   ཞིང་ལས་ཐད། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་བྱེ་བ8གསར་དུ་བསྐྲུན་རྒྱུ།

   སློབ་གསོའི་ཐད། མཐོ་རིམ་སློབ་གྲྭས་གྲོང་གསེབ་དང་དབུལ་ཕོངས་ས་ཁུལ་ནས་སློབ་མ་བསྡུ་བའི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ།

   སྤྱི་ཚོགས་འགན་སྲུང་ཐད། མ་མཐའི་འཚོ་རྟེན་འགན་སྲུང་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་འགན་སྲུང་བྱེད་དགོས་རིགས་ལ་འགན་སྲུང་ཡག་པོ་བྱ་རྒྱུ།

   སྒོ་དབྱེའི་ཐད། སྐབས་གསུམ་པའི་ནང་འདྲེན་དངོས་མང་འགྲེམས་ཚོགས་གྲབས་གཉེར་ཡག་པོ་བྱ་རྒྱུ། ཀྲུང་གོ་དང་ཨ་རིའི་དུས་མཚམས་དང་པོའི་དཔལ་འབྱོར་ཉོ་ཚོང་གྲོས་ཆོད་མཉམ་དུ་དོན་འཁྱོལ་བྱ་རྒྱུ།

   ཀང་ཨའོ་ཐའེ་ཡི་ཐད། དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་ཡིན་པ་རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།