ཟླ་5ཚེས་20ཉིན། གཉེན་སྒྲིག་དཔང་ཡིག་ལེན་མཁན་མང་པོ་བྱུང་།

རྩོམ་པ་པོ།   ནོར་བུ་ཚེ་རིང་གིས་བསྒྱུར་སྒྲིག་བྱས། དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

520

          ཟླ་5ཚེས་20ཉིན་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། ཉིན་འདིར་མཛོད་དགེ་རྫོང་དུ་མི་མི་ཉུང་བ་ཞིག་གིས་གཉེན་སྒྲིག་ཐོ་འགོད་བྱས་ཏེ། གཉེན་སྒྲིག་དཔང་ཡིག་དེ་རང་གི་སྐྱ་ཡར་སེམས་ཀྱི་ལེགས་སྐྱེས་སུ་ཕུལ།

སྐྱིད་ན་སྐྱིད་ཀྱི་རྟ་ཕོ་བཞོན་རོགས།།  སྡུག་ན་སྡུག་གི་ཁུར་བོ་འཁུར་རོགས།།

          རྫོང་དམངས་སྲིད་ཅུས་ཀྱི་གཉེན་སྒྲིག་ཐོ་འགོད་ཚོམས་ཆེན་དུ་ལས་བྱེད་མི་སྣའི་མཛུབ་སྟོན་འོག་ཏུ། གཉེན་སྒྲིག་ཐོ་འགོད་བྱས་རྗེས་སོ་སོའི་སྐྱ་ཡ་དང་མཉམ་ཏུ་དཔང་ཡིག་ལག་ཏུ་བཟུང་སྟེ་དྲན་རྟེན་གྱི་འདྲ་པར་ལེན་པ་དང་སོ་སོའི་གྲོགས་ཚོམས་སུ་སྤེལ་བཞིན་ཡོད།

དཔང་ཡིག་ལེན་པའི་ཡུལ་དངོས་ཀྱི་རྣམ་པ།

        རྫོང་དམངས་སྲིད་ཅུས་ཀྱིས་གཉེན་སྒྲིག་དཔང་ཡིག་ལེན་པའི་དུས་ཚོད་ཉུང་དུ་གཏོང་ཆེད། དྲ་ཐོག་ནས་དུས་ཆད་འཇོག་པ་དང་སྔོན་ལ་ལས་ཞུགས་བྱེད་པ། ལས་ཚོགས་གྲོལ་རྒྱུ་ཕྱི་འགྱངས་པ། ལས་བྱེད་མི་སྣ་འཕར་སྣོན་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཐོ་འགོད་དཔྱད་གཞིའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པས། གཉེན་སྒྲིག་ཐོ་འགོད་བྱེད་པར་དུས་ཚོད་ཐུང་དུ་བཏང་། བསྡོམས་རྩིས་བྱས་པར་གཞིགས་ན། ཁ་སང་རྫོང་དམངས་སྲིད་ཅུས་ཀྱིས་གཉེན་སྒྲིག་ཐོ་འགོད་ཆ་60བྱས་པ་དེ་རྒྱུན་གཏན་གཉེན་སྒྲིག་ཐོ་འགོད་བྱེད་ཚད་ཀྱི་ལྡབ་4རེད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།