རྒྱལ་ཡོངས་སྲིད་གྲོས་སྐབས་13པའི་གྲོས་ཚོགས་ཐེངས་3པ་མགོ་བརྩམས།

རྩོམ་པ་པོ།   དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མགོ་བརྩམས།  ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཚོགས་འདུར་ཕེབས་པ་དང་། ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུ་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཕྱོགས་དྲུག་ནས་མི་དམངས་སྲིད་གྲོས་ཀྱི་2020ལོའི་བྱ་བར་བཀོད་སྒྲིག་བྱས། ཀྲེན་ཅེན་པང་གིས་གྲོས་གཞིའི་ལས་ཀའི་སྙན་ཞུ་ཕུལ། 


           ཟླ་5ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་ཚུགས་གྲོས་ཚོགས་དེ་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་ཤིང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཚོགས་འདུར་ཕེབས།

ཝང་དབྱང་གིས་སྲིད་གཞུང་གི་བྱ་བའི་སྙན་ཞུ་འབུལ་བཞིན་པ།


         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་ཚུགས་གྲོས་ཚོགས་ཀྱི་ཚོགས་ཞུགས་མི་སྣ་ཡོངས་ནས་སྐར་མ་1ལ་ངག་བསྡམས་ཏེ། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་སྐུ་གཤེགས་པའི་དཔའ་བོ་དང་ཚེ་འདས་སྤུན་ཟླར་སེམས་སྡུག་ཆེན་པོས་མྱ་ངན་ཞུས།

          རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་ཚུགས་གྲོས་ཚོགས་སུ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་ལ་གྲོས་བསྡུར་བྱས་པར་མ་ཟད་གྲོས་འཆམ་བྱུང་། 

         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མགོ་ཚུགས་ཚོགས་འདུར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བྱ་བའི་སྙན་ཞུ་ཕུལ། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།