གཞན་ནོར་བརྐུས་པའི་ལེ་ལན་དུ།། ཁྲིམས་མུན་བཙོན་དུ་ཚུད་པ་སྐྱོ།།

རྩོམ་པ་པོ།   མགོན་པོ་བཀྲ་ཤིས།དུས་ཚོད།   2020-05-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བའི་ཉིན་རེའི་གསར་འགྱུར་ཁང་དང་འབར་ཁམས་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་གཉིས་ཀྱིས།  མཉམ་དུ་སྒྲིག་བཟོ་བྱེད་པའི་རྟ་ནོར་རྐུ་འཕྲོག་གི་སྤྱི་ཕན་བརྙན་ཐུང་ལ་གཟིགས་པར་འཚལ།     

    《ཉེས་ཁྲིམས་》ཀྱི་དོན་ཚན་ཉིས་བརྒྱ་དང་རེ་བཞི་བར།  སྤྱི་སྒེར་གྱི་རྒྱུ་ནོར་སོགས་རྐུ་འཕྲོག་བཅོམ་གསུམ་གྱི་མ་རུངས་པའི་ལས་ལ་འཇུག་ཚེ། ལོ་གསུམ་མན་གྱི་ཁྲིམས་མུན་བཙོན་དུ་སྡོད་དགོས། རྒྱུ་ནོར་མང་པོ་དང་གནས་ཚུལ་ཚབས་ཆེན་བཟོས་ཚེ།  ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་ཁྲིམས་མུན་བཙོན་དུ་སྡོད་དགོས་པ་བཀས་བཅད་དོ།།

གོང་གི་འདྲ་པར་འདི་ནི་དྲྭ་ལམ་བཤུས།  

འཇིག་རྟེན་སྐྱོང་བ་རྐུ་བ་རྟག་ཏུ་སྤོངས།། 

དེས་ནི་ལོངས་སྤྱོད་འབྱོར་པ་བརྟན་པ་འཐོབ།།  

སྲོག་ཆེད་ཉོན་མོངས་ཐུན་ཁོལ་བསོགས་བསོགས་པ།། 

གཞན་ནོར་བླངས་པས་དབུལ་པོ་ཉིད་དུ་འགྱུར།།

གོང་གི་འདྲ་པར་འདི་ནི་དྲྭ་ལམ་བཤུས།  

གཞན་ནོར་ལ་སྤྱོད་ན།། དྲིས་ཏེ་གནང་བ་དགོས།།

མ་དྲིས་བཞིན་སྤྱོད་ན།། བརྐུས་དང་ཁྱད་པར་མེད།།

གོང་གི་འདྲ་པར་འདི་ནི་དྲྭ་ལམ་བཤུས།

སྣ་ཡི་ཚབ་དང་ཉོས་པའི་བུ།། 

གཡར་པོའི་རྒྱན་དང་བརྐུས་པའི་ནོར།།

སློབ་དཔོན་མེད་པའི་རིག་པ་རྣམས།། 

ཡོད་ཀྱང་གཞན་གྱིས་བརྩི་བ་མེད།།

གོང་གི་འདྲ་པར་འདི་ནི་དྲྭ་ལམ་བཤུས།

ངོ་ཚ་ཆུང་རྣམས་གཞན་ནོར་ལ།། 

བདག་གི་ཆེ་བ་སྒྲུབ་པ་ཡོད།།

མགྲོན་ལ་གྲོགས་ཀྱི་གོས་བཏིང་ནས།།

 བདག་གི་གུས་རྟགས་སྟོན་པར་བྱེད།།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།