ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྐབས་བརྒྱད་པའི་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་འཚོགས།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ཟླ་5ཚེས་19ཉིན། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྐབས་བརྒྱད་པའི་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཁུལ་སྤྱི་ཁྱབ་བཟོ་ཚོགས་སྐབས་བརྒྱད་པའི་ཨུ་ལྷན་གྱི་ཀྲུའུ་ཞིར་བདམས།

          ལི་ཝེ་གོ་ཡིས་གསུང་བཤད་གནང་སྐབས་བཟོ་ཚོགས་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ལྟེ་གནས་ལ་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུ་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ལ། ནན་ཏན་གྱིས་རྩ་འཛུགས་དང་ཁྲིད་སྟོན། ཞབས་འདེགས་བྱས་པ་དང་ལས་བཟོ་བའི་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་བསྒྲུབས་ཡོད་ལ། ཚོང་རྟགས་གྲགས་ཅན་གྱི་བཟོ་ཚོགས་དང་། དབང་སྲུང་བཟོ་ཚོགས། རོགས་སྐྱོར་བཟོ་ཚོགས། ཕན་ནུས་བཟོ་ཚོགས་འཛུགས་སྐྱོང་གང་ཐུབ་བྱས་པས། བཟོ་ཚོགས་ཀྱི་ཡིད་དབང་འགུག་ནུས་དང་། གོང་བུར་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ནས་དུས་རབས་གསར་བའི་བཟོ་ཚོགས་རྩ་འཛུགས་ཀྱི་བྱས་རྗེས་གསར་བ་དང་འགན་འཁྲི་གསར་བ་མངོན་པར་བྱས་ཡོད།

          2020ལོའི་བཟོ་ཚོགས་ལས་དོན་ལེགས་བསྒྲུབ་ཐད། ལི་ཝེ་གོ་ཡིས་ནན་གྱིས་བསྟན་དོན། ཡང་དག་པའི་ཁ་ཕྱོགས་བརྟན་པོ་སྲུང་ནས་ལས་བཟོ་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་ལ། ལྟེ་བའི་སྤྱི་ཡོངས་ལ་རྩེ་གཅིག་ཏུ་དམིགས་པ་དང་། ལས་འགན་གཙོ་བོ་དང་ལས་རིགས་གཙོ་བོ་འབུར་དུ་ཐོན་པར་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།

ཚོགས་འདུ་ལས་ད་དུང་ཚང་འཛོམས་གྲོས་ཚོགས་ཀྱི་ལས་དོན་སྙན་ཞུ་དང་དཔལ་འབྱོར་ཞིབ་བཤེར་ལས་དོན་སྙན་ཞུ(ཡིག་ཐོག) ལ་གསན་པ་དང་། 《རྔ་བ་ཁུལ་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་བ་འཚོག་རྒྱུའི་སྐོར་གྱི་གྲོས་ཆོད(འཆར་ཟིན)》ལ་གྲོས་འཆམ་བྱུང་ལ། མི་དོན་དོན་དག་གཞན་དག་སྤེལ་བ་རེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།