གཟི་རྩ་སྡེ་དགུས་ཐོན་ལས་གླིང་བསྐྲུན་ནས་ཞིང་བའི་ཡོང་འབབ་སྤར།

རྩོམ་པ་པོ།   ནོར་བུ་ཚེ་རིང་གིས་བསྒྱུར་སྒྲིག་བྱས།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ཧྲོང་ཧོ་གྲོང་རྡལ་ཏ་ཀྲའེ་སྡེ་བའི་སྡེ་མིས་སིལ་སྡོང་ར་བར་ཆུ་འདྲེན་བཞིན་པ།

         2014ལོ་ནས་བཟུང་། གཟི་རྩ་སྡེ་དགུ་རྫོང་དུ་ཏ་ཧྲུན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་ཞིན་ཧའེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་སྔ་རྗེས་སུ་བཙུགས། དེ་གར་དེ་ལྟར་ཐོན་ལས་གླིང་ཁུལ་གཉིས་ཆགས་ཡོད་པ་དང་། “ཀུང་སི་དང་ཀྲི་པུའུ་དང་མཉམ་ལས་ཁང་དང་ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་”གཉེར་སྐྱོང་བྱེད་སྟངས་སྤྱད་དེ་མུའུ་རེ་ནས་ལོ་རེར་སྒོར་500ཡི་ཚད་གཞི་ལྟར་ས་ཞིང་མུའུ་12920འཁོར་རྒྱུག་བྱས་པ་དང་མུའུ་4580ཟིན་པའི་འདེབས་འཛུགས་གསོ་སྤེལ་རྟེན་གཞི་དང་མུའུ་8000ཟིན་པའི་སྤྲོ་གསེང་ཞིང་ལས་དཔེ་སྟོན་རྟེན་གཞི་བསྐྲུན། ཐོན་ལས་གླིང་གིས་ལས་ཞུགས་ཀྱི་ལས་གནས་འབོར་ཆེན་མཁོ་འདོན་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་ཁྱིམ་གྱི་ཉེ་འཁོར་དུ་ལས་ཀ་བྱེད་དུ་བཅུག་ཏེ་མང་ཚོགས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་1000ནས་3000བར་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།

 སྡེ་མི་ཚོས་ཞིན་ཧའེ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་འཁོར་ཁང་དུ“ཤིང་ཏོག་ཐུམ་སྒྲིལ”གྱི་འཕྲུལ་ཆས་སྒྲིག་སྦྱོར་ཚོད་ལྟ་བྱེད་བཞིན་པ། 

   སྡེ་མིས་རང་ཁྱིམ་དུ་ལས་ཞུགས་བྱེད་པ་མངོན་འགྱུར་བྱུང་བ། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།