ལིའུ་ཕིང་གིས་འབར་ཁམས་ནས་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དྲིལ་སྒྲོག་བྱེད་པར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་གནང་།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་5ཚེས་19ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་རྔ་བའི་འཕྲོད་བསྟེན་སློབ་གྲྭ་དང་། འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ།ཁུལ་བོད་སྨན་ཁང་བཅས་སུ་ཕེབས་ནས་ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དྲིལ་བསྒྲགས། རིམས་འགོག་ཚོད་འཛིན་དང་ཐོན་ལས་བསྐྱར་ཚུགས། སློབ་ཁྲིད་བསྐྱར་ཚུགས། སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཉམས་འགྱུར་ལ་བརྟེན་ནས་རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱལ་ཁ་གཉིས་ བརྩོན་ལེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལ་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ཏེ་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་དབུལ་དགོས།

         རྔ་བའི་འཕྲོད་བསྟེན་སློབ་གྲྭར་ལིའུ་ཕིང་བོད་ཆའང་གསོ་རིག་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་སོགས་སུ་ཕེབས་ནས་སློབ་གྲྭའི་དགེ་རྒན་བཟོ་བ་ཚོར་འཚམས་འདྲི་གནང་བ་དང་། ཁོང་གིས་བསྟན་དོན། སློབ་གསོ་དང་སྒོས་སུ་གསོ་རིག་སློབ་གསོ་ནི་གཟབ་ནན་གྱི་བྱ་བ་ཞིག་ཡིན་པས། སློབ་ཁྲིད་ཞབས་ཞུའི་དོ་དམ་དང་དགེ་རྒན་གྱི་སློབ་ཁྲིད་མཛུབ་ཁྲིད་ལ་གཟབ་ནན་སྒོས་སློབ་མ་རྣམས་སློབ་གཉེར་དང་སྨན་བཅོས་ལག་རྩལ་ལ་བྱང་ཆུབ་པའི་ཆེད་ལས་ཤེས་ལྡན་མི་སྣར་ཧུར་ཐག་གིས་གསོ་སྐྱོང་བྱེད་དགོས། མཐོ་སར་ལངས་པ་དང་རྒྱང་ལྟའི་བསམ་གཞིགས་ཀྱིས་སློབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་པ་དང་། མི་རིགས་ས་ཁུལ་གྱི་དགེ་མཚན་ལྡན་པའི་རིག་ཚན་འཛུགས་སྐྱོང་བྱེད་པ། དུས་རབས་གསར་བའི་ལས་རིགས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་མཐུན་སྦྱོར་ཡོང་བ། འབྲིང་རིམ་ལས་རིགས་སློབ་གསོ་སྒྱུར་བཅོས་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་ལས། རང་འཇགས་སུ་འདུག་པ་དང་རྐང་འཁུམ་ལག་འཁུམ་གཏན་ནས་བྱེད་མི་རུང་།

          དེ་ནས་ལིའུ་ཕིང་འབར་ཁམས་མི་རིགས་དགེ་འོས་སློབ་གྲྭ་རུ་ཕེབས་ནས། སློབ་མའི་མཐོ་རྒྱུགས་ཀྱི་གྲུབ་འབྲས་འགྲེམ་སྟོན་དང་དགེ་སློབ་ཀྱི་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ཁུལ་བརྒྱུད་ནས་སློབ་ཁྲིད་ཐོག་ཁང་གི་ལས་གཞི་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་སྤེལ་དགོས་པ་སྟེ། དགེ་རྒན་གྱིས་བློ་རྩེ་བསྒྲིམས་ནས་སློབ་ཁྲིད་བྱེད་པ་དང་སློབ་མས་བློ་བདེ་པོས་སློབ་སྦྱོང་བྱེད་པའི་ཁོར་ཡུག་བཟང་བོ་ཧུར་ཐག་གིས་བསྐྲུན་ནས་སྔར་བས་སྒོ་འབྱེད་གསར་གཏོད་སྤྱི་ཡོངས་བཅས་ཀྱི་རྣམ་པའི་ཐོག་སྤྱི་ཚོགས་དང་འཛམ་གླིང་ལ་ཁ་ཕྱོགས་དགོས་ལ། སློབ་གྲྭའི་ཐོན་ཁུངས་ལེགས་ཆ་དང་དགེ་རྒན་གྱི་སྟོབས་ཤུགས་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཏང་གི་དྲོ་སྐྱིད་སྲིད་ཇུས་མང་ཚོགས་ཀྱི་གམ་དུ་དངོས་སུ་བསྟར་དགོས།

          ཁུལ་བོད་སྨན་ཁང་དུ། ལིའུ་ཕིང་གིས་སྨན་ཁང་གི་སྨན་སྡེབ་འཁོར་ཁང་གི་ལས་ཐོན་བསྐྱར་ཚུགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད། ཁོང་གིས་བསྟན་དོན། བོད་ལུགས་གསོ་རིག་དང་བོད་སྨན་གྱི་འཕེལ་ཕྱོགས་ཡངས་པས། དག་ཞིང་གི་རྔ་བའི་ཐོན་ཁུངས་ཀྱི་ལེགས་ཆ་དང་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ཀྱི་དུས་ཡུན་རིང་བོའི་ལོ་རྒྱུས་ལ་གཞི་ཚུགས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཆེད་མཁས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་དགོས་ལ། བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཚན་རྩལ་གསར་གཏོད་ནུས་པ་དང་ཚད་གཞིའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ལ། བོད་ལུགས་གསོ་རིག་དང་བོད་སྨན་དེ་ཁྲོམ་རའི་འགྲན་རྩོད་ཀྱི་ལེགས་ཆ་ལྡན་པའི་སྐྱེ་ཁམས་དམངས་ཕན་ཐོན་ལས་སུ་ཧུར་ཐག་གིས་བསྐྲུན་ནས་རང་ཁུལ་གྱི་ཐོན་ལས་གྲུབ་ཆ་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་དང་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་མགྱོགས་མྱུར་དུ་བསྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་གིས་དབུལ་དགོས།

            ཁུལ་གྱི་འགོ་ཁྲིད་ལིའུ་པོ་ཐའོ་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་རྟོག་ཞིབ་ལ་ཞུགས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།