ཁྲེང་རྔ་བཟོ་ལས་གླིང་ཁུལ་གྱི་ཚད་ལྡན་བཟོ་ཁང་འཛུགས་སྐྲུན་ལས་གྲྭ་རིམ་ལྡན་ངང་སྐུལ་འདེད་བཏང་བ།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཟླ་5ཚེས་19ཉིན། གསར་འགོད་པས་ཁུལ་རྒྱལ་ཁབ་མ་འཇོག་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཁྲེང་རྔ་བཟོ་ལས་གླིང་ཁུལ་ཚད་ལྡན་བཟོ་ཁང་འཛུགས་སྐྲུན་ལས་གྲྭ་2019ལོའི་ཟླ་7པ་ནས་ད་བར་ལས་གྲྭའི་འཆར་གཞི་རྣམ་གྲངས་ཀྱི60%ལེགས་གྲུབ་ཟིན་ལ། མིག་སྔར། ལས་གྲྭ་དེའི་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།

              ཁྲེང་རྔ་བཟོ་ལས་གླིང་ཁུལ་ཚད་ལྡན་བཟོ་ཁང་འཛུགས་སྐྲུན་ལས་གྲྭ་ནི་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ཁྲེང་རྔ་བཟོ་ལས་གླིང་ཁུལ་དུ་ཡོད། འཛུགས་སྐྲུན་གྱི་ནང་དོན་གཙོ་བོའི་ནང་ཚད་ལྡན་ཅན་གྱི་བཟོ་ཁང་དང་ལེ་ལག་ཚང་བའི་སྒྲིག་བཀོད་ཀྱི་ཁང་བ་དང་དེ་མིན་སྤྱིའི་ལས་གྲྭ་བཅས་ཚུད་ཡོད། འཆར་གཞི་ལྟར་ན་མ་དངུལ་སྒོར་ཁྲི་10850གཏོང་རྩིས་ཡོད་ལ། འཆར་འགོད་འཛུགས་སྐྲུན་ལ་མཁོ་བའི་ས་ཁྱོན་སྨི་གྲུ་བཞི་མ་69219.56དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་42810.51ཡིན། དེའི་ཁྲོད། བཟོ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་39596.55དང་། ཚོང་འགུགས་ལྟེ་གནས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་2405.16དང་ལེ་ལག་ཚང་བའི་སྒྲིག་བཀོད་གཞན་དག་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་808.8བཅས་ཡིན།

            ངོ་སྤྲད་པ་ལྟར་ན། ལས་གྲྭའི་རྣམ་གྲངས་སྔོན་དཔག་བྱས་ན་ད་ལོའི་ཟླ་8པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་རྒྱུ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། ཐོན་ཁུངས་བསྐྱར་སྤྱོད་སོགས་ཀྱི་བཟང་ཆ་ལྡན་པའི་ཐོན་ལས་གཙོ་གནད་དུ་བཟུང་ནས་འཕེལ་རྒྱས་གཏོང་རྒྱུ་དང་། སྔོན་དཔག་བྱས་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3འཕར་རྒྱུ་རེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།