འབར་ཁམས་ཀྱིས་ཚད་མི་མཐུན་པའི་ཐོན་རྫས་ཚོང་རར་གཏོང་བར་སྔོན་འགོག་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱས།

རྩོམ་པ་པོ།   དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཉེ་ཆར་འབར་ཁམས་གྲོང་ཁྱེར་ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཚོང་རའི་གནས་ཚུལ་ལ་དམིགས་པ་དང་། འགན་ནུས་དང་འགན་འཁྲི་འདོན་སྤེལ་གང་ལེགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སློབ་ཁུལ་2དང་། སྨན་བཅོས་སྒྲིག་གཞི་5།  སྨན་རྫས་ཚོང་ཁང་7། སྒོ་རྩིས་ཚོང་ཁང་2སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱས། 

སྨན་རྫས་ཞིབ་བཤེར་བྱེད་བཞིན་པ། 

       མིག་སྔའི་བར། ཁྱོན་སློབ་གྲྭའི་བཟའ་བཅའ་ཐེངས་67དང་།  སྨན་སྤྱོད་མིན་པའི་འགོག་སྲུང་མཁོ་ཆས་ཐེངས་4། འགོག་བཅོས་སྨན་རྫས་ཐེངས་10། རྒྱ་ལུགས་ཀྱི་སྨན་རྫས(བོད་སྨན་ཚུད་པ)ཐེངས་11། མིག་ཤེལ་རྙིང་བ་ཐེངས་4དང་། ཤིང་བཟོས་ཁྱིམ་ཆས་ཐེངས་3 ། ཉལ་ཁྲིའི་ཐོག་གི་མཁོ་ཆས་ཐེངས་1སོགས་ལ་འཐེན་བཤེར་བྱས།

     རྗེས་སུ། ཅུས་དེས་འཐེན་བཤེར་གྱི་གནས་ཚུལ་ལ་དམིགས་ནས། ལྟ་སྐུལ་དོ་དམ་གྱི་རྩ་དོན་གཞིར་བཟུང་ནས་ཁྲིམས་ལྟར་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ ཐག་གཅོད་ནན་པོ་བྱས་ནས། ཚད་དང་མི་མཐུན་པའི་ཐོན་རྫས་ཚོང་རར་གཏོང་བར་སྔོན་འགོག་བྱས་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ་རེད་དོ།

 རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།