ཚོགས་ཡུན་ཇེ་ཐུང་དུ་བཏང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཉིན་རེའི་གྲོས་རིམ་ཁྱབ་བསྒྲགས་བྱས་པ།

རྩོམ་པ་པོ།   དུས་ཚོད།   2020-05-21   རྩོམ་ཁུངས།   

              རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཁ་སང་ཆུ་ཚོད15ནས་མགོ་ཚུགས་ཤིང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུ་མིན་གྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྨྱན་སྦྱོར་ལ་ད་ཐེངས་ཀྱི་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་ཡང་བརྒྱབ།
             ཀུའོ་ཝུ་མིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་ཟླ་5ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་3པར་མི་དམངས་ཚོགས་ཁང་ཆེན་མོར་འཚོག་རྒྱུ་དང་ཟླ་5ཚེས་27ཉིན་གྱི་ཕྱི་དྲོ་གྲོལ་རྒྱུ་རེད། སྔར་གྱི་འཆར་གཞི་ལས་ཉིན་4དང་ཕྱེད་ཀ་ཇེ་ཐུང་དུ་བཏང་ཡོད།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།