ཧུང་ཡོན་རྫོང་གིས་གཞུང་ལམ་ཉམས་གསོའི་བྱ་བར་སྐུལ་འདེད་བཏང་།

རྩོམ་པ་པོ།   དུས་ཚོད།   2020-05-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

    ཟླ་5ཚེས་13ཉིན་ལམ་ལས་འཕྲུལ་འཁོར་ཆེ་གྲས་ཀྱིས་ཞིང་ཆེན་གཞུང་ལམ་S209ཡི་ལམ་ངོས་སུ་ལས་ཀ་སྒྲུབ།

            ཉིན་ཤས་བསྟུད་མར་ཧུང་ཡོན་རྫོང་ཁོངས་ཀྱི་ཞིང་ཆེན་གཞུང་ལམ་S209དང་ཞིང་ཆེན་གཞུང་ལམ་S301ཡི་ལམ་ཐིག་གཟི་རྩ་ནས་ཧུང་ཡོན་བར་གྱི་གཞུང་ལམ་ཉམས་གསོའི་ལས་གྲྭ་ཆེ་འབྲིང་གོ་རིམ་ལྡན་པར་སྤེལ་བཞིན་ཡོད། ལས་གྲྭ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་150ལྷག་ཙམ་ཡོད། སྔོན་དཔག་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.3བཏང་ནས་ཟླ་7པའི་ཟླ་དཀྱིལ་དུ་ཕྱོགས་ཡོངས་ནས་ལས་ཀ་མཇུག་བསྒྲིལ་རྒྱུའི་འཆར་གཞི་བཀོད།

         ཐེངས་འདིའི་ལས་ཀ་འདི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་འཛུགས་སྐྲུན་གྱི་འདུ་ཤེས་གཙོ་བོར་བཟུང་ཡོད། སྤུས་ཚད་མཐོ་བའི་ལྗང་མདོག་གཞུང་ལམ་གཏོད་རྒྱུ་དམིགས་ཚད་དུ་འཛིན་པ་དང་རྩྭ་ཐང་གི་མཛེས་ལྗོངས་ལམ་བུ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རྩྭ་ཐང་དུ་ལྟ་སྐོར་བྱེད་པར་འགྲོ་ལམ་གྱི་འགན་ལེན་ནུས་ལྡན་བྱས། 

 རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།