ལིའུ་ཕིང་གིས་འབར་ཁམས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཐད་མཛུབ་སྟོན་དང་རྟོག་ཞིབ་གནང་།

རྩོམ་པ་པོ།   དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཟླ་5ཚེས་20ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་འབར་ཁམས་གྲོང་ཁྱེར་སོ་མང་ཡུལ་ཚོ་མོ་མཚོ་གྲོང་སྡེ་རུ་ཕེབས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་ཞི་ཁྲང་གྲོང་ཁྱེར་གྱི་ནགས་ཚལ་མེ་སྐྱོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཁྲོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་དགོས། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་མེ་འགོག་ཆེད་དམིགས་དག་ཐེར་བཅོས་སྐྱོང་ལས་དོན་གྱི་བཀོད་སྒྲིག་ལྟར། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ནན་འགོག་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་ནུས་དང་མེ་གསོད་མི་སྐྱོབ་ཀྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་བཏང་ནས། ཞིབ་ཚགས་སྒོས་དག་ཞིང་གི་རྔ་བ་སྲུང་སྐྱོང་བྱེད་དགོས།དེང་རབས་ཞིང་ལས་ཐོན་ལས་མ་ལག་ཧུར་ཐག་གིས་ཆགས་དགོས་ལ། ས་གནས་ཀྱི་གྱང་ངོས་ཀྱི་རུས་མིང་རིག་གནས་དང་གྲོང་སྡེའི་ལོ་རྒྱུས་ཁང་གི་ཐོན་ཁུངས་སྔོག་འདོན་ལ་སྣང་ཆེན་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མགྱོགས་མྱུར་གྱིས་ཇེ་ལེགས་སུ་གཏོང་དགོས།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།